Tibetan Royal Year of 2151 | Year of the Wood Dragon

འཛམ་གླིང་འདི་བདེ་སྐྱིད་དང་ཞི་བདེ་ཅན་ཞིག་ཡོང་ཐབས་སུ་བྱམས་བརྩེ་དགོས་གལ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

དེ་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་ལེ་ཤི་ཡའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་ Datuk Dr. Osman Bakar ལགས་དང་ལྷན་དུ་ནང་ཆོས་དང་ཁ་ཆེ་གཉིས་ཀྱི་དབར་ཐུན་མོང་གི་རིན་ཐང་བྱམས་བརྩེ་དང་སྙིང་རྗེའི་ཐད་བཀའ་མོལ་གནང་བ་དང་སྦྲགས།  སྐབས་དེར་༸གོང་ས་མཆོག་གིས་དེང་རབས་ཀྱི་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་དང་ཞི་བདེ་ཅན་ཞིག་ཡོང་ཐབས་སུ་བྱམས་བརྩེ་ནི་ངེས་པར་དུ་དགོས་ངེས་ཤིག་ཡིན་པ་བཀའ་སྩལ་སོང་།དེ་ཡང་ད་རེས་ཀྱི་གསུང་མོལ་ལས་རིམ་དེ་མ་ལེ་ཤི་ཡའི་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་མ་ལེ་ཤི་ཡའི་ཁ་ཆེ་གཞོན་སྐྱེས་ཀྱི་ལས་འགུལ་ཞེས་པའི་ཚོགས་པ་གཉིས་ནས་ཁ་ཆེ་དང་ནང་པའི་དབར་གྱི་གྲོས་མོལ་ཞེས་པའི་ལས་གཞིའི་འོག་གོ་སྒྲིག་ཞུས་ཡོད་པ་དང་།  ༸མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་ནས་དྲ་ལམ་བརྒྱུད་ལས་རིམ་དེར་ལྷན་བཞུགས་མཛད་སོང་།   སྐབས་དེར་༸གང་ཉིད་མཆོག་གིས་ ༸མགོན་པོ་མཆོག་སྐུ་ན་ཆུང་དུས་ནས་ཁ་ཆེ་དང་དམིགས་བསལ་གྱི་འབྲེལ་བ་ཟབ་མོ་ཡོད་སྐོར་ངོ་སྤྲོད་དང་འབྲེལ།    ད་ལན་མ་ལེ་ཤི་ཡའི་ཁ་ཆེ་དང་འགོ་ཁྲིད་ཚོ་དང་ལྷན་དུ་བཀའ་མོལ་གནང་རྒྱུ་བྱུང་བར་དགའ་བསུ་མཛད་སོང་།༸གོང་ས་མཆོག་གིས་ད་རེས་ཀྱི་བརྗོད་གཞི་དང་སྦྲགས།  ཐོག་མར་༸གང་ཉིད་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞི་ལས་ཆོས་ལུགས་མཐུན་འབྲེལ་གོང་མཐོར་མཛད་རྒྱུའི་སྐོར་འགྲེལ་བརྗོད་མཛད་པ་དང་འབྲེལ།  འགྲོ་བ་མི་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་དང་སྙིང་རྗེ་ལ་བརྟེན་ནས་འཚོ་ཐུབ་ཀྱི་ཡོད་པ་དང་།  ཡང་སྒོས་འཛམ་གླིང་གི་ཆོས་ལུགས་ཡོངས་ཀྱིས་བྱམས་བརྩེ་དང་སྙིང་རྗེའི་བསླབ་བྱ་བསྟན་ཡོད་པ་དང་ཆབས་ཅིག   རྒྱ་གར་ལྟ་བུའི་ནང་མཚོན་ན་གནའ་རབས་ལོ་ངོ་ ༣༠༠༠ ཙམ་ནས་བྱམས་པ་དང་འཚེ་བ་མེད་པའི་ལྟ་གྲུབ་ཅིག་དེ་སྔ་ནས་ཡོད་སྐོར་བཀའ་སྩལ་སོང་།དེ་བཞིན་༸མགོན་པོ་གང་ཉིད་མཆོག་གིས།  དེང་རབས་ཀྱི་འཛམ་གླིང་འདི་བདེ་སྐྱིད་ཅན་ཞིག་དང་ཞི་བདེ་ཅན་ཞིག་ཡོང་ཐབས་སུ་བྱམས་བརྩེ་ནི་ངེས་པར་དུ་དགོས་ངེས་ཡིན་པ་དེ་ལྟར་ཡང་།  འདས་པའི་དུས་རབས་ནང་འགྲོ་བ་མིའི་ནང་སེམས་གོང་འཕེལ་གཏོང་ཐབས་སུ་དེ་ཙམ་གྱི་དོ་སྣང་གནང་མེད་པས།  ད་ལྟའི་མི་རབས་རྣམས་ཀྱིས་ནང་སེམས་གོང་མཐོར་གཏོང་བའི་ཐད་ཐུགས་སྣང་མང་ཙམ་གནང་དགོས་སྐོར་བཀའ་སྩལ་སོང་།  ༸གོང་ས་མཆོག་གིས་ད་དུང་།  དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་ནང་ཕྱི་དངོས་པོའི་སྐོར་བཤད་པ་མ་གཏོགས་ནང་སེམས་གོང་མཐོར་གཏོང་ཐབས་ཐད་གསལ་ཁ་མེད་པ་དང་།  ཡང་སྒོས་ད་ཆ་ཚན་རིག་པ་ཚོས་ཀྱང་ད་ལྟའི་ཤེས་ཡོན་ལམ་ལུགས་ཁྲོད་ནང་སེམས་ཀྱི་ཐད་ཤེས་ཡོན་སློབ་ཁྲིད་དགོས་ངེས་ཅན་དུ་གཟིགས་ཀྱི་ཡོད་སྐོར་བཀའ་སྩལ་སོང་། ༸གོང་ས་མཆོག་གིས་ཁག་ཅིག་གིས་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱེད་ཀྱི་ཡོད་པ་དང་། ཁ་ཆེ་ཁྲོད་ཤི་ཡ་དང་སུ་ནི་གཉིས་དབར་རྩོད་རྙོག་རིགས་ཡོང་གི་ཡོད་པས།  དེ་དག་ནི་ཤིན་ཏུ་བློ་ཕམ་གྱི་གནད་དོན་ཡིན་པས། ཆོས་ལུགས་ལ་དད་པ་ཡོད་མཁན་རྣམས་ནས་ཆོས་ལུགས་མཐུན་འབྲེལ་ཡོང་ཐབས་ལ་འབད་རྩོན་གནང་རྒྱུའི་འགན་ཡོད་སྐོར་བཀའ་སློབ་སྩལ་སོང་།མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་གྲུབ་མཚམས་སུ་སྐུ་ཞབས་ཨོས་མན་བྷ་ཀར་ལགས་གཙོས་པའི་གསུང་མོལ་ནང་མཉམ་ཞུགས་གནང་མཁན་རྣམས་ཀྱིས༸གང་ཉིད་མཆོག་ལ་བྱམས་བརྩེ་ཇི་ལྟར་བསྐྲུན་དགོས་མིན་དང་།  དེ་བཞིན་རང་ཉིད་ཀྱི་ཕྲུ་གུར་བྱམས་བརྩེའི་རིན་ཐང་གང་འདྲ་བསླབ་དགོས་མིན་སོགས་དྲི་བ་ཁག་ཅིག་ཕུལ་བ་མ་ཟད།  སྐུ་ཞབས་ཨོས་མན་བྷ་ཀར་ལགས་ཀྱིས་སྙིང་རྗེ་ནི་ཁ་ཆེའི་ཆོས་ལུགས་ཀྱི་སྙིང་པོ་ཡིན་སྐོར་སོགས་ཀྱི་ཐད་འགྲེལ་བརྗོད་ཡང་གནང་སོང་།དེའི་བར་ན་མགོན་པོ་༸གང་ཉིད་མཆོག་གིས་ཁ་སང་དྲ་ཐོག་བརྒྱུད་འཛམ་གླིང་གི་ཞི་བདེ་གོང་མཐོར་ཐད་ཕྱག་ལས་གནང་མཁན་ཚོར་བཀའ་སློབ་ཅིག་སྩལ་འདུག་པ་དང་།  སྐབས་དེར་༸གོང་ས་མཆོག་གིས་ད་ཆ་ས་ཕྱོགས་གང་སར་མང་ཚོགས་ཀྱིས་ཞི་བདེ་དགོས་གལ་ཅན་དུ་བརྩི་བ་དང་།  ཡང་སྒོས་དེ་སྔའི་དུས་རབས་ནང་རྡུལ་ཕྲན་མཚོན་ཆའི་རིགས་བཟོ་སྐྲུན་ཐད་འགྲོ་གྲོན་ཤུགས་ཆེར་བཏང་ཡོད་པས། ད་ཆ་དེ་འབྲེལ་གྱི་བསམ་བློ་འཁྱེར་སོར་འགྱུར་བ་ཐེབས་ཡོད་པ་མ་ཟད།  ད་ལྟའི་ཆར་འཛམ་གླིང་ཡོངས་ལ་ནད་ཡམས་ཀྱི་དཀའ་ངལ་འཕྲད་པའི་སྐབས་འདིར་ང་ཚོའི་ཚང་མས་ངེས་པར་དུ་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་དགོངས་པ་བཞེས་དགོས་སྐོར་བཀའ་སྩལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།