Tibetan Royal Year of 2151 | Year of the Wood Dragon

ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་འཐུས་རྣམས་ཀྱི་འདྲི་རྩད་དབུ་འཛུགས།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཀྱི་དབུས་སུ་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་ལས་ཡུན་ནང་ལས་དོན་གང་དག་གནང་བ་དང་གྲུབ་འབྲས་ཇི་སོན་གྱི་ལོ་འཁོར་སྙན་ཐོ་འགོད་འབུལ་གནང་ཟིན་རྗེས་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཡོད།

སྐབས་དེར་ཆོས་རིག་ལས་ཁུངས་ནས་ད་བར་ཕྱིའི་རྒྱལ་ཁབ་ཁག་ལ་རིས་མེད་ཆོས་སྡེ་ཁག་གི་ཆོས་ཚོགས་ཇི་ཡོད་དང་དེ་དག་ལ་འབྲེལ་བ་གསར་འཛུགས་ཐུབ་མིན་སྐོར་ལ་བཀའ་འདྲི་ཕེབས་ཡོད་པ་ལྟར་སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་དོན་གཅོད་ཁག་བརྒྱུད་ནས་ད་བར་རྒྱུས་ལོན་བྱུང་བ་ཆོས་ཚོགས་ ༥༠༠ ཡས་མས་ཤིག་ཆགས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་དེ་དག་ཚང་མར་འབྲེལ་བ་གནང་ཐུབ་ཐབས་མེད་པ་དང་རིམ་པས་དེ་ལྟར་ཐུབ་པར་འབད་བརྩོན་གནང་རྒྱུ་ཡིན་པར་གསུངས་སོང་།

བགྲོ་གླེང་ཐོག་ཆ་ཤས་བཞེས་མཁན་སྤྱི་འཐུས་ཁག་ཅིག་གིས་དགེ་བཤེས་མའི་ལས་རིམ་དང་འབྲེལ་ཆོས་རིག་ལས་ཁུངས་ནས་དགེ་བཤེས་མར་མཐུན་འགྱུར་དང་ཕྱག་འཁྱེར་གནང་སྲོལ་ཡོད་པ་དེ་རིས་མེད་ཆོས་སྡེ་ཁག་སོ་སོ་ནས་སློབ་མཐར་སོན་མཁན་བཙུན་མ་ཚང་མར་གཟིགས་ཕྱོགས་གཅིག་གྱུར་ཐོག་ནས་ཕྱག་འཁྱེར་གནང་རོགས་ཞེས་ཞུས་དོན་ལྟར་ཆོས་རིག་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ད་བར་དགེ་བཤེས་མ་ཙམ་མིན་པར་ཆོས་བརྒྱུད་ཁག་ནས་སློབ་མཐར་སོན་པའི་གནས་ཚུལ་སྙན་སེང་ཞུ་མཁན་རྣམས་ལ་དེ་མཚུགས་ལེགས་སྐྱེས་ཕུལ་བའི་ཁོངས་སུ་གཡུང་དྲུང་བོན་དང་ཤུག་གསེབ་བཙུན་དགོན་གྱི་བཙུན་པ་ཁག་ཅིག་ཆགས་ཀྱི་ཡོད་ཅེས་བཀའ་ལན་དང་སྦྲགས་ཏེ། སླད་མར་ཆད་ལྷག་བྱུང་རིགས་ལ་ཆད་གསབ་གནང་འཐུས་ཡིན་པར་གསུངས་ཡོད།

དེ་བཞིན་ནང་པའི་ལྟ་གྲུབ་ངོ་སྤྲོད་ཀྱི་ལས་རིམ་དང་འབྲེལ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་གྲྭ་ཚང་ཁག་དང་གཞུང་ཁོངས་མིན་པའི་ཚོགས་སྒེར་སོ་སོ་ནས་ཕྱི་རྒྱལ་གྱི་བོད་རིགས་གཞོན་སྐྱེས་ཁྲོད་བོད་ཀྱི་སྐད་ཡིག་དང་ནང་ཆོས་ངོ་སྤྲོད་ཀྱི་སྦྱོང་བརྡར་གནང་རྒྱུར་དམིགས་བསལ་ཐུགས་འགན་བཞེས་བཞིན་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ལེགས་གསོའི་ལེགས་སྐྱེས་གནང་དགོས་པའི་དགོངས་ཚུལ་གསུང་མཁན་བྱུང་བ་བཞིན་ཆོས་རིག་བཀའ་བློན་མཆོག་གིས་གོ་སྐབས་དེ་དང་བསྟུན་ལས་གཞི་དེའི་འགན་ཁུར་བ་ཚང་མར་ལེགས་གསོའི་བསྔགས་བརྗོད་དང་འབྲེལ། ཆོས་རིག་ལས་ཁུངས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོ་རྟོགས་ཀྱི་ལས་གཞི་དང་འབྲེལ་བཞུགས་སྒར་གྱི་ཉེ་འཁྲིས་ས་རཱ་མཐོ་སློབ་གཙོས་མཐོ་སློབ་གཞན་ཁག་ཏུ་དུས་ཚོད་ངེས་ཅན་གྱི་སློབ་སྦྱོང་གནང་མཁན་བོད་རིགས་ཚོར་ཐུན་འགྱུར་གནང་བཞིན་ཡོད་ཅེས་གསུངས་སོང་།

དེ་རིང་གི་བགྲོ་གླེང་ཐོག་སྤྱི་འཐུས་ཁག་ཅིག་གིས་དགོན་སྡེ་ཁག་གི་དཔེ་ཁྲིད་དང་སྒོམ་ཁྲིད་དགེ་རྒན། དེ་བཞིན་བོད་ནས་རྗེས་འབྱོར་བའི་གྲྭ་བཙུན་གྱི་སློབ་ཡོན་གནད་དོན་ཐོག་བཀའ་འདྲི་ཕེབས་སྐབས་ཆོས་རིག་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༡༩ ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་དང་ཨི་ཊ་ལི་ནང་གི་རོགས་ཚོགས་ཤིག་བརྒྱུད་ཆོས་རིག་ལས་ཁུངས་ཀྱིས་དཔེ་ཁྲིད་དགེ་རྒན་སོགས་ལ་ལེགས་གསོལ་འབུལ་རྒྱུ་བྱུང་ཡོད་ཀྱང་ད་ཆ་དེར་སྤར་ཆ་གནང་ཐུབ་མིན་ད་ལྟའི་གནས་སྟངས་ལ་གཟིགས་ཀྱི་ཡོད་པ་དང་བོད་ནས་རྗེས་འབྱོར་བའི་གྲྭ་བཙུན་རྣམས་ལ་ཟླ་རེར་སློབ་ཡོན་གྱི་རོགས་དངུལ་སྒོར་ ༥༠༠ སྤར་ཡོད་པ་གསུངས་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།