དེ་རིང་ཟླ་ ༤ ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༡༠ སྟེང་ བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་དུ་དཔལ་འབྱོར་ཚོང་ལས་ཡར་ཐོན་རམ་འདེགས་ལས་གཞི་ཚན་པ་དང་། ཨིན་ཡུལ་བོད་ཁང་ཐེབས་རྩ། དེ་བཞིན་ཁེ་ན་ཌ་མོན་ཁྲི་ཡོལ་དུ་རྟེན་གཞི་བྱས་པའི་བོད་པའི་གསར་གཏོད་ཚོགས་པ་བཅས་ཟུང་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་བ་དང་སྦྲགས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོ་རྒྱུན་གནས་དང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་མི་ཉམས་ཡོང་སླད་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་འགྲན་བསྡུར་ཡོངས་ཁྱབ་དང་འགྲན་བསྡུར་དེའི་ཁྲོད་ལས་འཆར་རྩེ་ཕུད་སོན་པར་བོད་པའི་གསར་གཏོད་ཚོགས་པས་མ་དངུལ་ཧིན་སྒོར་ས་ཡ་བཅུ་གསོལ་རས་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་སོང་།
གསར་འགོད་གསལ་བསྒྲགས་ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ལྷན་ཞུགས་ཐོག་ཨིན་ལེན་སྐུ་ཚབ་དོན་གཅོད་ཟུར་པ་ཐུབ་བསྟན་བསམ་གྲུབ་ལགས་ནས་ Skype དྲྭ་རྒྱ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་བཀའ་བློན་མཆོག་གིས་ལས་འཆར་དེ་རྒྱ་གར་ནང་རྟེན་གཞི་བྱས་པའི་གཞིས་ཆགས་ཏུ་ཆེད་དམིགས་ཀྱིས་སྤེལ་དགོས་པ་དང་། ལས་འཆར་དེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོ་རྒྱུན་གནས་ཐུབ་ཐབས་དང་ཕུགས་རྒྱང་རིང་པོའི་ལས་ཀའི་གོ་སྐབས་བསྐྲུན་པའི་འཆར་གཞི་དང། ལས་འཆར་དེའི་འོག་ཉུང་མཐར་བོད་མི་ ༢༠ ལྷག་ལ་ལས་ཀ་བསྐྲུན་ཐུབ་ཐབས་སོགས་འབྲེལ་བརྗོད་དང་ངོ་སྤྲོད་གནང་ཡོད།
ལས་འཆར་དེའི་ཐོག་འཛུལ་ཞུགས་པ་རྣམས་ཀྱིས་འཚང་སྙན་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ནང་ཚུད་དུ་བོད་ཀྱི་གསར་གཏོད་ཡིག་ཚང་དུ་སྙན་ཞུ་འབྱོར་ཐུབ་པ་དགོས། Yeti@tibetinnovations.org ཞེས་པའི་གློག་འཕྲིན་ཁ་བྱང་ཐོག་ཕུལ་དགོས་པ་དང། ལས་འཆར་དེ་འབྲེལ་ཞིབ་ཕྲའི་གནས་ཚུལ་རྣམས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་དང་བོད་པའི་གསར་གཏོད་ཟུང་འབྲེལ་གྱི་གསར་བཟོ་ཞུས་པའི་དྲྭ་རྒྱ་ www.tibetinnovations.org ཐོག་ནས་གཟིགས་གནང་དགོས་ཀྱི་འདུག
གཞི་རྩའི་ལས་འཆར་འདི་ཕྱི་ལོ་ ༢༠༠༩ ལོར་ཁེ་ན་ཌ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་མཛད་སྐབས་བོད་མིའི་གཞིས་ཆགས་ཁག་ཏུ་གཞོན་སྐྱེས་ཚོར་ཡོངས་འབབ་ཡག་པོ་ཡོད་པའི་ལས་ཀ་འཚོལ་ཐབས་མེད་པར་ཕྱིའི་ལུང་པར་བསྐྱོད་ནས་གཞིས་ཆགས་རྒྱུན་གནས་ཐུབ་རྒྱུར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པའི་ཐད་བཀའ་སློབ་ཕེབས་དོན་ལྟར་ལས་འཆར་འདི་བཀོད་སྒྲིག་གནང་བ་ཞིག་ཡིན་པ་རེད།
ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་འགྲན་བསྡུར་ཨང་རིམ་དང་པོར་ས་ཡ་བཅུ་གསོལ་རས་བསྩལ་རྒྱུ།
Tibetan News Headlines
- China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
- Dalai Lama Institute Hosts Third Annual Conference on Tibetan Studies
- Tibet House US Honours Michael Douglas and the Thurmans with Art of Freedom Awards
- Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
- Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
- TIO Liaison Officer Addresses China’s Tibet Policy at Chinese Democracy Conference
ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠
- རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
- སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
- ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
- Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
- ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
- རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག




