སྲིད་སྐྱོང་མཆོག་གིས་ཌེན་མག་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣར་མཇལ་འཕྲད་གནང་བ།

Tibetan News Headlines

  • Sikyong Penpa Tsering Expresses Disappointment Over Trump’s Silence on Human Rights in Dealings with China
  • China’s Overseas Surveillance Network Targets Tibetan Activists and Exile Administration, Rights Group Reports
  • Tibetan Advocates from 20 Countries Gather in Barcelona to Strengthen Global Campaign for Tibet
  • 7th Prof. Dawa Norbu Memorial Symposium Held in New Delhi
  • Xi Jinping Describes Taiwan’s Reunification as an ‘Unwavering Historical Mission’ of the Chinese Communist Party
  • Education Kalon Urges Tibetan Children in Exile to Preserve Their Identity and Uphold Tibetan Values in Children’s Day Speech
  • Health and Wellness: World Diabetes Day- Prevention and Treatment of Diabetes

ཪེས་གཟའ་པ་སངས། ༢༠༢༦།༡༡།༡༣

  • ཨ་རྒྱ་གཉིས་ཀྱི་གྲོས་མོལ་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མེད་པའི་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
  • སྙན་ཐོ་གསར་པ་ཞིག་གི་ནང་རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་ལྟ་སྲུང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསལ་སྟོན།
  • རྒྱལ་ཁབ་ ༢༠ ནས་བོད་དོན་ལས་འགུལ་བ་ལྷན་འཛོམས་ཐོག་བོད་དོན་འཐབ་རྩོད་ཀྱི་འཐབ་ཇུས་གསར་པའི་སྐོར་གྲོས་བསྡུར།
  • རྒྱལ་ས་ལྡི་ལིར་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་ ༧ པ་འཚོགས་པ།
  • ཞི་ཅིན་ཕིང་གིས་ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏང་རྒྱུ་ནི་རྒྱ་ནག་གི་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པའི་ཕུགས་དམིགས་ཤིག་ཡིན་པར་ལྡོག་ཐབས་མེད་པ་ནན་བརྗོད།
  • བཙན་བྱོལ་བོད་ཕྲུག་རྣམས་ནས་རང་ཉིད་ཀྱི་སྤྱོད་པ་དང་ཤེས་ཡོན་གཉིས་ཀའི་ཐད་ནས་མི་རིགས་དང་སྤྱི་ཚོགས་ལ་ཕན་འདོགས་ཐུབ་མཁན་ཞིག་བྱེད་དགོས་པ་གསུངས་འདུག
  • གཅིན་སྙི་ནད་གཞི་ཉིན་མོ། གཅིན་སྙི་ནད་གཞིའི་སྔོན་འགོག་དང་བཅོས་ཐབས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༡ ནས་དབྱིན་ཡུལ་གཙོས་ཡོ་རོབ་རྒྱལ་ཁབ་ཁག་གཅིག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཁ་སང་སྲིད་སྐྱོང་མཆོག་དབྱིན་ཡུལ་དང་ Scotland དེ་བཞིན་ནོར་ཝེ་རྒྱལ་ཁབ་ནང་གི་མཛད་རིམ་ཁག་ལེགས་གྲུབ་ཀྱིས་ཌེན་མག་རྒྱལ་ཁབ་ཏུ་ཕེབས་འབྱོར་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བར། ཟླ་བ་འདིའི་ཚེས་ ༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཌེན་མག་གི་རྒྱལ་ས་ Copenhagen གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་ས་གནས་བོད་རིགས་མང་ཚོགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་འདུག

སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཌེན་མག་ནང་གི་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཁ་སང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་ཁག་གཅིག་དང་ལྷན་ཌེན་མག་གི་རྒྱལ་ས་ཀོ་པེན་ཧེ་གྷེན་དུ་རྟེན་གཞི་བྱས་པའི་ཌེན་མག་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་ Danish People’s Party ཞེས་པའི་ཌེན་མག་གི་སྲིད་དོན་ཚོགས་པའི་ཚོགས་གཙོ་དང་ཌེན་མག་གྲོས་ཚོགས་འཐུས་མི་སྐུ་ཞབས་ Morten Messerschmidt  ལགས། ཌེན་མག་སྲིད་དོན་ཚོགས་པ་ The Alternative ཞེས་པའི་ཕྱི་སྲིད་ལས་དོན་གྱི་མགྲིན་ཚབ་པ། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྕམ་སྐུ་ Sascha Faxe ལགས་བཅས་དང་མཇལ་མོལ་གནང་སྟེ་བོད་ནང་གི་གནས་སྟངས་དང་བཙན་བྱོལ་བོད་མིས་གདོང་ལེན་གནང་དགོས་པའི་གནད་དོན་སོགས་ཀྱི་ཐོག་བཀའ་བསྡུར་གནང་འདུག

སྲིད་སྐྱོང་མཆོག་གིས་བོད་ཀྱི་བདེ་དོན་ཐེབས་རྩ་གསར་འཛུགས་གནང་མཁན་ལྭ་ཁ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།

ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཌེན་མག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཉིས་ཐུན་མོང་གིས་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག་སྲིད་སྐྱོང་མཆོག་གིས་ཀོ་པེན་ཧེ་གྷེན་ཁུལ་གནས་སྡོད་བོད་རིགས་མང་ཚོགས་དང་ཐུག་འཕྲད་ཀྱིས་བཀའ་ཤག་སྐབས་བཅུ་དྲུག་པའི་འཛིན་བཞིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་བོད་ཀྱི་དཀའ་ངལ་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཇེ་ཆེར་ཐོབ་པའི་ཐོག་ནས་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་འཚོལ་ཐབས། ད་ལྟའི་རྒྱ་ནག་དམར་གཞུང་གི་སྲིད་བྱུས་འོག་བོད་ཀྱི་རིག་གཞུང་རིམ་པས་རྩ་མེད་དུ་འགྲོ་ཉེན་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་པ་དང་། དེ་བཞིན་རྒྱ་ནག་དང་འབྲེལ་གཏུག་བྱེད་སྐབས་མང་གཙོའི་རྒྱལ་ཁབ་ཚང་མས་ཕན་ཚུན་དབར་འགྲན་རྩོད་ཁོ་ནར་དབུ་མ་འཁོར་བར་མཉམ་རུབ་ཀྱིས་གདོང་ལེན་གནང་དགོས་གལ་ཡིན་སྐོར་སོགས་གཞེན་སྐུལ་གནང་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་སྐྱོང་མཆོག་གི་ཌེན་མག་ནང་གི་མཛད་རིམ་ཁག་ལེགས་གྲུབ་ཟིན་རྗེས་ཡོ་རོབ་རྒྱལ་ཁབ་འཇར་མ་ནིར་ཕེབས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།