མགོན་པོ་སྐྱིད་ལགས་ཀྱི་ཞུ་གཏུག་ལ་ཁྲིམས་ཁང་ནས་དྲང་བདེན་གྱི་ཐག་གཅོད་བྱུང་མ་སོང་གསུངས་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཉེ་བའི་ལོའི་ནང་མཐོ་རིམ་མི་མང་ཁྲིམས་ཁང་གི་མདུན་དུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཆེད་དུ་ཞི་བའི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་བའི་ཁྲོད་ལྷ་ས་ས་གནས་ཉེན་རྟོག་པས་ཁོང་གང་བྱུང་འཛིན་བཟུང་དང་བཙོན་འཇུག་ཁྲོད་ཉེས་རྡུང་ཚད་མེད་བཏང་ཡོད་པར་བརྟེན་ཁོང་གི་ཉེན་རྟོག་པའི་བྱ་སྤྱོད་དེ་ཁྲིམས་ཁང་ལ་ཞུ་གཏུག་གནང་ཡོད་ཀྱང་། དྲང་བདེན་གྱི་ཐག་གཅོད་གང་ཡང་བྱུང་མེད་པའི་གནས་ཚུལ་ཐོན་འདུག

Court in Lhasa dismisses Gonpo Kyi’s complaint of police brutality

རྩ་བའི་ཕྱི་ལོ་ ༢༠༡༠ ལོར་ལྷ་ས་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་ཏེ་རྡོ་རྗེ་བཀྲ་ཤིས་ལགས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་ལྟར།  ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་རྡོ་རྗེ་བཀྲ་ཤིས་ལགས་གློད་བཀྲོལ་ཡོང་ཐབས་སུ་ཞུ་གཏུག་ལན་མང་གནང་ཡོད་པའི་ཁྲོད། སྐབས་མང་པོར་ཁོང་མོར་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་བའི་གནས་ཚུལ་ཐོན་ཡོད་ལ། ལྷག་པར་སྔ་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢༠ ཉིན་མགོན་པོ་སྐྱིད་ལགས་དང་ཁོ་མོའི་བཟའ་ཟླ་གཉིས་ལྷ་ས་ས་གནས་ཉེན་རྟོག་པས་བཙོན་འཇུག་བྱས་པའི་སྐབས་བཙོན་ཁང་དུ་ཁོང་གཉིས་ལ་ཉེས་རྡུང་བཏང་ཡོད་པ་མ་ཚད་པར་སྨན་ཁང་དུ་འགྲོ་རྒྱུའི་ཆོག་མཆན་ཡང་སྤྲད་མེད་སྟབས། དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་གྱི་མེད་པ་དང་བཅས། ཉེན་རྟོག་པའི་བྱ་སྤྱོད་དེ་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་ལྷ་ས་གྲོང་ཁྱེར་གྱི་ Chengguan རྫོང་མི་མང་ཁྲིམས་ཁང་དུ་ཁྲིམས་གཏུག་གནང་ཡོད་པ་རེད།

ཁ་སང་འདི་ག་རླུང་འཕྲིན་ཁང་ལ་མགོན་པོ་སྐྱིད་ལགས་ཀྱི་ཁྲིམས་གཏུག་དང་འབྲེལ་འདི་ཚེས་ ༢༠  ཉིན་བཀོད་པའི་ཁྲིམས་ཁང་གི་བཅད་ཁྲའི་ཡིག་ཆ་དེ་རག་སོན་བྱུང་བའི་ནང་དུ། ལྷ་ས་གྲོང་ཁྱེར་ Chengguan རྫོང་མི་མང་ཁྲིམས་ཁང་གིས་མགོན་པོ་སྐྱིད་ལགས་ཀྱི་ཁྲིམས་གཏུག་ལ་ངོས་ལེན་དང་། ལྷག་པར་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་གྱོད་གཞི་འདིའི་ཐོག་ཁྲིམས་ལུགས་དང་མཐུན་པའི་ཁྲིམས་ར་འཚོགས་རྒྱུ་ཡིན་ལུགས་བཤད་ཡོད་པ་དེ་ལྟར་ཡང་། གོང་ཞུས་ཁྲིམས་ཁང་གིས་མགོན་པོ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ནས་བཟུང་རང་ཉིད་ཀྱི་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ཀྱི་གནད་དོན་ལ་དྲང་བདེན་གྱིས་ཐག་གཅོད་སླད། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གཙོས་ས་གནས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་རྩར་འཕྲད་དར་རིགས་བསྣམས་པ་དང་ཕྱག་འཚལ་བ་སོགས་ཀྱི་ཞུ་གཏུག་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ། དེས་ས་གནས་ཁྲིམས་ཁང་དང་ཉེན་རྟོག་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་ལ་འགོག་རྐྱེན་བཟོ་ཡོད་ཚུལ་དང་། ཞུ་གཏུག་དེ་དག་གིས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་འཚེ་སྐྱེལ་ཡོད་ཚུལ་བཤད་དེ་ལྷ་ས་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་པ་དང་བཙོན་འཇུག་ཁྲོད་ཉེས་རྡུང་བཏང་བ་དག་ཁྲིམས་མཐུན་ཡིན་ལུགས། དེ་བཞིན་ཁྲིམས་འགལ་དངོས་དོན་གསལ་པོ་མེད་པ་དང་བདེན་དཔང་མེད་ཚུལ་སོགས་བཤད་དེ་མགོན་པོ་སྐྱིད་ལགས་ཀྱི་ཁྲིམས་གཏུག་དེར་ངོས་ལེན་བྱས་མེད་པ་ཅེས་གསལ་འདུག མ་ཟད། མགོན་པོ་སྐྱིད་ལགས་ཀྱིས་ཐེངས་འདིའི་ཁྲིམས་ཐག་དེར་འདོད་བློ་མ་ཁེངས་ཚེ། ཉིན་ ༡༥ ནང་ཚུད་དུ་གྱོད་གཞི་དེ་གོང་རིམ་གྱི་ཁྲིམས་ཁང་ལ་གཏུག་ཆོག་པ་བརྗོད་འདུག

Dorjee-Tashis-Sister-Gonpo-kyi-

དེ་བཞིན་མགོན་པོ་སྐྱིད་ལགས་ཀྱིས་དེ་འབྲེལ་གནད་དོན་ཐོག་བརྙན་ཐུང་ཞིག་བཟོས་པ་དེ་ཕྱིར་གྱར་བྱུང་ཡོད་པ་དང་། བརྙན་ཐུང་དེའི་ནང་མགོན་པོ་སྐྱིད་ལགས་ཀྱིས། ལྷ་སའི་རྒྱ་ནག་ཉེན་རྟོག་པ་རྣམས་ཀྱིས་ཁོ་མོའི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ལས་དོན་རིགས་གང་ཡང་གནང་མེད་ཀྱང་ཁོ་མོར་གང་བྱུང་འཛིན་བཟུང་དང་། ལྷག་པར་བཙོན་འཇུག་ཁྲོད་གཅར་རྡུང་ཚད་མེད་བཏང་ནས་ནད་པར་བཏང་ཡོད་པ་སོགས་མངོན་གསལ་གྱིས། གལ་ཏེ་ས་གནས་རྒྱ་གཞུང་ཉེན་རྟོག་པས་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ཡོད་པའི་དྲང་བདེན་གྱི་ཁྲིམས་བཤེར་གཙོ་བོར་བཟུང་པའི་ཁྲིམས་ཀྱི་ལམ་ལུགས་ལག་བསྟར་མ་བྱས་ཚེ། མུ་མཐུད་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུངས་འདུག

སྤྱིར་དེ་སྔ་རྒྱལ་སྤྱིའི་གྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་དག་གཅིག་གིས་རྒྱ་ནག་གི་རྩ་ཁྲིམས་སུ་ཁྲིམས་ལུགས་དབང་སྒྱུར་གྱི་ཆ་རྐྱེན་ཁག་གསལ་ཡོད་ནའང་རྒྱ་ནག་དམར་ཤོག་ཚོགས་པས་རྩ་ཁྲིམས་ལས་བརྒལ་བའི་ཆེས་མཐོའི་དབང་ཚད་ལོག་པར་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་སྲུང་དང་སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་མིང་ཐོག་ནས་གྱོད་དོན་ཡོད་ཚད་ལ་ཐེ་བྱུས་བྱེད་ཀྱི་ཡོད་པའི་སྐོར་སྙན་ཐོ་རབ་དང་རིམ་པ་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོ་དེ་དག་བརྒྱུད་ནས་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་གྲོས་མཐུན་ལ་ཁས་ལེན་ལག་བསྟར་དགོས་པ་དང་། དྲང་བདེན་གྱི་ཁྲིམས་བཤེར་གཙོ་བོར་བཟུང་པའི་ཁྲིམས་ཀྱི་ལམ་ལུགས་ལག་བསྟར་དགོས་པ། དེ་བཞིན་བཙན་དབང་གི་ནག་ཉེས་ངོས་ལེན་གྱི་ལས་དོན་མཚམས་འཇོག་དང་ཁྲིམས་གཏུག་བརྒྱུད་བདེན་པ་ར་སྤྲོད་མ་བྱས་གོང་དུ་ཉེས་ཅན་པར་ངོས་འཛིན་ཆོག་གི་མེད་པ། ལྷག་དོན་ཞི་བའི་སྒོ་ནས་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་རྐྱེན་གྱིས་གང་བྱུང་འཛིན་བཟུང་བྱས་པའི་བོད་མི་ཡོངས་རྫོགས་གློད་བཀྲོལ་དགོས་པ་སོགས་ཀྱི་འབོད་སྐུལ་དོན་ཚན་ཁག་ཅིག་ཆེད་འདོན་གནང་ཡོད་པ་རེད།

Lin Qilei
Lin Qilei

ལྷག་པར་དེ་སྔ་བོད་ཀྱི་ཆབ་སྲིད་བཙོན་པ་ཨ་ཉག་སེང་སྒྲ་དང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སླད་དུ་ཁྲིམས་རྩོད་གནང་མྱོང་ཡོད་མཁན་ Lin Qilei ལགས་ཀྱིས་རྒྱ་ནག་གི་ཁྲིམས་ཁང་ནི་དམར་ཤོག་ཚོགས་པའི་ལས་ཁུངས་ལྟ་བུ་ཡིན་པ་དང་། དེའང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་དྲག་གནོན་བྱས་པ་ཁོ་ན་མ་གཏོགས། དེའི་ནང་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་ཡོང་ཐུབ་ཐབས་མེད་སྐོར་གསུངས་ཡོད་པ་མ་ཟད། ཨ་རིར་གནས་བཞུགས་རྒྱ་རིགས་ཁྲིམས་རྩོད་པ་ Ting Biao ཡིས་བོད་མི་དང་འབྲེལ་བའི་ཁ་མཆུ་ཅི་འདྲ་ཞིག་ཡིན་རུང་དེ་དག་ཧ་ལམ་ཡོངས་རྫོགས་ཆབ་སྲིད་དང་འབྲེལ་བ་འདོགས་ཀྱི་ཡོད་སྟབས་རྒྱ་རིགས་ཁྲིམས་རྩོད་པ་རྣམས་ཀྱིས་ཁ་མཆུ་དེའི་རིགས་ཁས་ལེན་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། ཁ་མཆུ་ཁས་ལེན་བྱེད་མཁན་ཁྲིམས་རྩོད་པ་རྣམས་རྙོག་དྲ་སློང་མཁན་དང་གཞུང་དང་ལྟ་བ་མི་མཐུན་མཁན་ལ་ངོས་འཛིན་བྱས་པ་མ་ཟད། ཁྲིམས་དཔོན་རྣམས་ཀྱང་རང་དབང་མེད་པར་དཔོན་རིགས་གོང་མའི་ཤུགས་རྐྱེན་འོག་གནས་བཞིན་པ་མངོན་གསལ་གནང་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།