Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གནད་དོན་ནི་རྒྱ་གཞུང་གིས་སེལ་ཐུབ་པའི་གནད་དོན་ལས་སླ་ཤོས་དེ་རེད།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཁ་སང་ཕྱི་ཚེས་ ༡༦ ཉིན་ཨ་རི་རྒྱལ་ས་ Washington, D.C ནང་རྟེན་གཞི་བྱས་པའི་ National Endowment for Democracy འམ་རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་དྲ་ལམ་བརྒྱུད་བཙན་བྱོལ་ནང་གི་མང་གཙོ་ཞེས་པའི་བརྗོད་གཞིས་གཙོས་སྲིད་སྐྱོང་མཆོག་གི་མ་འོངས་འཆར་སྣང་དང་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་གནད་དོན་ཐོག་ཆུ་ཚོད་གཅིག་མ་ཟིན་ཙམ་གྱི་བགྲོ་གླེང་གནང་བའི་ཁྲོད་སྲིད་སྐྱོང་མཆོག་གིས་ང་ཚོས་དབུ་མའི་ལམ་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་དེ་ནི་གཉིས་ཕན་གྱི་འཚེ་མེད་ཞི་བའི་སྒོ་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ལྟར་རྩོད་བཞིན་པ་ཞིག་ཡིན་སྟབས་དེ་ནི་རྒྱ་ནག་གཞུང་གིས་སེལ་དགོས་པའི་གནད་དོན་ལས་སླ་ཤོས་ཤིག་ཡིན་པར་གསུངས་འདུགབགྲོ་གླེང་དེ་ནི་ཨ་རིའི་ Washington Post གསར་ཤོག་གྱི་རྩོམ་སྒྲིག་པ་ Josh Rogin ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། ཁོང་གིས་སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བོད་རྒྱ་ཞི་མོལ་གྱི་གནད་དོན་དང་འབྲེལ་ནས་ ༢༠༡༧ ལོའི་ལྔ་དང་ལྔ་བཅུའི་འཆར་སྣང་ལྟར་ལོ་ངོ་ལྔའི་ནང་བོད་རྒྱ་གྲོས་མོལ་གནང་ཐབས་གནང་རྒྱུའི་ལས་དོན་གཙོ་བོར་བཟུང་ཡོད་ཀྱང་། ལོ་ངོ་ལྔ་དེ་རྫོགས་ལ་ཉེ་བ་ཞིག་ཆགས་ཀྱི་ཡོད་སྟབས་སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་བོད་རྒྱ་གྲོས་མོལ་བྱ་རྒྱུའི་འདུན་པ་ཡོད་མེད་གཟིགས་ཚུལ་དང་། ལྷག་པར་དུ་སྲིད་སྐྱོང་གསར་པར་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་ཐབས་ལམ་གང་ཞིག་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ཁོང་ནས་སྲིད་སྐྱོང་གྱི་ཐུགས་འགན་བཞེས་ནས་ཉིན་ཞག་བཅུ་གྲངས་ལས་སོང་མེད་སྟབས་ཐབས་བྱུས་དང་ཐབས་ལམ་འདི་འདྲ་ཞིག་གི་ཐོག་ནས་གནང་རྒྱུ་ཡིན་ཞེས་གསུངས་རྒྱུ་ནི་ཏོག་ཙམ་སྔ་དྲག་ཡོད་པ་དེ་ལྟར་ནའང་། ལར་ནས་ཁོང་གིས་འཚེ་མེད་ཞི་བ་དང་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་རྒྱ་ནག་དང་འབྲེལ་བ་གནང་ཐབས་སླད་ཐབས་ལམ་ཡོད་པ་ཡོངས་རྫོགས་ལ་བརྟེན་རྒྱུའིའདུན་པ་ཡོད་པ་མ་ཟད། ང་ཚོས་དྲག་སྤྱོད་རིགས་གཏན་ནས་སྤེལ་གྱི་མེད་པའི་ཁར་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མཐུན་པའི་སྒོ་ནས་བོད་དེ་རྒྱ་ནག་ནས་ཁ་བྲལ་ཡང་རྩོད་ཀྱི་མེད་སྟབས། བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་གཞུང་གིས་སེལ་ཐུབ་པའི་གནད་དོན་ལས་སླ་ཤོས་ཤིག་རེད་ལ། རྒྱ་ནག་གི་ངོས་ནས་ཀྱང་གནད་དོན་དེ་རྟོགས་ཐུབ་པའི་ཡིད་ཆེས་གནང་བཞིན་ཡོད་སྐོར་གསུངས་འདུགསྲིད་སྐྱོང་མཆོག་གིས་ད་དུང་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དམ་དྲག་ཇེ་ཤུགས་ཇེ་ཆེར་གཏང་རྒྱུ་གཙོས་བོད་རྒྱ་འབྲེལ་མོལ་སླད་ཆ་རྐྱེན་མང་དག་ཅིག་ཆེད་བཏོན་བྱེད་བཞིན་ཡོད་ཀྱང་། ཉེ་ལམ་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་ལ་གསར་མཇལ་ཞུས་སྐབས་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་ནང་ཆོས་མཇལ་ལ་ཕེབས་རྒྱུ་དང་༸སྐུའི་འཁྲུངས་ཡུལ་སྟག་མཚེར། དེ་བཞིན་ལྷ་ས་བཅས་སུ་ཆིབས་བསྒྱུར་བསྐྱངས་རྒྱུའི་ཐུགས་རེ་མཛད་ཀྱི་ཡོད་སྐོར་བཀའ་ཕེབས་དོན་ལྟར་སྲིད་སྐྱོང་མཆོག་སྐུ་སྒེར་ནས་ཀྱང་དེ་སྔ་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས་སུ་དེ་འབྲེལ་འཆར་སྣང་ཡོད་པ་བཞིན་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་སྟེ་མགོན་པོ་༸གང་ཉིད་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུར་འབད་བརྩོན་གནང་རྒྱུ་དང་། མགོན་པོ་མཆོག་རྒྱ་ནག་ལ་གདན་འདྲེན་ཞུས་ཐུབ་ན་རྒྱ་ནག་གཞུང་གི་དཔོན་རིགས་དང་ལྷན་དུ་བཀའ་མོལ་མཛད་ཐུབ་རྒྱུ་ཙམ་མ་ཟད་མ་འོངས་མདུན་བསྐྱོད་གནང་རྒྱུ་ལའང་ལམ་ཁ་ཞིག་ཐོབ་ངེས་ཡིན་སྟབས། ད་ལྟའི་ཆར་གནད་དོན་འདི་དག་གི་ཐད་ལ་འབད་བརྩོན་ཞུ་བཞིན་ཡོད་པར་བཀའ་ལན་གནང་འདུག

གསར་འགོད་པས་བོད་ནང་གི་ད་ལྟའི་གནས་སྟངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཤེས་དགོས་པའི་གནད་དོན་གང་ཡོད་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ཡུ་གུར་དང་ཧོང་ཀོང་གི་གནད་དོན་ལ་གཞིགས་ཚེ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གདིང་ཆའི་སྟེང་དུ་དོ་སྣང་ཆུང་བར་ཆགསབཞིན་ཡོད་ཀྱང་བོད་ནང་དུས་ད་ལྟ་ཡིན་ཡང་དྲག་གནོན་གྱི་གནས་སྟངས་ཛ་དྲག་ཆེན་པོ་ཡོད་པ་དང་། ལྷག་པར་དུ་བོད་མིའི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གཙོས་རྒྱ་ནག་རང་ཉིད་ཀྱི་བདེ་རྩར་ཐུག་པའི་བོད་ཀྱི་ཁོར་ཡུག་སོགས་རྩ་མེད་བཏང་དང་གཏོང་བཞིན་ཡོད་པ་ནི་ཆེས་ཛ་དྲག་ཡིན་སྐོར་གསུངས་པ་དང་འབྲེལ། བོད་ཀྱི་གནད་དོན་སེལ་ཆེད་དུས་ཚོད་རྫོགས་འགྲོ་གི་ཡོད་པ་དང་ད་དུང་ལོ་ངོ་ཉི་ཤུ་དང་སུམ་ཅུའི་རིང་ལ་བོད་ཀྱི་གནད་དོན་དེ་སེལ་མ་ཐུབ་པར་བོད་མི་རྣམས་རང་ཡུལ་ལ་ཕྱིར་ལོག་མ་ཐུབ་པར་དེ་མུར་ལྷག་ཚེ་མ་འོངས་དབུ་མའི་ལམ་གྱི་སྒོ་ནས་བོད་དོན་རྩོད་རྒྱུ་དེ་ཡང་ཁག་པོ་ཆགས་རྒྱུ་ཡིན་པར་བཀའ་ལན་གནང་འདུག

དེ་བཞིན་སྲིད་འཛིན་ Joe Biden གྱི་སྲིད་གཞུང་སྟེ་ཨ་རིའི་གཞུང་ལ་རེ་བ་ཅི་ཞིག་གནང་གི་ཡོད་པ་དང་དེབཞིན་༸སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་སྐོར་བཀའ་འདྲི་ཞུས་སྐབས་ལོ་ངོ་ཉི་ཤུའི་གོང་ནས་ཨ་རིའི་གཞུང་གིས་ཕྱི་སྲིད་ལས་ཁུངས་སུ་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུ་དང་རིམ་བཞིན་ཨ་རིའི་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་སོགས་ཀྱི་མཐུན་འགྱུར་གནང་བ་ནི་ཨ་རིའི་གཞུང་ཁོ་ན་མ་མཏོགས་གཞན་གང་དུ་ཡང་བྱུང་མེད་པ་རེད། དེ་ནི་ཨ་རིའི་གཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་མཚོན་རྟགས་ཤིག་ཡིན་པས་བཀྲིན་ཆེན་པོར་ངོས་འཛིན་ཞུས་པ་དང་ཆབས་ཅིག་ཏུ་ཨ་རིའི་གཞུང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་བཞག་གནང་བའི་རེ་བ་ཡོད་པ་ལྟར་ཁོང་གིས་ཡུ་རོབ་ལ་སོགས་པའི་བློ་མཐུན་རྒྱལ་ཁབ་དང་ལྷན་དུ་བོད་དོན་སླད་ཕྱག་ལས་གནང་རྒྱུའི་ཐུགས་རེ་གནང་བཞིན་པ་དང་། ལྷག་པར་ཉེ་ལམ་ནས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ཐོག་འཛིན་པའི་བཞེངས་ཕྱོགས་ལའང་འགྱུར་བ་ཕྲན་བུ་མངོན་རྒྱུ་ཡོད་སྟབས། ཡུ་རོབ་ནང་དུའང་བོད་དོན་ཐད་ཨ་རི་བཞིན་གནང་སྐྱོང་ཡོང་བར་ཤུགས་སྣོན་གནང་རྒྱུ་ཡིན་སྐོར་གསུངས་འདུགདེ་བཞིན་༸སྐུའི་ཡང་སྲིད་དང་འབྲེལ་བའི་དབཀའ་འདྲིར་བཀའ་ལན་གནང་སྐབས་རྒྱ་གཞུང་གི་ངོས་ནས་གནད་དོན་དེ་ཆབ་སྲིད་ཀྱི་ལག་ཆར་བོད་ཀྱི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཀྱི་འགན་དབང་ཡོངས་རྫོགས་བོད་བརྒྱུད་ནང་བསྟན་འཛིན་མཁན་ཚོར་ཡོད་པ་ལས་རྒྱ་ནག་གཞུང་ལ་གཏན་ནས་མེད་པ་མ་ཟད། སྲིད་སྐྱོང་གི་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ལའང་མེད་པ་དང་སྤྱིར་གནད་དོན་དེའི་ཐོག་དེ་སྔ་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་བཀའ་གང་གནང་བ་དེ་ད་ལྟ་རང་གསོར་གནས་པ་དང་རྒྱ་གཞུང་གིས་དེ་འབྲེལ་དངོས་ཡོད་གནས་སྟངས་གཞི་བཅོལ་དགོས་པ་ལས་ལོ་རྒྱུས་ལ་འཁྱོག་བཤད་སོགས་བྱེད་མཚམས་འཇོག་དགོས་པར་གསུང་འདུགརྩ་བའི་ཁ་སང་གི་བགྲོ་གླེང་ལས་རིམ་དེ་དབུ་འཛུགས་མ་གནང་གོང་ National Endowment for Democracy འམ་རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་ཚོགས་གཙོ་འཁྱུར་ལ་ཉེ་བ་སྐུ་ཞབས་ Carl Gershman ལགས་ཀྱིས་སྲིད་སྐྱོང་གསར་པར་འཚམས་འདྲི་དང་སྲིད་སྐྱོང་མཆོག་གི་མ་འོངས་ཕྱག་ལས་མཐའ་དག་ལམ་ལྷོང་ཡོང་བར་རེ་སྨོན་ཞུས་པ་ལྟར་སྲིད་སྐྱོང་མཆོག་གིས་ཀྱང་ Carl Gershman ལགས་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།