Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་ཚོགས་སྐྱིད་བརྒྱ་ལྷག་གིས་རྒྱ་ནག་ནས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་སོགས་ཚོགས་པ་དྲུག་མཉམ་འཛོམས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་རྒྱལ་སྤྱིའི་ཚོགས་སྐྱིད་བརྒྱ་ལྷག་གིས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པར་ཡོང་གྲགས་གནང་བ་མ་ཟད། རྒྱལ་སྤྱིའི་ཨོ་ལམ་པིག་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེ་པེ་ཅིང་དུ་འཚོགས་རྒྱུའི་ཐག་གཅོད་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་གསུངས་སོང་།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་དེ་རིང་སུད་སི་ནང་དུ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་བཞིན་ཡོད་པའི་གོ་སྐབས་དང་བསྟུན་རྒྱ་ནག་གིས་བོད་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་ཡོད་དུས་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་ནང་དུ་འཚོགས་རྒྱུའི་འོས་བབ་མེད་པ་མ་ཟད། སྔོན་ཆད་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་དུ་ཨོ་རྩལ་འགྲན་ཚོགས་བསྡུས་བའི་སྐབས་སུ་བོད་མིས་ངོ་རྒོལ་གནང་སྐབས་ཨོ་རྩལ་ལྷན་ཚོགས་ཀྱིས་ ༢༠༠༨ ལོའི་རྗེས་སུ་བོད་ནང་དུ་གུ་ཡངས་དང་ཡར་རྒྱས་འགྲོ་ངེས་ཡིན་པར་བསྒྲགས་ཡོད་ཀྱང་། རྒྱ་ནག་གིས་བོད་ནང་དུ་མུ་མཐུད་དམ་དྲག་སྔར་ལྷག་བྱེད་བཞིན་པར་བརྟེན་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་ནང་དུ་རྩེད་འགྲན་འཚོགས་རྒྱུའི་ས་ཚིགས་བརྗེ་དགོས་པའི་ཞུ་སྐུལ་གནང་ཡོད་པར་གསུངས་སོང་།

དེ་བཞིན་ཚོགས་གཙོས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་མོ་དེ་ནི་བོད་མི་རྣམས་ཀྱིས་མུན་ནག་གི་ཉིན་མོ་ཞེས་ངོས་འཛིན་གནང་ཡོད་པར་ངོ་སྤྲོད་དང་འབྲེལ། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་བོད་མིས་འགོ་ཁྲིད་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག ༡༡༠ ཡིས་གླིང་ཆེན་ལྔའི་རྒྱལ་ཁབ་ ༥༠ ནང་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་སྤྱི་དང་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱིས་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་བཅས་ཀྱི་གནད་དོན་རྩལ་དུ་བཏོན་གྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ་ཡིན་པར་གསུངས་ཡོད།  དེ་རིང་སུད་སི་ཁུལ་གྱི་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་འདུར་ཕུལ་བའི་ཞུ་ཡིག་དེར་རྒྱལ་སྤྱིའི་ཚོགས་སྡེ་ ༡༦༠ ལྷག་གིས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཞུ་ཡིག་ནང་དུ་རྒྱ་ནག་གིས་བོད་ནང་དུ་གསང་བའི་རྟོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་ཡུ་གུར་མི་འབོར་ས་ཡ་གསུམ་ཙམ་བཀག་བསྐྱིལ་བྱས་པ། རྒྱལ་སྤྱིའི་ཁྲིམས་སྒྲིག་བརྩི་མེད་ཀྱིས་ཧོང་ཀོང་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱས་པ། དེ་བཞིན་ནང་སོག་ནང་དུའང་རིག་གཞུང་དང་སྐད་ཡིག་རྩ་གཏོར་བཏང་བ་སོགས་ཀྱིས་མཚོན་པའི་ཐེ་ཝན་ཁུལ་དུ་དམག་ཤུགས་བརྙས་བཅོས་གཏོང་བཞིན་པ་དང་རྒྱ་ནག་གི་ཁྲིམས་རྩོལ་པ་དང་མང་གཙོ་དོན་གཉེར་བ་མང་པོ་འཛིན་བཟུང་བཀག་བསྐྱིལ་བྱས་པ་སོགས་ཕྱོགས་ཡོངས་ཀྱི་གནད་དོན་ལས་རྒྱ་ནག་ནང་དུ་ཨོ་རྩལ་འགྲན་ཚོགས་འཚོགས་རྒྱུའི་འོས་བབ་མེད་སྟབས། ལྷན་ཚོགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༠༨ ལྟར་རྒྱ་ནག་ཏུ་ཨོ་རྩལ་འཚོགས་རྒྱུའི་ནོར་འཁྲུལ་མི་བཟོ་བའི་རེ་སྒུལ་བསྐྱར་ནན་ཞུས་འདུགརྩ་བའི་ཉེ་སྔོན་ནས་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ནང་དུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་མཁན་མང་པོ་བྱུང་ཡོད་པ་དང་། སྐབས་དེར་དབྱིལ་ཡུལ་ནང་དུ་རྒྱ་ནག་གིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་གཏོར་བཏང་ཟིན་སྟབས། ང་ཚོས་ཅིའི་ཕྱིར་རྒྱ་ནག་གི་ཨོ་རྩལ་དེར་འཛུལ་ཞུགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་མཐོར་འདེགས་ལ་རོགས་རམ་བྱེད་དགོས་སམ་ཞེས་འདྲི་རྩད་གནང་ཡོད་པ་མ་ཟད། ལ་ལས་ད་ཆ་ཕྱི་ལོགས་སུ་ཅ་དངོས་ཡོད་ཚད་རྒྱ་ནག་ནས་ཐོན་སྐྱེད་བྱས་པ་ལྟ་བུར་འགྱུར་བཞིན་ཡོད་སྟབས་ང་ཚོས་རྒྱ་ནག་ཏུ་འཚོགས་འཆར་གྱི་ཨོ་རྩལ་འགྲན་བསྡུར་ལ་འཛུལ་ཞུགས་གནང་རྒྱུ་མེད་པ་མ་ཟད་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་དངོས་ཟོག་ཡོད་ཚད་ཉོ་མཚམས་འཇོག་རྒྱུ་དེ་གནད་ཆེན་པོ་ཡིན་སྐོར་གྱི་དགོངས་འཆར་ཡང་གནང་མཁན་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།