Tibetan Royal Year of 2151 | Year of the Wood Dragon

རྔ་བ་ནང་བོད་ཡིག་སློབ་ཚན་ཕུད་པའི་གཞན་རྣམས་རྒྱ་ཡིག་ཁོ་ནའི་ཐོག་ནས་སློབ་ཁྲིད་འགོ་འཛུགས།

Tibetan News Headlines

  • Himachal Chief Minister Sukhwinder Singh Sukhu calls on the Dalai Lama
  • US Senate passes Resolve Tibet Act unanimously
  • FTCI urged to take more responsibility as CTA begins settlement rehabilitation work
  • New Delhi observes Buddha Purnima Divas, Kundeling Rinpoche leads the event
  • China seeks to build world’s largest national park system, targets Tibet

རེས་གཟའ་པ་སངས། ༢༠༢༤།༠༥།༢༤

  • ༸གོང་ས་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་བསྩལ་འདུག
  • ཨ་རིའི་གྲོས་ཚོགས་གོང་མས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་འདུག
  • ད་ལྟའི་གཞིས་སྤོས་ཀྱི་ལས་གཞིའི་ཁྲོད་མཉམ་འབྲེལ་ཁག་གི་འགན་བཞེས་ཕྱོགས་ཐད་དམིགས་བསལ་དགོངས་པ་བཞེས་དགོས་པ་གསུངས་འདུག
  • རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་མཐུན་འགྱུར་འོག་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་སོང་།
  • རྒྱ་ནག་གིས་བོད་ནང་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་དེ་རྒྱག་རྒྱུ་རེད་འདུག

རྒྱ་གཞུང་གིས་སློབ་གསོ་ལམ་ལུགས་གཉིས་པ་ཞེས་པའི་རིག་གནས་བཙན་བསྒྱུར་བྱས་པའི་ཤེས་ཡོན་སྲིད་བྱུས་འོག་བོད་མདོ་སྨད་རྔ་བ་ཁུལ་གྱི་དམའ་རིམ་སློབ་གྲྭ་དང་འབྲིང་རིམ་སློབ་གྲྭ་ནང་བོད་ཡིག་སློབ་ཚན་ཕུད་པའི་ཨ་རྩིས་དང་ཚན་རིག སྤྱི་ཚོགས་རིག་གནས་ལ་སོགས་པའི་སློབ་ཚན་གཞན་ཁག་རྒྱ་སྐད་རྒྱ་ཡིག་ཁོ་ནའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་དངོས་སུ་འགོ་འཛུགས་བྱས་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་སྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་ ༢༠༡༠ ལོར་བོད་མདོ་སྨད་ཁུལ་དུ་རྒྱ་ནག་གཞུང་གིས་སློབ་གསོ་ཐབས་ལམ་གཉིས་པ་ཞེས་པ་དེ་འགོ་འཛུགས་བྱ་རྒྱུའི་གླེང་སློང་བྱུང་ཡང་བོད་མིའི་ཤེས་ཡོན་ཅན་དུ་མས་ངོ་རྒོལ་གནང་ཡོད་སྟབས་དོན་འཁྱོལ་བྱུང་མེད་པར་མ་ཟད། བོད་མདོ་སྨད་རྔ་པའི་ཁུལ་དུའང་ཕྱི་ལོ་ ༢༠༢༠ ལོར་སློབ་གསོ་ཐབས་ལམ་གཉིས་པ་དེ་ལག་བསྟར་བྱ་ཕྱིར་གླེང་སློང་བྱས་པར་ས་གནས་ཀྱི་བོད་མི་དང་སློབ་གསོ་བ། ཤེས་ཡོན་སྡེ་ཁག་གིས་རྒྱ་གཞུང་ལ་སྙན་ཞུ་ཕུལ་བ་དང་ཤེས་ཡོན་ལམ་ལུགས་དེར་དགག་པ་གནང་བའི་ཡོངས་ཁྱབ་འཕྲིན་ཡིག་དང་བསམ་འཆར་རྩོམ་ཡིག་རྒྱ་ཆེར་སྤེལ་ནས་ངོས་ལེན་མེད་པའི་རྣམ་པ་གསལ་པོ་གནང་རྐྱེན་རྒྱ་གཞུང་གི་སྲིད་བྱུས་དེ་དོན་འཁྱོལ་བྱུང་མེད་པ་དེ་ལྟར་ནའང་། འདི་ལོ་ ༢༠༢༣ ལོ་ནས་བཟུང་སྟེ་བོད་མདོ་སྨད་རྔ་བ་ཁུལ་གྱི་དམའ་རིམ་སློབ་གྲྭ་ཁག་ཏུ་ཁ་ཁུ་སིམ་པོའི་ཐོག་ནས་སློབ་གསོ་ལམ་ལུགས་གཉིས་པ་ཞེས་རིག་གནས་བཙན་བསྒྱུར་བྱས་པའི་ཤེས་ཡོན་སྲིད་བྱུས་བོད་ཡིག་སློབ་ཚན་ཕུད་པའི་རྒྱལ་རབས་དང་ཨང་རྩིས། སྤྱི་ཚོགས་རིག་གནས། ཚན་རིག་ལ་སོགས་པའི་སློབ་ཚན་རྣམས་རྒྱ་སྐད་རྒྱ་ཡིག་ཁོ་ནའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་དངོས་སུ་ལག་བསྟར་བྱས་པ་ཤེས་རྟོགས་བྱུང་འདུག

སྟེ་གནས་ཁང་ལ་བོད་རྔ་པ་ཁུལ་གྱི་དགེ་རྒན་ཞིག་གིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་དཔྱིད་ཀ་ནས་བཟུང་སྟེ་སློབ་གསོ་ཐབས་ལམ་གཉིས་པ་ཟེར་བ་རྔ་བ་ཁུལ་གྱི་སློབ་གྲྭ་ཆ་ཚང་ནང་དངོས་སུ་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། སློབ་གསོའི་ཐབས་ལམ་གཉིས་པ་ཟེར་བ་དེ་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་ཐབས་ལམ་ཞིག་དང་། སྲིད་བྱུས་དེ་ནི་འགོ་ཁྲིད་ཉུང་ཤས་ཤིག་གིས་རང་སྣང་གང་ཤར་གྱིས་བཀོད་ཁྱབ་བཏང་བ་ཞིག་ཡིན་པ་ལས་ཁྲིམས་ལུགས་དང་ཚན་རིག་གི་རྒྱབ་རྟེན་གང་ཡང་མེད་པར་མ་ཟད། གོང་རིམ་གྱི་ཚོགས་ཆེན་མང་པོའི་སྟེང་དུ་འགོ་ཁྲིད་དེ་དག་གིས་སློབ་གསོ་ཐབས་ལམ་གཉིས་པ་ལག་བསྟར་བྱ་རྒྱུའི་དམིགས་ཡུལ་ལེགས་གྲུབ་ཆེད་བོད་ཡུལ་གྱི་སློབ་གསོའི་གནས་ཚད་ཧ་ཅང་ཞན་པོ་ཡིན་ཚུལ་གྱི་འགྲེལ་ལོག་བྱས་ཡོད་པ་སོགས་བརྗོདའདུག

སྟེ་གནས་ཁང་གིས་ད་དུང་རྒྱ་ནག་གཞུང་གིས་མི་མང་གི་འདོད་མོས་ལ་མ་བལྟོས་པར་བོད་ནང་གི་ས་ཆ་ཕལ་ཆེ་བར་སློབ་གསོའི་ཐབས་ལམ་གཉིས་པ་འདི་ཉིད་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། ན་ནིང་ཕྱི་ཟླ་ ༤ ནང་རྫ་ཆུ་ཁའི་སྒེར་བཙུགས་སློབ་གྲྭ་ཚང་མ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་ནས་སློབ་ཕྲུག་ཡོད་ཚད་སློབ་གསོའི་ཐབས་ལམ་གཉིས་པ་ལག་བསྟར་བྱེད་ཡུལ་གཞུང་གི་སློབ་གྲྭར་གཏོང་དགོས་པའི་བཙན་བཀའ་བཏང་ཡོད། ཁམས་སྐྱེ་རྒུ་མདོའི་རྫ་སྟོད་རྫོང་དུའང་ཕྱི་ལོ་ ༢༠༡༧ ནས་ ༢༠༢༣ བར་སློབ་ལོ་ཟིན་པའི་བྱིས་པ་ཚོ་གཞུང་གིས་གཉེར་བའི་སློབ་གྲྭར་མ་བཏང་ན་རོགས་སྐྱོར་མཚམས་འཇོག་དང་ཁྱིམ་བདག་ལའང་ཉེས་ཆད་ཕོག་ངེས་ཡིན་པའི་གསལ་བསྒྲགས་སྤེལ་ཏེ་བཙན་ཤེད་ཀྱིས་ངོས་ལེན་མིང་རྟགས་འགོད་དུ་བཅུག་ཡོད་པ་དང་། མིང་རྟགས་མི་འགོད་མཁན་ཚོར་ཁྲིམས་ཆད་ཕོག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པར་བོད་ཕྲུག་བརྒྱ་ཆ་ ༨༠ ལྷག་གཞུང་གཉེར་སློབ་གྲྭར་བཏང་ཡོད་པ་དང་ལྷག་མ་བརྒྱ་ཆ་ ༢༠ ཡང་འདི་ལོའི་ལོ་མཇུག་བར་དུ་གཞུང་གཉེར་སློབ་གྲྭར་གཏང་རྒྱུ་ཡིན་ཚུལ་བཀོད་འདུག 

རླུང་འཕྲིན་ཁང་གིས་ཐེངས་འདིའི་གནས་ཚུལ་དང་འབྲེལ་ནས་བཞུགས་སྒར་དུ་རྟེན་གཞིར་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་སྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།