རྒྱ་ནག་ལ་བཟང་སྤྱོད་ཀྱི་ནུས་སྟོབས་མེད་པ་རེད་ཅེས་གསུངས་པ།  

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༡ ནས་དབྱིན་ཡུལ་གཙོས་པའི་ཡོ་རོབ་རྒྱལ་ཁབ་ཁག་གཅིག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པའི་ཁྲོད། དབྱིན་ཡུལ་ནང་གྱི་གཙུག་ལག་སློབ་སློབ་གཉེར་ཁང་ཆེ་གྲས་ཝེ་སི་མིན་ས་ཊར་གཙུག་ལག་སློབ་གཉེར་ཁང་དུ་འགྲོ་བ་མིའི་ཐོབ་ཐང་དང་། བཙན་བྱོལ་བོད་མིའི་མང་གཙོ། དེ་བཞིན་བོད་དང་རྒྱ་ནག་གི་གནད་དོན་སོགས་ཀྱི་ཐོག་གསུང་བཤད་གནང་བ་འབྲེལ་ཏེ་རྒྱ་ནག་གཞུང་ལ་དཔལ་འབྱོར་དང་ཆབ་སྲིད། དམག་བཅས་ཀྱི་ནུས་སྟོབས་ཡོད་ཀྱང་། བཟང་སྤྱོད་ཀྱི་ནུས་སྟོབས་མེད་པ་རེད་ཅེས་གསུངས་འདུག  

ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་ཝེ་སི་མིན་ས་ཊར་གཙུག་ལག་སློབ་གཉེར་ཁང་དུ་གནང་བའི་མཛད་རིམ་དེ་ནི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཆེན་མོ་སྐུ་ཞབས་ Dibyesh Anand ལགས་ཀྱིས་གོ་སྒྲིག་དང་དང་གཙོ་སྐྱོང་གནང་བ་ཞིག་ཡིན་པ་དང་། ལས་རིམ་ཐོག་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་དང་ཉམས་ཞིབ་པ། གསར་འགོད་པ་སོགས་མང་ཚོགས་མི་ཉུང་བ་ཞིག་མཉམ་ཞུགས་གནང་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་མང་གཙོའི་ལམ་སྲོལ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པར་ཡུན་རིང་ནས་ཡོད་པའི་དགོངས་བཞེས་ཁྱད་པར་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༦༠ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་ལོ་གཅིག་ཧྲིལ་པོ་མ་ཟིན་པའི་མཚམས་སུ་མགོན་པོ་༸གང་ཉིད་མཆོག་གིས་བཙན་བྱོལ་བོད་མིའི་ལམ་ལུགས་དེ་མི་མང་གི་སྐུ་ཚབ་ལྡན་པའི་མང་གཙོའི་ལམ་སྲོལ་ཐོག་ཁྲིད་གནང་མཛད་ཅིང་། རིམ་པས་སྤྱི་འཐུས་ཀྱི་གྲངས་ཚད་སྤར་ཆ་དང་མང་འོངས་བོད་ཀྱི་རྩ་ཁྲིམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས། དེ་བཞིན་ཆབ་སྲིད་ཀྱི་དབུ་ཁྲིད་དེ་བོད་མི་མང་ཚོགས་ནས་ཐར་ཀར་འོས་འདེམས་གནང་རྒྱུ་སོགས་ལམ་སྟོན་ཇི་མཛད་སོགས་ངོ་སྤྲོད་ཞིབ་རྒྱས་གནང་སྟེ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུངས་ཡོད།

སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་དང་འབྲེལ་བའི་དྲི་བར་ལན་འདེབས་གསལ་བཤད་གནང་སྐབས། དབུ་མའི་ལམ་གྱི་སྲིད་བྱུང་གཏན་འབེབས་ཀྱི་བརྒྱུད་རིམ་ཁག་ངོ་སྤྲོད་དང་འབྲེལ་ད་ལྟའི་ཆར་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་དགོས་འདུན་གནང་མཁན་དེ་ཙམ་མེད་ཀྱང་། སྲིད་བྱུས་ལ་བསྐྱར་ཞིབ་དགོས་ཚེ་མང་གཙོའི་ལམ་སྲོལ་དང་མཐུན་པའི་བརྒྱུད་རིམ་ཞིག་གི་ཐོག་ནས་གནང་དགོས་པ་སོགས་གསུངས་པར་མ་ཟད། སྤྱིར་རྒྱལ་སྤྱིའི་ཐོག་བོད་རང་བཙན་གྱི་གནད་བབ་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་མི་སྣ་སྒེར་པ་རེ་ཟུང་ཡོད་ཀྱང་། སྒེར་གྱི་རྒྱབ་སྐྱོར་དེས་རྒྱལ་སྤྱིའི་ཁྱོན་ནས་བོད་རང་བཙན་གྱི་གནས་བབ་ལ་རྒྱབ་སྐྱོར་ཡོད་པ་མཚོན་ཐུབ་ཀྱི་མེད་པ་དང་། ད་ལྟའི་ཆར་བོད་རང་བཙན་གྱི་གནས་བབ་ལ་ངོས་ལེན་གནང་མཁན་རྒྱལ་སྤྱིའི་རྒྱབ་ཁབ་གཅིག་ཀྱང་མེད་པ་སོགས་གསལ་བཤད་གནང་འདུག

ལྷག་པར་དུ་སྲིད་སྐྱོང་མཆོག་ནས་ནང་ཆོས་དང་ནུབ་ཕྱོགས་པའི་ལྟ་གྲུབ་གང་གི་ཆ་ནས་འགྱུར་བ་ཞེས་པ་དེ་ངོས་ལེན་བྱེད་ཀྱི་ཡོད་སྟབས་ང་ཚོའི་ངོས་ནས་ད་ལྟའི་རྒྱ་ནག་གི་གནས་བབ་ལ་འགྱུར་ལྡོག་ཞིག་འགྲོ་བར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ད་ལྟའི་རྒྱ་ནག་ནང་གི་འགོ་ཁྲིད་ཕན་ཚུན་དང་། སྲིད་གཞུང་དང་མི་མང་བཅས་ཀྱི་དབར་ཡིད་ཆེས་མེད་པའི་འགལ་ཟླའི་རྣམ་པ་དང་། རྒྱ་གར་གཙོས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་གདོང་ཐུག་སྣ་ཚོགས་འབྱུང་བཞིན་ཡོད་པའི་གནད་དོན། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་དང་འབྲེལ་རྒྱལ་ཁབ་གཞན་དང་བསྟུད་མར་རྩོད་གླེང་ཡོང་བཞིན་པའི་གནས་སྟངས་སོགས་ལ་གཞིགས་ན།རྒྱ་ནག་གཞུང་ལ་དཔལ་འབྱོར་དང་ཆབ་སྲིད། དམག་བཅས་ཀྱི་ནུས་སྟོབས་ཡོད་ཀྱང་། བཟང་སྤྱོད་ཀྱི་ནུས་སྟོབས་མེད་པ་རེད་ཅེས་གསུངས་འདུག  

གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་དབྱིན་ཡུལ་ནང་གི་འཚམས་གཟིགས་དང་བསྟུན་ཕྱི་ཚེས་ ༢༧ དང་ ༢༨ བཅས་སུ་ Scotland གི་རྒྱལ་ས་ Edinburgh དུ་ཕེབས་ཏེ་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ross Greer མཆོག་དང་ཚོགས་པའི་དྲུང་ཆེ་ལྕམ་སྐུ་ Eleanor Byrne-Rosengren ལགས་གཙོས་ཚོགས་མི་རྣམ་པ། གཞུང་གི་གནད་ཡོད་མི་སྣ་དང་ཆབ་སྲིད་ཚོགས་པ་ཁག་གི་འགོ་ཁྲིད་སོགས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་བསྡུར་གནང་ཡོད།

Edinburgh ཨི་ཌེན་བྷག་གཙུག་ལག་སློབ་གཉེར་ཁང་དུ་བོད་འདི་སེལ་མེད་པའི་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བར་མ་ཟད། མཚམས་གཟིགས་ཁྲོད་ས་གནས་སོ་སོའི་ནང་ཡོད་པའི་བོད་མི་མང་ཚོགས་དང་གཞོན་སྐྱེས་རྣམས་ལ་འཛིན་སྐྱོང་ཀྱི་ལས་དོན་དང་། ད་ལྟའི་བོད་ནང་གི་གནས་སྟངས་སོགས་ལ་གསུང་བཤད་དང་དྲི་བ་དྲིས་ལན། བོད་པའི་གཟའ་མཇུག་སློབ་གྲྭར་གཟིགས་ཞིབ་སོགས་གནང་འདུག

ཤེས་རྟོགས་བྱུང་བར་སྲིད་སྐྱོང་མཆོག་ Scotland དང་དབྱིན་ཡུལ་ནང་གི་འཚམས་གཟིགས་ཁག་གྲུབ་རྗེས་དེ་རིང་ཡོ་རོབ་ནོར་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་ Oslo ལ་ཕེབས་འབྱོར་བྱུང་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།