Tibetan Royal Year of 2151 | Year of the Wood Dragon

ཨ་རུ་ན་ཅལ་ཁུལ་དུ་རྒྱ་ནག་ལ་རྒོལ་རྡུང་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ཅལ་ནང་གི་འཕགས་བོད་འབྲེལ་མཐུད་ཡན་ལག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་གཟའ་འཁོར་སྔོན་མའི་ནང་བྱང་ཤར་ཁུལ་གྱི་ས་གནས་འདྲ་མིན་ཁག་ཅིག་ཏུ་རྔམ་སྟོན་ཁྲོམ་སྐོར་དང་གསར་འགོད་གསལ་བསྒྲགས་སོགས་བརྒྱུད་ནས་འཕགས་བོད་གཉིས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཞི་བདེའི་འབྲེལ་ལམ་གསལ་འདོན་དང་དེ་བཞིན་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་དང་། དེང་སྐབས་འཕགས་བོད་མཐའ་མཚམས་ཁྲོད་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་དཀར་ནག་གི་གདོང་ཐུག་ལ་ངོ་རྒོལ་གནང་བ་མ་ཟད། ཕྱི་ཚེས་༢༠ ཉིན་མོན་རྟ་དབང་ཁུལ་དུ་རྒྱ་ནག་ལ་རྒོལ་རྡུང་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་སྤེལ་བར་ལྟར་ན། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེའི་ཐོག   སྐུ་མགྲོན་གྱི་གཙོ་བོ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་རྒྱལ་ཡོངས་ཀྱི་ཚོགས་གཙོ་སྐུ་ཞབས  Sh. Surendra Kumar ལགས་དང་ཁུལ་དེའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལྷུན་གྲུབ་ཆོས་བཟང་ལགས། ཨ་རུ་ནཱ་ཅལ་ཁུལ་གྱི་རྒྱ་གར་དབུས་གཞུང་གི་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་འཇམ་དཔལ་དབང་འདུས་ལགས་སོགས་གཙོས་པའི་ཁུལ་དེའི་དགོན་པ་གྲྭ་ཚང་གི་གྲྭ་མང་དང་བོད་མི། བོད་དོན་རྒྱབ་སྐྱོར་བ་སོགས་ཚང་འཛོམས་ཀྱིས་རྟ་དབང་དགོན་པ་ནས་དབུ་འཛུགས་ཀྱིས་ཡིད་དགའ་ཆོས་འཛིན་གྲོང་སྡེ་ཚོགས་ཁང་བར་དུ་སྐད་འབོད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུགསྐབས་དེར་སྐུ་ཞབས་ Sh. Surendra Kumar ལགས་ཀྱིས། འཕགས་བོད་གཉིས་ལ་ལོ་རྒྱུས་རང་བཞིན་གྱི་ཞི་བདེ་མཉམ་གནས་གནས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། གནའ་སྔ་མོའི་དུས་སུ་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་བར་དུ་ཕར་འགྲོ་ཚུར་འོང་གི་མཐོང་མཆན་སོགས་མི་དགོས་ནའང་། དེང་སང་རྒྱ་གར་དབུས་གཞུང་གིས་ཧིན་སྒོར་བྱེ་མ་མང་པོའི་འགྲོ་གྲོན་བཏང་ནས་འཕགས་བོད་ས་མཚམས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ནི་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷཱན་དྷཱི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་ཡོངས་སུ་མཐུན་པ་ཞིག་ཡིན་སྐོར་མངོན་གསལ་གནང་བ་མ་ཟད། ༸གོང་ས་མཆོག་གིས་རྒྱ་གར་ནང་དུ་གནའ་བོའི་རྒྱ་གར་གྱི་དཔལ་ཡོན་ཁྲོད་དུ་དར་ཁྱབ་བྱུང་བའི་བྱམས་བརྩེ་དང་སྙིང་རྗེ་ཡི་ལྟ་གྲུབ་དེ་དག་བསྐྱར་གསོ་གནང་ཐུབ་པ་བྱུང་ཡོད་པར་བརྟེན་མགོན་པོ་༸གང་ཉིད་མཆོག་ནི་རྒྱ་གར་མི་མང་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཡོངས་གྲགས་ཀྱིས་རྒྱ་གར་གྱི་ཚོགས་སྡེ་དང་མི་སྒེར་མང་པོ་དབུས་གཞུང་ལ་འབོད་སྐུལ་ཞུས་ཏེ་རྒྱ་གར་ནང་གི་མི་སེར་གྱི་གཟེངས་རྟགས་ཆེ་ཤོས། Bharat Ratna ཞེས་པ་དེ་མགོན་པོ་༸གང་ཉིད་མཆོག་ལ་འབུལ་བཞེས་གནང་རྒྱུར་རྩོད་འདོན་གནང་དགོས་བ་གསུངས་འདུག

རྒྱ་གར་བྱང་ཤར་ཨ་སམ་དང་མཱ་གྷ་ལ་ཡིའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཁོར་ཡུག་གི་ལས་འགུལ་བ་དང་རྩོམ་པ་པོ་སྐུ་ཞབས་ Sh. Soumyadeep Datta ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་རང་བྱུང་ཁོར་ཡུག་རྩ་གཏོར་བཏང་བ་ལ་བརྟེན་ནས་རྒྱ་གར་མང་ཚོགས་ཀྱི་འཚོ་བ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་ངོ་སྤྲོད་ཀྱིས་བོད་ཀྱི་ཡར་ཀླུང་གཙང་པོ་ནི་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་གྱི་གཙོས་པའི་ཨ་སམ་སོགས་བརྒྱུད་ནས་བཞུར་བཞིན་ཡོད་ཀྱང་། དེང་སང་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་འགྲམ་དུ་གློག་ཁང་གསར་རྒྱག་སོགས་ཀྱིས་མཚོན་པའི་གཙང་པོ་ཁ་བསྒྱུར་གྱི་ལས་གཞི་རྒྱ་སྐྱེད་བྱེད་བཞིན་པར་བརྟེན་མི་མང་གི་འཚོ་བར་དཀའ་ངལ་འཕྲད་ཉེན་ཡོད་པ་དང་འབྲེལ། རྒྱ་ནག་གི་དམག་ཤུགས་ཀྱིས་རྒྱ་གར་ལ་དཔུང་འཇུག་བྱེད་བཞིན་ཡོད་པར་མ་ཟད། རྒྱ་གར་ནང་གི་དྲག་ཤུགས་ངོ་ལོག་གི་ལས་འགུལ་བར་དངུལ་གྱི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་བཞིན་ཡོད་པ་མངོན་གསལ་གནང་སྟེ། འདི་ལོའི་ Guwahati དཔེ་སྟོན་དུས་ཆེན་སྐབས་སུ་བོད་དོན་འབྲེལ་མཐུད་པས་བོད་ཀྱི་ཚོང་ར་སྒོ་འབྱེད་ཀྱིས་བོད་མི་རྣམས་བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ་དང་མ་འོངས་ཀྱི་མངོན་འདོད་སོགས་ཀྱི་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་ན་དགེ་མཚན་ལྡན་སྐོར་ལམ་སྟོན་གནང་འདུགཨ་རུ་ནཱ་ཅལ་ཁུལ་གྱི་བོད་དོན་འབྲེལ་མཐུད་པ་སྐུ་ཞབས་བློ་བཟང་དགེ་ཆོས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་གྱི་མི་མང་སྤྱི་དང་སྒོས་མེའོ་ཁུལ་གྱི་མི་མང་ལ་ཐུགས་མཉེས་པོ་གནང་གི་ཡོད་སྟབས་བཀའ་དྲིན་ཆེན་པོ་ཡིན་སྐོར་དང་འབྲེལ་ཏེ་མེའོ་ས་ཁུལ་གྱི་མི་མང་གིས་༸གོང་ས་མཆོག་གི་༸སྐུ་དུས་འདིར་དངོས་སུ་ཕྱིར་བོད་ནང་དུ་ཕེབས་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་འགན་འཁྲི་ཡོད་པ་དང་། དམིགས་བསལ་དུ་ཁོང་སྒེར་གྱི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ཕྱིར་བོད་ནང་དུ་ཕེབས་རྒྱུའི་དགོངས་པ་དེར་གང་ཡོང་ཅི་ཡོག་གིས་དབུ་འོག་དཔུང་འདེགས་ཞུ་རྒྱུ་ཡིན་པར་གསུངས་འདུགགསར་འགོད་པས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་སུ་ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་བོད་དོན་ལས་འགུལ་སྐོར་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ལས་འགུལ་འདིའི་ཁྲོད་རྒྱ་ནག་གིས་ཨ་རུ་ནཱ་ཅལ་བོད་ཀྱི་ལྷོ་རྒྱུད་ཡིན་པར་བསྙད་ནས་རྒྱ་ཁོངས་ཡིན་པར་སྒྲུབ་བཞིན་པ་དེ་ཕར་ཞོག བོད་ཀྱང་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་མངོན་གསལ་གྱིས་པེ་ཅིང་གཞུང་ལ་བརྡ་ལན་གསལ་པོ་ཞིག་གནང་ཡོད་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།