༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་གཏན་ཁེལ་བ།

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་ཕྱི་ཟླ་ ༥ ཚེས་ ༣༠ ནས་ ༣༡ བར་ཉིན་གྲངས་གཉིས་རིང་༸བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་གཏན་ཁེལ་འདུག

༸བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་གཉིས་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་སང་ཉིན་ཕྱི་ཚེས་ ༣༠ ཉིན་སྔ་དྲོ་༸གོང་ས་མཆོག་གིས་༸བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང་བོད་སློབ་ཁག་གི་བོད་ཕྲུག་སློབ་མ་རྣམས་ཀྱིས་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྐྱབས་འགྲོ་ངོ་སྤྲོད་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༣༡ ཉིན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་གཏན་ཁེལ་ཡོད་པ་རེད།

རྩ་བའི་ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་རྡ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུས་ཏེ་༸བཞུགས་སྒར་དུ་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཚོགས་ཀྱི་ཡོད་པ་དང་། ལས་རིམ་གོ་སྒྲིག་གནང་མཁན་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་དོན་ལྟར། འདི་ལོའི་ནང་ཆོས་ངོ་སྤྲོད་ཐེངས་ ༡༧ ཐོག་ཧི་མ་ཅལ་མངའ་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ལྔའི་འཛིན་རིམ་དགུ་པ་ནས་བཅིུས་བར་གྱི་བོད་རིགས་སློབ་མ་ཁྱོན་ ༡༠༠༠ ལྷག་དང་། རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་ ༡༧ ཙམ་ནས་བོད་རིགས་སློབ་མ་ ༣༠༠ སྐོར། དེ་བཞིན་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནས་མི་གྲངས་ ༢༠༠ དེ་མིན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་སོགས་ནས་མཉམ་ཞུགས་གནང་གི་ཡོད་པ་གསུངས་སོང་།

༸གོང་ས་མཆོག་གིས་སང་ཉིན་ནས་དབུ་འཛུགས་ཀྱིས་ཉིན་གཉིས་རིང་གསུང་ཆོས་བཀའ་དྲིན་སྩལ་གནང་གི་ཡོད་པ་དེ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་ Dalialama.com ཐོག་ཐད་གཏོང་གནང་གི་འདུག་པ་མ་ཟད།  གསུང་ཆོས་རིང་བོད་སྐད་དང་། རྒྱ་སྐད། ཧིན་དྷི། དབྱིན་སྐད། སོགས་སྐད་རིགས་འདྲ་མིན་ ༡༥ ཙམ་ནང་གསུང་བསྒྱུར་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།