Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་ཕྱི་ཟླ་ ༣ ཚེས་ ༨ དེ་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་ཉིན་མོ་དེ་སྲུང་བརྩི་དང་འབྲེལ་སྲིད་སྐྱོང་མཆོག་གིས་བཙན་གཡེམ་དང་རྩུབ་སྤྱོད་སོགས་ཀྱི་གནད་དོན་ལ་བཟོད་སྲན་ཀླད་ཀོར་དང་མཐའ་ཤལ་གྱི་བྱ་སྤྱོད་འདི་རིགས་སྤེལ་མཁན་ལ་ཉེས་ཆད་འགེལ་དགོས་ཞེས་གསུངས་སོང་།

Womens Day

དེ་ཡང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་སུ་གཏོགས་པའི་བེུད་ནུས་སྟོབས་གོང་སྤེལ་ཚན་པས་གོ་སྒྲིག་འོག་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣.༣༠ ཐོག་སྲིད་སྐྱོང་ཚོགས་ཁང་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་དབུས། བདེ་སྲུང་བཀའ་བློན་མཆོག་དང་དབུས་འོས་བསྡུ་འགན་འཛིན་མཆོག དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུ་བཅས་ལྷན་འཛོམས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་བེུད་ཉིན་མོའི་བརྗོད་གཞི་གཙོ་བོ་ Invest in Women: Accelerate Progress འམ་ཡར་རྒྱས་མྱུར་སྐྱོབ་ཆེད་བེུད་ཐོག་མ་རྩ་འཛུགས་དགོས་ཞེས་གཏན་འབེབས་གནང་དོན་ལྟར་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི་ཞུས་སོང་།

Womens Day

སྐབས་དེར་བེུད་ནུས་སྟོབས་གོང་སྤེལ་ཚན་པས་དེ་སྔའི་ཚོགས་ཆེན་སྐབས་ཀྱི་ཚོགས་བཅར་བའི་དགོངས་འཆར་ཕྱོགས་བསྡུས་གནང་བ་དེ་སྒྲོག་སྦྱང་གནང་བ་དང་སྦྲགས། ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགས་ཀྱིས་དེ་རིང་གི་ཉིན་མོ་བརྒྱུད་བོད་མིའི་སྤྱི་ཚོགས་ཁྲོད་འགོ་ཁྲིད་དང་གཟིགས་སྐྱོང་གནང་མཁན། བཟང་ཕྱོགས་ཀྱི་འགྱུར་ལྡོག་བསྣམས་ཕེབས་མཁན་བེུད་རྣམས་ཀྱི་སྙིང་སྟོབས་དང་ལེགས་སྐྱེས་ལ་ཆེ་བསྟོད་ཞུས་སོང་།

Womens Day

སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་གི་ཉིན་མོའི་གལ་གནད་སྐོར་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་འདས་པའི་ལོ་ ༦༥ རིང་བཙན་བྱོལ་ནང་ཕོ་མོ་དབྱེར་མེད་ཀྱིས་སྤྱི་ཚོགས་གསོ་སྐྱོང་གནང་བའི་བརྒྱུད་ཆབ་སྲིད་ཀྱི་འགོ་ཁྲིད་ཁྲོད་བེུད་མང་དག་ཕེབས་ཐུབ་པ་བྱུང་ཡོད་པ་ངོ་སྤྲོད་དང་འབྲེལ། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བྱུང་བའི་བཙན་གཡེམ་ཀྱི་གནད་དོན་ཐད་བོད་མིའི་སྒྲིག་འཛུགས་ཀྱིས་བཟོད་སྲན་ཀླད་ཀོར་ཡིན་པ་བསྐྱར་ནན་དང་ཐ་ཤལ་གྱི་བྱ་སྤྱོད་དེ་སྤེལ་མཁན་ལ་ངེས་པར་ཉེས་ཆད་འགེལ་དགོས་ཞེས་ནན་བརྗོད་གནང་བ་མ་ཟད། བྱ་ངན་འདིའི་རིགས་འགོག་ཐབས་སླད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་ཆེད་འཛུགས་གནང་བའི་ནང་མོལ་ཚོགས་ཆུང་དེ་དག་ལག་ལེན་ཚད་ལྡན་ཡོང་མིན་ཐོག་རྟོགས་ཞིབ་དགོས་པ་དང་ཆབས་ཅིག བེུད་ནུས་སྟོབས་གོང་སྤེལ་ཚན་པའི་ངོ་བོ་དང་མིང་། བྱེད་ལས་རྣམས་ནུས་པ་ལྡན་པ་ཞིག་བཟོ་དགོས་གལ་ཡིན་པ་གསུངས་སོང་།

Womens Day

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་དེ་རིང་གི་ཉིན་མོ་འདི་བརྒྱུད་བེུད་རྣམས་ལུས་སེམས་བདེ་ཐང་དང་ཤེས་ཡོན་ཅན། ནུས་པ་ལྡན་པ་ཞིག་སྐྱེད་བསྲིང་ཡོང་རྒྱུའི་ཐོག་མ་འཛུགས་གནང་ཐུབ་པ་ཡིན་ན་ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ་བཅས་ཡར་རྒྱས་ཡོང་བར་ཕན་རླབས་ཆེན་པོ་ཡོད་སྟབས་བེུད་ཚོས་རང་ཉིད་ཀྱི་ནུས་པ་སྐྱེད་བསྲིང་ཐུབ་པར་འབད་བརྩོན་གནང་དགོས་པའི་གཞེན་སྐུལ་གནང་སོང་།

གཞན་ཡང་དེ་རིང་གི་ཉིན་མོ་དང་བསྟུན་དབུས་ས་གཉིས་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་ཀྱང་དེ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་བཞུགས་སྒར་མེག་གྷན་ཁྲོམ་གཞུང་གི་བཞི་མདོར་ཉིན་མོ་འདི་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སྤེལ་ཏེ་རྒྱལ་སྤྱིའི་བེུད་ཉིན་མོ་སྲུང་བརྩི་ཞུས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།