སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀོ་ལམ་བི་ཡར་འཚམས་གཟིགས་གནང་བ།

Tibetan News Headlines

  • Sikyong Penpa Tsering Expresses Disappointment Over Trump’s Silence on Human Rights in Dealings with China
  • China’s Overseas Surveillance Network Targets Tibetan Activists and Exile Administration, Rights Group Reports
  • Tibetan Advocates from 20 Countries Gather in Barcelona to Strengthen Global Campaign for Tibet
  • 7th Prof. Dawa Norbu Memorial Symposium Held in New Delhi
  • Xi Jinping Describes Taiwan’s Reunification as an ‘Unwavering Historical Mission’ of the Chinese Communist Party
  • Education Kalon Urges Tibetan Children in Exile to Preserve Their Identity and Uphold Tibetan Values in Children’s Day Speech
  • Health and Wellness: World Diabetes Day- Prevention and Treatment of Diabetes

ཪེས་གཟའ་པ་སངས། ༢༠༢༦།༡༡།༡༣

  • ཨ་རྒྱ་གཉིས་ཀྱི་གྲོས་མོལ་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མེད་པའི་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
  • སྙན་ཐོ་གསར་པ་ཞིག་གི་ནང་རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་ལྟ་སྲུང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསལ་སྟོན།
  • རྒྱལ་ཁབ་ ༢༠ ནས་བོད་དོན་ལས་འགུལ་བ་ལྷན་འཛོམས་ཐོག་བོད་དོན་འཐབ་རྩོད་ཀྱི་འཐབ་ཇུས་གསར་པའི་སྐོར་གྲོས་བསྡུར།
  • རྒྱལ་ས་ལྡི་ལིར་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་ ༧ པ་འཚོགས་པ།
  • ཞི་ཅིན་ཕིང་གིས་ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏང་རྒྱུ་ནི་རྒྱ་ནག་གི་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པའི་ཕུགས་དམིགས་ཤིག་ཡིན་པར་ལྡོག་ཐབས་མེད་པ་ནན་བརྗོད།
  • བཙན་བྱོལ་བོད་ཕྲུག་རྣམས་ནས་རང་ཉིད་ཀྱི་སྤྱོད་པ་དང་ཤེས་ཡོན་གཉིས་ཀའི་ཐད་ནས་མི་རིགས་དང་སྤྱི་ཚོགས་ལ་ཕན་འདོགས་ཐུབ་མཁན་ཞིག་བྱེད་དགོས་པ་གསུངས་འདུག
  • གཅིན་སྙི་ནད་གཞི་ཉིན་མོ། གཅིན་སྙི་ནད་གཞིའི་སྔོན་འགོག་དང་བཅོས་ཐབས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་སྦར་ཛིལ་ནང་གི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་ཀྱིས་ཁ་སང་ Columbia ནང་ཕེབས་འབྱོར་གྱིས་ཁུལ་དེའི་གྲགས་ཆེ་བའི་བརྒྱུད་ལམ་ཁག་གི་བཀའ་འདྲི་དང་ལེན་དང་ཀོ་ལོམ་བི་ཡའི་བསམ་མཛོད་ལྟེ་གནས་ཁང་གི་ཚོགས་མི་དང་ལྷན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་བགྲོ་གླེང་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་མཛད་འགན་བཞེས་རྗེས་སུ་ལྷོ་ཨ་རི་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཐོག་མ་དེ་གནང་བཞིན་ཡོད་པ་ལྟར་ཁ་སང་སྔ་དྲོར་ལྷོ་ཨ་རིའི་རྒྱལ་ཁབ་ Columbia རྒྱལ་ས་ Bogota ལ་ཕེབས་འབྱོར་བྱུང་སྟེ་གནམ་ཐང་དུ་ཀོ་ལམ་བི་ཡ་ཡུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Claudia Bonitto ལགས་དང་ཁོང་གི་སྐུ་ཟླ་གཉིས་གཙོས་བོད་དོན་རྒྱབ་སྐྱོར་བ་ཁག་གིས་དགའ་བསུའི་སྣེ་ལེན་ཞུས་ཡོད་པ་དང་། དེ་རྗེས་ཀོ་ལོ་བིས་ཡ་ནང་གི་མཛད་རིམ་ཐོག་མར་ཡུལ་རྒྱལ་ཡོངས་རླུང་འཕྲིན་ཁང་ཆེ་ཤོས་ Caracol Radio La W ཞེས་པས་སྲིད་སྐྱོང་མཆོག་ལ་སྐར་མ་ ༤༥ རིང་བོད་དོན་དང་འབྲེལ་བའི་གནད་དོན་སྐོར་བཀའ་འདྲི་ཞུས་ཡོད་པ་དང་སྐབས་དེར་སྲིད་སྐྱོང་མཆོག་གིས་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སོགས་ངོ་སྤྲོད་གནང་སྟེ་ཁོང་ལྷོ་ཨ་རིར་གཞུང་འབྲེལ་མཚམས་གཟིགས་སུ་ཕྱོགས་ཕེབས་ དོན་གཙོ་བོ་ནི་ཡུལ་དེའི་གནས་སྟངས་རྒྱུས་ལོན་དང་ལྷག་དོན་བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐབས་ཆེད་ཡིན་པར་གསུངས་འདུག 

སྲིད་སྐྱོང་མཆོག་གིས་ཀོ་ལོམ་བི་ཡའི་གསར་ཤོག་ཁང་ཆེ་གྲས་ El Spectador གྱི་བཀའ་འདྲི་དང་ལེན་གནང་རྗེས་ El Bosque གཙུག་ལག་སློབ་གཉེར་ཁང་གིས་བཀའ་འདྲི་ལས་རིམ་ཞིག་གོ་སྒྲིག་ཞུས་པར་ལྷན་ཞུགས་གནང་བ་དང་ཕྱི་དྲོ་ཀོ་ལོམ་བི་ཡའི་བསམ་མཛོད་ལྟེ་གནས་ཁང་ཁག་གི་འགན་འཛིན་དང་ཚོགས་མི་ལྷན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་དང་དེའི་ཤུགས་། བོད་ཀྱི་ངོ་བོ་དང་རིག་གཞུང་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་རྗེས་ Civil Society མི་སྣ་ཁག་ཅིག་དང་ལྷན་དུ་བོད་དོན་དང་འབྲེལ་བའི་བཀའ་མོལ་ལྷུག་པོ་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ Columbia ནང་གི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་རྗེས་ཁོས་ཊ་རི་ཀ མེ་སི་ཀོ དེ་ནས་ཨ་རི་བཅས་སུ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།