སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བ། 

Tibetan News Headlines

  • Mongolia Dispatch: Centuries of Shared History and Spiritual Ties

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༡༤

  • བོད་སོག་གཉིས་ཀྱི་དུས་རབས་མང་པོའི་རིང་གི་འབྲེལ་ལམ་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་འཇར་མན་གྱི་རྒྱལ་ས་སྦར་ལིན་དུ་ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམ་པ་དང་བོད་དོན་རྒྱབ་སྐྱོར་བ་བཅས་མཇལ་མོལ་བརྒྱུད་འཇར་མན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་འདུག

Sikyong presided over the re-establishment of the German Parliamentary Tibet Support Group.

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་ཉིན་ཕྱི་ཚེས་ ༡༨ ཉིན་རྒྱབ་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ Mexico གྲོང་ཁྱེར་དུ་ཕེབས་ཐོན་གྱིས་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་མ་གནང་གོང་། འདི་ཚེས་ ༡༧ ཉིན་འཇར་མན་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་ཡུལ་དེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Michael Brand ལགས་དང་གྲོས་ཚོགས་འཐུས་མི་གཉིས་གཙོས་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དང་ Schwarz-Shilling ཐེབས་རྩའི་ཚོགས་མི། དེ་བཞིན་ Tibet Initiative Deutschland ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་མོལ་གྱིས་དམིགས་བསལ་ཚོགས་འདུ་ཞིག་བསྐོང་འཚོགས་གནང་འདུག་ཅིང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་འགྲེལ་བརྗོད་གནང་བ་མ་ཟད། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་སྐད་ཡིག་ངོ་བོ་དང་བཅས་པ་སྲུང་སྐྱོབ་ཀྱི་ལས་དོན་གནང་ཕྱོགས་སྐོར་དང་འབྲེལ། འཛམ་གླིང་ས་ཕྱོགས་གང་སར་གྲམ་ནས་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ཡུལ་ལུང་སོ་སོར་གཟའ་མཇུག་བོད་ཡིག་སློབ་གྲྭ་ཟུར་འཛུགས་ཀྱིས་མི་རབས་གཞོན་པ་རྣམས་ལ་བོད་མིའི་རིག་གཞུང་གི་ངོ་བོ་རྒྱུན་གནས་ཡོང་རྒྱུར་འབད་འབུངས་གནང་བཞིན་ཡོད་པ་གསལ་འདོན་གནང་འདུག

Sikyong presided over the re-establishment of the German Parliamentary Tibet Support Group.

ལྷག་པར་དུ་ཚོགས་འདུའི་ཐོག་སྲིད་སྐྱོང་མཆོག་གིས་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་ཕེབས་པ་འདི་ནི་བོད་མིའི་ཆོས་ཕྱོགས་དང་རིག་གཞུང་གི་ཐོག་ནས་གནད་འགག་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་སྐབས། འཇར་མན་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་སིམ་ཡལ་གྱི་སྲིད་བྱུས་ལག་བསྟར་ཐེ་བའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་རྒྱུས་ལོན་དང་གསན་བཞེས་གནང་འདུག་པ་མ་ཟད། ཕྱོགས་ཕན་ཚུན་དབར་བསམ་ཚུལ་བརྗེ་ལེན་དང་། དེ་བཞིན་བོད་དོན་འཐབ་རྩོད་ཐོག་འཇར་མན་གཞུང་དང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེར་གཏོང་ཐབས་ཇི་དགེའི་སྐོར་བཀའ་བསྡུར་གནང་འདུག

Sikyong presided over the re-establishment of the German Parliamentary Tibet Support Group.

རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྦར་ལིན་དུ་འཇར་མ་ནིའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་དང་མཇལ་མོལ་ལེགས་གྲུབ་ཀྱིས། ཁ་ཉིན་ཕྱི་ཚེས་ ༡༨ ཉིན་རྒྱབ་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ Mexico གྲོང་ཁྱེར་དུ་ཕེབས་ཐོན་གྱིས་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་ཡོད་པ་དང་དེ་རྗེས་ཨ་རིར་གནད་ཡོད་མི་སྣ་མཇལ་འཕྲད་སླད་ཆེད་ཕེབས་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།