Tibetan Royal Year of 2151 | Year of the Wood Dragon

བོད་ནང་དུ་རང་བྱུང་གི་གནོད་འཚེ་ཅི་བྱུང་ཐད་ཕྱི་གསལ་ནང་གསལ་བཟོ་དགོས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

དེ་རིང་སྐབས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ལས་ཉིན་ ༢ པའི་སྔ་དྲོའི་ཚོགས་དུས་ཐོག་ཁ་སང་གྲོས་ཚོགས་སུ་སྙན་སྒྲོན་དང་གྲོས་བསྡུར་དབུ་འཛུགས་གནང་སྟེ་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་རང་བྱུང་ཁོར་ཡུག་དང་འབྲེལ་བའི་གནོད་འཚེ་གང་དང་གང་བཏང་ཡོད་པའི་ཐད་ལ་ཕྱི་གསལ་ནང་གསལ་བཟོ་དགོས་པ་སོགས་ཀྱི་དོན་ཚན་ལྔ་ཅན་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་ཅིག་གིས་རྒྱནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་བཏང་བའི་གནས་སྟངས་ཁག་ཐེར་འདོན་གནང་སྐབས་རྒྱ་ནག་གི་བཟོ་གྲྭ་ཁག་དང་མཉམ་ལས་གནང་མཁན་ཨ་རིས་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་བཟོ་གྲྭ་དེ་དག་གི་བྱེད་སྟངས་རྣམས་མངོན་གསལ་གནང་བའི་ཐོག་ནས་འབྲེལ་ཡོད་བཟོ་གྲྭ་དེ་དག་ལ་བོད་ཀྱི་ཁོར་ཡུག་གི་གནས་བབ་དང་གལ་ཆེའི་རང་བཞིན་ཁག་འགྲེལ་བརྗོད་གནང་གལ་ཡིན་པ་མ་ཟད་ལྷག་པར་དུ་ཞུ་གཏུག་སོགས་དང་འབྲེལ་བའི་ཡིག་ཆར་གནད་དོན་ཁ་གསལ་བཀོད་དགོས་པ་སོགས་གསུངས་ཡོད། སྤྱི་འཐུས་ཁག་ཅིག་ནས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་བཏང་བ་དེས་བོད་ནང་ཙམ་མ་ཚད་པར་རྒྱ་ནག་གིས་གཙོས་པའི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་དང་འཛམ་གླིང་སྤྱིའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གནས་བབ་ལའང་མཇུག་འབྲས་ངན་པ་ཐེབས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཡིག་ཆ་ཁག་བརྙན་ཐུང་སོགས་ཀྱི་བརྒྱུད་ནས་བོད་ཀྱི་ཁོར་ཡུག་གི་གོ་རྟོགས་ལས་གཞི་སྤེལ་དགོས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པ་ནང་ལ་དེ་འབྲེལ་ལས་བྱེད་གསོ་སྐྱོང་། གཞོན་སྐྱེས་རྣམས་ལ་བོད་ཀྱི་ཁོར་ཡུག་གི་གནད་དོན་སྐོར་གོ་རྟོགས་སྤེལ་གལ་ཡིན་པ་སོགས་གསུངས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ནང་ལ་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་ཞིག་ཕེབས་པ་དེར་རྒྱབ་སྐྱོར་གནང་བ་དང་སྦྲགས། རྒྱ་ནག་གཞུང་ནས་ད་བར་བོད་ནང་ལ་ཤིང་ནགས་གཅོད་འབྲེག་དང་། ཆུ་མཛོད་གསར་རྒྱག འཛུགས་སྐྲུན་གྱི་ལས་གཞི། དེ་བཞིན་གྲོང་ཁྱེར་ཅན་བཟོ་རྒྱུའི་སྲིད་བྱུས་ཞེས་པ་སོགས་ལག་བསྟར་བྱས་ཏེ་བོད་ཀྱི་ས་བབ་དང་རྩ་ཐང་སོགས་ཀྱི་རང་བྱུང་ཁོར་ཡུག་གི་གནས་བབ་ལ་གནོད་སྐྱོན་ཆེན་པོ་བཏང་དང་གཏོང་བཞིན་པ་དེས་བོད་མཐོ་སྒང་གི་གནས་བབ་ཙམ་མིན་པར་རྒྱ་ནག་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཁོར་ཡུག་གནས་སྟངས་དང་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་སོགས་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།སྲིད་སྐྱོང་མཆོག་གིས་ད་དུང་བགྲོ་གླེང་ཁྲོད་སྤྱི་འཐུས་རྣམ་པས་དགོངས་ཚུལ་གསུངས་པ་དང་འབོད་སྐུལ་ཞུས་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཉམས་ཞིབ་ཀྱི་ལས་དོན་དང་ཡིག་ཆ་ཕྱོགས་སྒྲིག འགྲེམས་སྤེལ་སོགས་ཀྱི་ཐོག་སྔར་ལྷག་འབད་བརྩོན་དང་ལྷག་དོན་འབྱུང་འགྱུར་ཨ་རིར་ཕེབས་སྐབས་སུ་ཨ་རིའི་ཁོར་ཡུག་ཐད་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ John Kerry ལགས་དང་མཇལ་འཕྲད་ཞུས་ནས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཐོག་བཀའ་མོལ་གནང་འཆར་ཡོད་པ་སོགས་གསུངས་ཡོད། དེ་བཞིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྤྱི་འཐུས་རྣམས་ཀྱིས་གསུངས་པའི་དགོངས་ཚུལ་ལམ་སྟོན་ཁག་ལ་འབད་རྩོན་གནང་ངེས་ཡིན་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་ཡོད། སྤྱི་འཐུས་རྣམ་པའི་བགྲོ་གླེང་དང་འབྲེལ་ཡོད་འཛིན་སྐྱོང་གི་དགོངས་འཆར་ཁག་གནང་གྲུབ་མཚམས་སུ་སྤྱི་འཐུས་རྣམ་པས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་། གཞི་རྩའི་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ནང་། རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་རྗེས་སུ་བོད་ནང་དུ་ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་སྔོག་འདོན་། གཙང་ཆུ་བཀག་སྐྱིལ། ལམ་ཆེན་དང་ལྕགས་ལམ། དེ་བཞིན་གནམ་ཐང་གསར་སྐྲུན་སོགས་ལ་ཁག་དཀྲི་ནས་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་བཏང་བའི་དབང་གིས་བོད་ནང་ནད་ཡམས་དང་མུ་གེ ས་རུད། ཆུ་ལོག ས་འགུལ་བྱུང་བ་སོགས་རང་བྱུང་ཁོར་ཡུག་གི་གནོད་འཚེའི་གོད་ཆག་སྔར་འབྱུང་མྱོང་མེད་པ་ཡང་ཡང་འཐོན་བཞིན་པ་སོགས་ཐེར་འདོན་དང་སྦྲགས། འཛམ་གླིང་སྤྱི་དང་གླིང་ཆེན་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་སྤྱི་ཚོགས་དང་དཔལ་འབྱོར། ཁོར་ཡུག་གི་གནས་བབ་སོགས་བརྟན་ལྷིང་ཡོང་ཐབས་སུ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སླར་གསོ་དང་། རྒྱ་ནག་གཞུང་ནས་བོད་མིའི་ཡ་རབས་བཟང་པོའི་གོམས་གཤིས་སུ་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ལ་བརྩི་བཀུར་ཞུས་ཏེ་བོད་ནང་གི་བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར་ཁྲིམས་འགལ་གྱི་ཉེས་འཛུགས་བྱེད་མི་ཆོག་པ་དང་། རྒྱ་ནག་གཞུང་གིས་རང་སྐྱོན་འགེབས་སྲུང་ཁོ་ན་བྱས་ནས་མ་བསྡད་པར་བོད་ནང་དུ་རང་བྱུང་གི་ཁོར་ཡུག་གི་གནོད་འཚེ་ཅི་བྱུང་ཐད་ཕྱི་གསལ་ནང་གསལ་བཟོ་དགོས་པ་སོགས་དོན་ཚན་ལྔ་ཅན་ཆེད་བཀོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།