Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2021

རེས་གཟའ་མིག་དམར། ༢༠༢༡།༠༢།༢༣

ཉན་པ།: Listen ཕབ་ལེན། Download དབྱིན་ཡུལ་གིས་རྒྱལ་ཚོགས་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐེར་འདོན། རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་ཡོད་པའི་གྲོས་ཆོད་གཏན་འབེབས། ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་བསྐྱར་འདོན་གནང་བར་དགའ་བསུ། བོད་ཀྱི་གནས་ཚུལ་གང་ཡིན་བོད་པ་རང་གིས་འབྲི་དགོས། གླུ་གཞས་ལས་རིམ། བོད་ནང་གི་ལོ་གསར་དགོང་ཚོགས། Tuesday 23/02/2021 UK demands UN to address human rights violation in China Canada's parliament declares China's treatment of Uighurs 'genocide' CTA welcomes Uyghur Forced Labor Prevention Act of US TPI hosts round table discussion on Foregrounding Tibet MUSIC FEATURE: Losar Concert in Tibet

དབྱིན་ཡུལ་གིས་རྒྱལ་ཚོགས་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐེར་འདོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༦ སྟེང་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་དང་ཧོང་ཀོང། ཤར་ཏུ་ཀིས་ཐན་ནང་ཛ་དྲག་གི་རང་བཞིན་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐེར་འདོན་དང། རྒྱ་ནག་གཞུང་གི་གོང་གསལ་ས་ཁུལ་དེ་དག་ཏུ་འཆར་གཞི་ལྡན་པའི་ཐོག་མང་ཚོགས་ཀྱི་ཐོབ་ཐང་དང་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ནན་པོ་གནང་འདུགཁ་སང་ཕྱི་ཚེས་ ༢༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༦ དབུ་འཛུགས་གནང་ཡོད་པ་དང། ཉིན་དང་པོའི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་རྣམ་པས་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གཏམ་བཤད་གནང་སྐབས་སུ་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Dominic Raab ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་གཙོས་པའི་ཧོང་ཀོང་དང་ཤར་ཏུར་ཀིས་ཐན་ནང་འཆར་གཞི་ལྡན་པའི་ཐོག་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐེར་འདོན་གྱིས་རྒྱ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ནན་པོ་གནང་བ་དང། ལྷག་པར་དུ་བོད་ནང་གི་གནས་སྟངས་ནི་ད་ལྟའི་ཆར་ཧ་ཅང་སེམས་འཚབ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པའི་ཁར་རྒྱ་གཞུང་གིས་བོད་ཁུལ་དུ་དུས་ད་ལྟའང་ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་འོག་ཡོད་ཅེས་གསུངས་པ་དང་འབྲེལ། གོང་གསལ་གནད་དོན་དེ་དག་ཐོག་ངེས་པར་དུ་རྒྱ་གཞུང་གི་ངོས་ནས་རྒྱལ་ཚོགས་ལ་འགན་འཁུར་གྱི་ལན་འདེབས་བྱེད་བཅུག་པ་བཟོ་རྒྱུ་ནི་ང་ཚོ་ཚང་མའི་མཉམ་འབྲེལ་གྱི་འགན་ཞིག་ཁྲིད་རེད་ཅེས་གསུངས་འདུག དེ་བཞིན་ཁོང་གིས་ད་བར་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་སྡེ་ཁག རྒྱལ་སྤྱིའི་ཚོགས་སྡེ་ཁག གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱིས་རྒྱ་ནག་ནང་གི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐེར་འདོན་གྱིས་སེམས་འཚབ་བྱེད་བཞིན་པར་དབྱིན་ཡུལ་གཞུང་གི་ངོས་ནས་རྒྱབ་སྐྱོར་ཡོད་ཅེས་གསུངས་པར་མ་ཟད། དཔང་རྟགས་དང་བཅས་པའི་རྒྱ་གཞུང་གི་བྱ་ངན་དེ་དག་ཐོག་ལ་རྒྱལ་ཁབ་དང་གང་ཟག་སུས་ཀྱང་གསང་ཐབས་མེད་ཅེས་གསུངས་འདུག དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Dominic Raab ལགས་ཀྱིས་ད་དུང་རྒྱ་ནག་གཞུང་གིས་ཧོང་ཀོ་ནང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱས་པ་དེ་ནི་དེ་སྔ་ཧོ་ཀོང་དང་དབྱིན་ཡུལ་དབར་བཞག་པའི་གྲོས་མཐུན་བརྩི་མེད་བཏང་བ་རེད་ཅེས་སྐྱོན་བརྗོད་གནང་སྟེ་རྒྱ་ གཞུང་གིས་ཧོང་ཀོང་མང་ཚོགས་ལ་རང་དབང་དང་དྲང་བདེན་ཐོག་གྲོས་ཚོགས་ཀྱི་འོས་བསྡུ་ལས་རིམ་གཉེར་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།ཁོང་གིས་ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཤར་ཏུ་ཀིས་ཐན་ནང་ཡུ་གུར་ཁ་ཆེའི་མི་རིགས་དང་གཞན་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མནར་གཅོད་དང་ངལ་རྩོལ་བསྒྱུར་བཀོད། དེ་བཞིན་བེུད་སྐྱེ་སྒོ་བཀག་པ་བཅས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ལག་བསྟར་བྱེད་བཞིན་ཁག་ཐེར་འདོན་གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱང་གནང་ཡོད་པ་རེད། གཞི་རྩའི་རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་དྲུག་པའི་ནང་ཧོ་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ལག་བསྟར་བྱས་པ་ནས་བཟུང་རྒྱ་ནག་དང་དབྱིན་ཡུལ་དབར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་དང་། ཉེ་ཆར་དབྱིན་ཡུལ་གཞུང་ནས་ཁུལ་དེའི་ནང་གི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་བརྙན་འཕྲིན་ལས་ཁང་ CGTN ཞེས་པའི་ལག་འཁྱེར་ཕྱིར་བསྡུ་བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་ནས་དབྱིན་ཡུལ་དུ་གཏོང་བཞིན་པའི་ངལ་རྩོལ་བསྒྱུར་བཀོད་འོག་ཡུ་གུར་མང་ཚོགས་ཀྱིས་བཟོས་པའི་སྤྲིན་བལ་ཚོང་ཟོག་ཁག་དབྱིན་ཡུལ་ནང་དོ་དམ་གནང་བའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད།  ལྷག་པར་དུ་ད་རེས་དབྱིན་ཡུལ་ཕྱི་སྲིད་བློན་ཆེན་མཆོག་གིས་ད་ལན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འཛེམ་ཟོན་མེད་པའི་ཐོར་འདོན་དང་སྐྱོན་བརྗོད་གནང་བ་འདི་ནི་རྒྱལ་ཁབ་ཕྱོགས་གཉིས་པོའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་དབྱིན་ཡུལ་ནས་རྒྱ་ནག་ལ་གདོང་ལེན་གནང་བ་ཞིག་ཡིན་པ་བརྒྱུད་ལམ་ཁག་དང་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་དེ་ལྟར་གནང་བཞིན་ཡོད་པ་རེད།སྤྱིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༦ ཉིན་དང་པོའི་ཚོགས་མི་རྒྱལ་ཁབ་ཁག་ཆེས་མཐོའི་དབུ་ཁྲིད་གཏམ་བཤད་ཐོག་ཁྱོན་རྒྱལ་ཁབ་ ༥༢ ནས་ཆ་བཤད་བཞེས་ཡོད་པ་དང། དེ་དག་ཁྲོད་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དབྱིན་ཡུལ་དང་ཌན་མག་གཉིས་བཤད་ཡོད་པ་རེད། སྐབས་དེར་ཌན་མག་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Jeppe Kofod ལགས་ཀྱིས་དབྱིན་ཡུལ་དང་གཅིག་མཚུངས་རྒྱ་ནག་གཞུང་གིས་ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་དང་འབྲེལ། ཡོ་རོབ་མཐུན་ཚོགས་དང་ཌན་མག་གི་ངོས་ནས་རྒྱ་ནག་དང་འབྲེལ་ཡོད་འགོ་ཁྲིད་ཚོར་ཧོང་ཀོང་ནང་མང་གཙོ་བསྐྱར་བཟོ་བྱས་ནས་མང་ཚོགས་ལ་རང་དབང་ལོངས་སུ་སྤྱོད་འཇུག་དགོས་པའི་སྐུལ་མ་ཡང་གནང་འདུག ད་ལན་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་དེ་ཁ་སང་ཕྱི་ཚེས་ ༢༢ ནས་ཕྱི་ཟླ་ ༣ ཚེས་༢༣ བར་འཚོགས་རྒྱུ་ཡིན་པ་དང་། ལྷན་ཚོགས་ཀྱི་ཚོགས་དུས་ཆ་ཚང་དྲ་ཐོག་ནས་གཉེར་རྒྱུ་ཡིན་པ་རེད།

རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་ཡོད་པའི་གྲོས་ཆོད་གཏན་འབེབས།  

ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཚད་མཐོ་གནང་སྟེ་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་ཡོད་པ་ནི་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཅིག་ཡིན་པའི་གྲོས་ཆོད་གཏན་འབེབས་གནང་འདུག་པར་མ་ཟད། ཁེ་ན་ཌས་རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་དག་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་གནང་བ་ནི་འདི་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རི་གཞུང་གིས་དེ་ལྟར་ངོས་འཛིན་གནང་བའི་རྗེས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།རེས་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མར་གྲོས་ཆོད་དེ་འཇོག་སྐབས་གཞུང་འཛིན་ཚོགས་པའི་འཐུས་མི་ཁག་ཅིག་གཙོས་ཕྱོགས་འགལ་ཚོགས་པའི་འཐུས་མི་ཚང་མས་འོས་འཕེན་ནས་རྒྱབ་སྐྱོར་ཚད་མཐོ་གནང་ཡོད་ཀྱང་ཁེ་ན་ཌའི་སྲིད་བློན་དང་བློན་ཆེན་རྣམ་པས་སྐབས་དེར་འོས་འཕེན་མེད་པ་དེ་ལྟར་ཡང་། སྐབས་དེར་ཅི་སྟེ་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་མུ་མཐུད་སྤེལ་ཚེ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལམ་སྤིག་རྩེད་འགྲན་དེ་པེ་ཅིང་དུ་འཚོགས་རྒྱུར་བཀག་འགོག་གནང་དགོས་པའི་གྲོས་ཆོད་གཞན་ཞིག་འཇོག་པར་སྲིད་འཛིན་དང་སྲིད་བློན་རྣམས་ནས་དེར་མཉམ་ཞུགས་གནང་འདུགསྐབས་དེར་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ ErinO'Toole ལགས་ཀྱིས་ད་ཐེངས་རྒྱབ་སྐྱོར་ཚད་མཐོ་ཐོབ་པའི་གྲོས་ཆོད་དེས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་ཐེབས་མིན་ལ་ལྟོས་མེད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་མཚན་གནས་ལ་ཆེ་མཐོང་དང་རྒྱབ་སྐྱོར་གནང་བ་ཞིག་དང་ཁེ་ན་ཌའི་གཞུང་དེ་འགྲོ་བ་མིའི་ཐོབ་ཐང་གི་བཞེངས་ཕྱོགས་དང་ལྷན་དུ་ཡོད་པའི་རྣམ་པ་མངོན་གསལ་གནང་སྐོར་གསུངས་འདུགཁེ་ན་ཌའི་གྲོས་ཚོགས་འོག་མའི་གྲོས་ཆོད་དེ་དང་འབྲེལ་ནས་ཁེ་ན་ཌར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་གྲོས་ཆོད་དེས་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པ་དང་ཤིན་ཅང་གྱི་ཁུལ་དུ་མི་རིགས་སྡེབ་གསོད་ཅེས་པ་ནི་གནད་དོན་དངོས་འབྲེལ་ཞིག་མིན་པ་དང་ཡུ་གུར་ས་ཡ་གཅིག་ལྷག་ལ་སློབ་གསོའི་བསྟི་གནས་ཁང་དུ་ལས་རིགས་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཚུལ་བརྗོད་འདུག་པར་མ་ཟད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཚོགས་ནང་ཤིན་ཅང་ཁུལ་དུ་ཁ་ཆེའི་ལྷ་ཁང་སྟོང་ཕྲག་ཉི་ཤུ་རྩ་བཞི་ཡོད་པར་མ་ཟད་ཁོང་ཚོར་ཤེས་ཡོན་སློབ་གསོ་སྤྲོད་པ་ལས་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་དང་ངལ་རྩོལ་བསྒྱུར་བཀོད་སོགས་ཀྱི་ལས་རིགས་གཉེར་གྱི་མེད་ལུགས་དང་། དེ་ལྟར་ཡིན་མིན་དང་འབྲེལ་བའི་ཐོག་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚན་པའི་མི་སྣ་སུ་འདྲ་ཞིག་ཕེབས་ཀྱང་དགའ་བསུ་ཡོད་སྐོར་བརྗོད་འདུགགཞི་རྩའི་འདི་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རི་ཕྱི་སྲིད་དྲུང་ཆེ་གསར་རྙིང་གཉིས་ཀས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་བ་ནི་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་གྲོས་ཆོད་བཞག་ཡོད་པར་མ་ཟད། ཉེ་བའི་ཆར་ BBC གསར་འགྱུར་ཚན་པས་ཉམས་ཞིབ་གནང་བར་ཡུ་གུར་མི་རིགས་དེ་དག་ངལ་རྩོལ་བསྒྱུར་བཀོད་ལ་སྤྱོད་བཞིན་ཡོད་པ་སོགས་སྙན་ཐོ་དང་དཔྱད་རྩོམ་ཁག་ཅིག་སྤེལ་ཡོད་པ་རེད།

ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་བསྐྱར་འདོན་གནང་བར་དགའ་བསུ།

བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མར་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་བསྐྱར་འདོན་གནང་བར་དགའ་བསུའི་འཚམས་འདྲི་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་ལམ་ཨ་མི་རི་ཀའི་གྲོས་ཚོགས་འོག་མར་ཡུལ་དེའི་ཆབ་སྲིད་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ Ugyur Forced Labor Prevention Act ཞེས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་འཆར་བསྐྱར་འདོན་གནང་བར་དགའ་བསུ་ཞུས་པ་དང་སྦྲགས། ཁྲིམས་འཆར་དེས་ཤིན་ཅང་ནང་བཙན་དབང་གིས་ངལ་རྩོལ་ལས་རིགས་གཉེར་འཇུག་བཞིན་བཟོ་སྐྲུན་བྱས་པའི་ཚོང་ཟོག་རྣམས་རྒྱལ་ཁབ་གཞན་ལ་ཚོང་གཉེར་བྱ་རྒྱུར་བཀག་སྡོམ་གནང་བ་མ་ཟད། རྒྱ་གཞུང་གིས་དུས་ཡུན་རིང་པོར་ཡུ་གུར་གྱི་ཁ་ཆེ་གྲངས་ཉུང་མི་རིགས་དང་བོད་མིའི་ཐོག་དྲག་གནོན་གྱིས་ངལ་རྩོལ་ལས་རིགས་འདྲ་མིན་གཉེར་འཇུག་བཞིན་པའི་འགན་འཁུར་དགོས་པ་ཞིག་བཟོ་ངེས་ཡིན་ཞེས་གསུངས་འདུགབསྐྱར་འདོན་གནང་བའི་ཁྲིམས་འཆར་དེའི་ནང་རྐང་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ས་གནས་ཁ་ཆེའི་གྲངས་ཉུང་མི་རིགས་འཛིན་བཟུང་བཀག་བསྐྱིལ་གྱིས་ཁོང་རྣམས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་འདོད་པ་མེད་བཞིན་དུ་ངལ་རྩོལ་གྱི་ལས་རིགས་འདྲ་མིན་གཉེར་འཇུག་བཞིན་པའི་གནད་དོན་རྣམས་ཐེར་འདོན་གནང་བ་དང་སྦྲགས་ཏེ་ཨ་རི་སྲིད་གཞུང་ནས་ངལ་རྩོལ་གྱི་ལས་རིགས་སྐུལ་མཁན་དང་དེ་འབྲེལ་གྱི་དཔོན་རིགས་རྣམས་ལ་མཐོང་མཆན་བཀག་སྡོམ་དང་དཔལ་འབྱོར་སོགས་ཀྱི་ཉེས་ཆད་བཀལ་དགོས་ཞེས་དང་། ལྷག་པར་དུ་བཙན་དབང་གིས་ངལ་རྩོལ་ལས་རིགས་ཐོག་ནས་བཟོ་སྐྲུན་བྱས་པའི་ཚོང་ཟོག་རྣམས་ཨ་རིར་ནང་འདྲེན་བྱ་རྒྱུར་བཀག་སྡོམ་བྱེད་དགོས་སྐོར་གསུངས་པར་མ་ཟད། ཨ་རིའི་ཚོང་ལས་སྡེ་ཚན་རྣམས་ཀྱིས་ཤིན་ཅང་ནང་གི་ངལ་རྩོལ་དང་འབྲེལ་བའི་བཟོ་གྲྭ་ཁག་དང་འབྲེལ་བ་ཡོད་མེད་ལ་ཞིབ་འཇུག་གནང་དགོས་པ་སོགས་འཁོད་ཡོད་པ་རེད། ཁྲིམས་འཆར་དེ་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Jennifer Wexton ལགས་དང་སྐུ་ཞབས་ Jim McGovern ལགས། སྐུ་ཞབས་ Thomas R. Suozzi ལགས། Tom Malinowski ལགས། དེ་བཞིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Vicky Hartzler ལགས་དང་སྐུ་ཞབས་ Chris Smith ལགས། Mike Gallagher ལགས་བཅས་ཐུན་མོང་གིས་རྒྱབ་སྐྱོར་གནང་སྟེ་འདོན་སྤེལ་གནང་བ་ཞིག་ཡིན་པ་རེད།ཁྲིམས་འཆར་འདི་ཨ་རིའི་གཞུང་འཛིན་གོང་མའི་སྐབས་གྲོས་ཚོགས་གོང་མ་ནང་ཆེད་འདོན་ཟིན་ཡོད་ཀྱང་ཉེ་ལམ་མཇུལ་སྒྲིལ་ཟིན་པའི་ཨ་རིའི་འོས་བསྡུ་ཆེན་མོའི་ཁྲོད་གཞུང་འཛིན་ལ་འཕོ་འགྱུར་ཕྱིན་པའི་གནས་སྟངས་དང་གྲོས་ཚོགས་གོང་མར་ཁྲིམས་འཆར་དེར་ཁ་སྣོན་ཕྲན་བུ་གནང་བའི་དབང་གིས་ད་རེས་སླར་ཡང་གྲོས་ཚོགས་འོག་མར་ཆེད་འདོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་དོན་བསྐྱར་འདོན་གནང་བའི་ཁྲིམས་འཆར་དེའི་ནང་བོད་དང་འབྲེལ་བའི་ཚིག་བརྗོད་ཁག་ཅིག་འཁོད་ཡོད་པ་ལྟར་གཞིགས་ཚེ་རྒྱ་གཞུང་ནས་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་དུ་བོད་མི་སྟོང་ཕྲག་མང་པོ་བཙན་དབང་ཐོག་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ཁག་ཏུ་ཞུགས་བཅུག་པ་དང་དེ་བཞིན་ངལ་རྩོལ་ལས་རིགས་འདྲ་མིན་གཉེར་འཇུག་བཞིན་པ་དེ་དག་ནི་ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཐོག་ལག་བསྟར་བྱེད་བཞིན་པ་དང་གཅིག་མཚུངས་ཡིན་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཨ་རི་སྲིད་གཞུང་ནས་ཐེངས་འདིའི་ཁྲིམས་འཆར་འོག་ཤིན་ཅང་ཙམ་མིན་པར་བོད་དང་རྒྱ་ནག་ཁྱོན་ཡོངས་ཀྱི་ནང་ངལ་རྩོལ་གྱི་ལས་རིགས་དང་འབྲེལ་ནས་ཡོང་བའི་ཚོང་ཟོག་རྣམས་ཨ་རིར་ཚོང་འགྲེམས་གནང་རྒྱུར་བཀག་སྡོམ་གནང་དགོས་པ་གསུངས་ཡོད་པ་རེད།

བོད་ཀྱི་གནས་ཚུལ་གང་ཡིན་བོད་པ་རང་གིས་འབྲི་དགོས།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་གངས་སྐྱིད་དུ་བོད་ཀྱི་སྲིད་ཉམས་ཞིབ་ཁང་ནས་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐོག་ཕྱོགས་སྒྲིག་ཞུས་པའི་ ༢༠༢༠ ལོའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཀྱི་དུས་དེབ་འགྲེམས་སྤེལ་གནང་བ་དང་འབྲེལ། དབྱིན་ཡིག་གི་དུས་དེབ་ནང་འཁོད་པའི་དཔྱད་རྩོམ་ཁག་གི་ཐོག་ཉམས་ཞིབ་པ་རྣམ་པས་གསུང་བཤད་དང་བགྲོ་གླེང་གནང་སོང་།དབྱིན་ཡིག་གི་ཉམས་ཞིབ་དུས་དེབ་ཀྱི་འགོ་བརྗོད་དུ་ Foregrounding Tibet ཞེས་བོད་མདུན་ངོས་སུ་བཞག་དགོས་ཞེས་འཁོད་འདུག་པ་དང་དེའི་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པས་གཙོས་པའི་རྒྱལ་སྤྱིའི་ས་གནས་ཁག་ཏུ་བཞུགས་པའི་བོད་པའི་ན་གཞོན་ཉམས་ཞིབ་པ་བཅས་ཀྱིས་ རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་ཀྱི་འབྲེལ་བའི་ཁྲོད་བོད་ཀྱི་གནད་དོན་ངོ་མ་ཞིག་ཡོད་དམ། ཡང་ན་རྟོག་སྒྲུང་ཙམ་ཡིན་ནམ་ཞེས་དང་། རྒྱ་དཀར་ནག་གི་རྩོད་རྙོག་ཁྲོད་བོད་ཀྱི་གནད་དོན། བོད་དང་ཧི་མཱ་ལ་ཡའི་ཐོག་རྒྱ་ནག་གི་ཐབས་བྱུས། བོད་ཀྱི་བདེ་འཇགས་དང་འཇམ་པོའི་སྟོབས་ཤུགས། ཆུའི་འབྱུང་ཁུངས་བཅས་གལ་གནད་ཆེ་བའི་བརྗོད་གཞི་དགུའི་ཐོག་དཔྱད་ཞིབ་གནང་བའི་དཔྱད་རྩོམ་ཁག་ཆེད་བཀོད་གནང་འདུགཉམས་ཞིབ་ཀྱི་དཔྱད་རྩོམ་དང་འབྲེལ་བའི་བགྲོ་གླེང་ལས་རིམ་གྱི་ཐོག་མ་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ད་ཆ་རྒྱ་དཀར་གཉིས་ཀྱི་རྩོད་རྙོག་གཙོས་རྒྱལ་སྤྱིའི་གནད་དོན་ཁྲོད་བོད་ཀྱི་གནད་དོན་ཐོག་གླེང་སློང་དེ་ཙམ་བྱུང་གི་མེད་སྟབས། ཐེངས་འདིའི་དབྱིན་ཡིག་ཐོག་ཡོད་པའི་དཔྱད་རྩོམ་ཁྲོད་བོད་ཀྱི་གནད་དོན་དང་དེའི་གལ་ཆེའི་རང་བཞིན་ཁག་ཟུར་འདོན་གནང་ཡོད་སྐོར་ངོ་སྤྲོད་གནང་ཡོད། ལྷག་པར་དུ་ཁོང་གིས་བོད་ཀྱི་གནས་ཚུལ་གླེང་སློང་སྐབས་ཕྱོགས་གཅིག་ཁོ་ནའི་གསུང་སྲོལ་ཙམ་མིན་པར་ཕྱོགས་འདྲ་མིན་ནས་གསུང་དགོས་གལ་ཆེ་བ་དང་དེ་འབྲེལ་ཕྱག་དེབ་ཁག་ལ་ངེས་གཟིགས་གནང་གནད་ཡིན་སྟབས། བོད་ཀྱི་གནད་ཐོག་དཔྱད་རྩོམ་རིགས་སྤེལ་མཁན་ཕྱིའི་མི་སེར་ཁག་ཅིག་ཡོད་མེད་ལ་ལྟོས་མེད་གཙོ་བོ་བོད་ཀྱི་གནས་ཚུལ་གང་ཡིན་དེ་བོད་པ་རང་གིས་འབྲི་དགོས་གལ་ཡིན་སྐོར་གསུངས་སོང་།བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ལོ་བསྟར་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་བཞིན་ཡོད་པ་དང་། ད་རེས་ཉིན་འཁྱོངས་ཚོགས་པའི་བགྲོ་གླེང་གི་ལས་རིམ་ཐོག་བོད་པའི་ཉམས་ཞིབ་པ་དང་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་ཏུ་ཕྱག་ལས་གནང་མཁན་གྱི་མི་སྣ། དེ་བཞིན་ཉམས་ཞིབ་བ་ཁག་ཅིག་ཏོག་དབྱིབས་རིམ་ནད་ཀྱི་ཛ་དྲག་གནས་སྟངས་ཁྲོད་དངོས་སུ་བཞུགས་སྒར་དུ་ཕེབས་ཐུབ་མེད་ཀྱང་དྲ་ཐོག་བརྒྱུད་མཉམ་ཞུསག་གནང་འདུག བགྲོ་གླེང་གི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷག་སྒྲོན་ལགས་ཀྱིས་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་ཀྱི་འབྲེལ་བའི་ཁྲོད་བོད་ཀྱི་གནད་དོན་ངོ་མ་ཞིག་ཡོད་དམ། ཡང་ན་རྟོག་སྒྲུང་ཙམ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་བྲིས་པའི་ནང་དོན་ཁག་ངོ་སྤྲོད་དང་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༢༡།༠༢།༢༢

ཉན་པ།: Listen ཕབ་ལེན། Download བོད་མིའི་མཉམ་ཞུགས་འདོད་བློ་འཁེངས་པ་ཞིག་བྱུང་མེད་པ་གསུངས་སོང་། སྦྲག་ཐོག་བརྒྱུད་ནས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ། བོད་ཀྱི་སྐད་ཡིག་ནི་གོ་ལ་སྤྱིའི་ཞི་བདེའི་བླ་སྲོག་མཚོན་པའི་སྐད་ཡིག་ཅིག་རེད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་རྒྱུའི་ཞུ་སྐུལ་ལས་འགུལ་སྤེལ་བ། སྲིད་སྐྱོང་གི་ལས་ཡུན་རྫོགས་ཉེ་དང་བསྟུན་རྒྱ་གར་བྱང་ཤར་ཁུལ་ནས་ཐོན་མཇལ་དབུ་འཛུགས། ཨ་རིས་རྒྱ་གཞུང་ལ་དཔལ་འབྱོར་གྱི་ཉེས་ཆད་བཏང་ཁག་ཕྱིར་འཐེན་དགོས་པའི་གཞེན་སྐུལ། Monday 22/02/2021 March to Delhi: Activist laments lack of enough support from fellow Tibetans Tibet activist begins postal petition to UN Exile Tibetans mark International Mother Language Day Sikyong begins farewell visit to Tibetan settlements as term nears end China urges U.S. to lift trade restrictions, stop ‘undermining’ its internal affairs

བོད་པ་མང་ཚོགས་ཀྱི་མཉམ་ཞུགས་འདོད་བློ་འཁེངས་པ་ཞིག་བྱུང་མེད་པ་གསུངས་སོང་།

བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་ལོ་གསར་ཚེས་ ༡ སྟེ་ཟླ་ ༢ ཚེས་ ༡༢ ཉིན་བཞུགས་སྒར་དྷརྨ་ས་ལ་ནས་དབུ་འཛུགས་ཀྱིས་རྒྱལ་ས་ལྡི་ལི་བར་བོད་དོན་གོམ་བགྲོད་དང་སྦྲགས་རྒྱ་གར་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་གནང་བཞིན་པ་དེར་བསྒྱུར་བཅོས་གནང་དགོས་པའི་དགོས་འདུན་དང་བོད་མི་མང་ཚོགས་རྣམས་ནས་ས་གནས་ཡུལ་མི་དང་འབྲེལ་ཡོད་དབུ་ཁྲིད་རྣམས་ལ་རྒྱ་གར་འདི་བོད་དང་ས་འབྲེལ་ཡིན་པ་ལས་རྒྱ་ནག་དང་ས་འབྲེལ་མིན་པ་སོགས་ཀྱི་དྲིལ་བསྒྲགས་དང་ཞུ་གཏུག་ལས་འགུལ་སྤེལ་དགོས་པའི་རེ་སྐུལ་གནང་བཞིན་ཡོད་པ་རེད།དེ་རིང་བསྟན་འཛིན་བརྩོན་འགྲུས་ལགས་གོམ་བགྲོད་གནང་སྟེ་ཉིན་གྲངས་ ༡༡ སོང་མཚམས་འདིར་རླུང་འཕྲིན་ཁང་གིས་འདས་པའི་ཉིན་གྲངས་དེ་དག་ཁྲོད་བོད་མི་མང་ཚོགས་ཀྱི་ངོས་ནས་ལས་འགུལ་དེར་མཉམ་ཞུགས་དང་ལྷག་པར་དུ་ས་གནས་ས་ཐོག་ཏུ་རྒྱ་གར་ཡུལ་མི་ཚོའི་ངོས་ནས་གཟིགས་ཕྱོགས་གང་འདྲ་ཡོད་མེད་སོགས་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་དེ་བོད་དོན་དྲིལ་བསྒྲགས་ཙམ་མ་ཡིན་པར་རྒྱ་གར་གཞུང་གི་སྲིད་བྱུས་ལ་བསྒྱུར་བཅོས་གནང་རྒྱུ་དེ་ཡིན་བསྟབས། བོད་མི་མང་ཚོགས་རྣམས་ནས་ལས་འགུལ་འདིར་མཉམ་ཞུགས་གནང་རྒྱུ་ཆེས་གལ་ཆེན་པོ་ཆགས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་བོད་མི་མང་ཚོགས་ཀྱི་ངོས་ནས་མཉམ་ཞུགས་གནང་ཕྱོགས་ལ་འདོད་པ་འཁེངས་པ་ཞིག་བྱུང་མ་སོང་ཞེས་གསུངས་པ་དང་ཆབས་ཅིག མང་ཚོགས་རྣམས་ཀྱིས་ལས་འགུལ་འདི་བསྟན་འཛིན་བརྩོན་འགྲུས་གང་ཟག་སྒེར་དང་འབྲེལ་བ་ཡོད་པའི་ལས་འགུལ་ཞིག་ལ་ངོས་འཛིན་མ་གནང་བར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཆེད་དུ་ཡིན་པར་དགོངས་པ་བཞེས་གནད་ཡིན་པའི་གཞེན་སྐུལ་གནང་སོང་།ས་གནས་རྒྱ་གར་གྱི་ཡུལ་མི་དང་འབྲེལ་ཡོད་དབུ་ཁྲིད་རྣམས་ལ་རྒྱ་གར་འདི་བོད་དང་ས་འབྲེལ་ཡིན་པ་ལས་རྒྱ་ནག་དང་ས་འབྲེལ་མིན་པའི་དྲིལ་བསྒྲགས་དང་ཞུ་གཏུག་སོགས་གནང་རྒྱུ་དེ་ཆགས་ཀྱི་ཡོད་པ་དང་འབྲེལ་ནས་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱ་གར་དང་རྒྱ་ནག་གི་དམག་སྤྱིའི་དབར་གྲོས་མོལ་ཐེངས་བཅུ་པ་དེ་གནང་རྗེས་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་དུ་ཆགས་པའི་ལ་དྭགས་སྤང་གོང་མཚོའི་ཁུལ་གྱི་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་རྣམས་ཕྱོགས་སོ་སོའི་ས་ཁོངས་སུ་ཕྱིར་བཤོལ་གནང་རྒྱུའི་ཐག་གཅོད་བྱུང་བ་དང་། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་སྔར་ལོ་སྤང་གོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ལག་འཛིང་སོགས་ཤོར་བའི་དོན་རྐྱེན་དེ་དག་རྒྱ་གར་གི་དམག་མིས་བཟོས་པ་ཞིག་ཡིན་སྐོར་བརྙན་ཐུང་ཕྱོགས་སྒྲིག་བྱས་པ་ཞིག་འདོན་སྤེལ་བྱས་པ་དང་སྐབས་དེའི་དོན་རྐྱེན་ཁྲོད་རྒྱ་ནག་གི་དམག་མི་ ༤༥ ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཡོངས་ཁྱབ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནད་དོན་དེ་དག་ད་བར་གསང་བ་བྱས་ནས་ཉེ་ཆར་སྐབས་དེར་རྒྱ་ནག་གི་དམག་མི་བཞིའི་ཚེ་སྲོག་ཤོར་སྐོར་བཤད་པའི་གནས་ཚུལ་ཐོན་ཡོད་པ་རེད།གཞི་རྩའི་བསྟན་འཛིན་བརྩོན་འགྲུས་ལགས་དེ་རིང་ Punjab མངའ་སྡེའི་ Bharatgarh ས་གནས་ནས་ཕེབས་ཏེ་དགོང་དྲོ་ Rupnagar ཞེས་པའི་ས་གནས་སུ་འབྱོར་གྱི་ཡོད་པར་མ་ཟད། རིམ་བཞིན་ Chandigarh སོགས་བརྒྱུད་ནས་ཕྱི་ཟླ་ ༣ ཕྱི་ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པའི་ཉིན་རྒྱལ་ས་ལྡི་ལིར་མཇུག་སྒྲིལ་གནང་གི་ཡོད་པ་རེད།

སྦྲག་ཐོག་བརྒྱུད་ནས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག

ད་ལྟའི་ཆར་རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ཡོ་རོབ་རྒྱལ་ཁབ་ཁག་ནང་དུ་རིང་མིན་གསུམ་བཅུའི་དུས་དྲན་ཉིན་སྔར་རྒྱུན་ལྟར་མང་ཚོགས་འདུ་འཛོམས་ཆེ་བའི་བོད་དོན་ལས་འགུལ་སྤེལ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་སྟབས་གནས་སྟངས་དེའི་ཁྲོད་སུད་སིར་གནས་བཞུགས་བོད་དོན་ལས་འགུལ་བ་བློ་བཟང་དར་རྒྱས་ལགས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་མཚན་ཐོག་ལ་དོན་ཚན་བཞི་ཅན་ཆེད་བཀོད་ཀྱིས་སྦྲག་ཐོག་བརྒྱུད་དེ་བོད་དོན་ཞུ་གཏུག་ལས་འགུལ་ཞིག་དབུ་འཛུགས་གནང་འདུགཐེངས་འདིའི་སྦྲག་ཐོག་ལམ་ནས་རྒྱལ་ཚོགས་ལ་དབུལ་རྒྱུའི་བོད་དོན་ཞུ་གཏུག་གི་སྙན་ཞུ་ནང་དོན་ཚན་བཞི་ཆེད་བཀོད་གནང་འདུག་ཅིང། རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་ཞལ་བཙུམས་ནས་མ་བཞུགས་པར་ལྟ་སྲུང་བྱས་ཏེ་འཕྲལ་མར་རྟོག་ཞིབ་དང་བསྐྱར་ཞིབ་གནང་དགོས། རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་མི་སྣ་བོད་ནང་བཀག་འགོག་མེད་པར་འགྲོ་སྐྱོད་ཆེད་རྒྱ་གཞུང་སྐུལ་མ་གནང་དགོས། རྒྱལ་ཚོགས་ནས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་གཞིར་བཟུང་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་དང་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་བའི་ཐོག་ཐེ་བྱུས་བྱ་མཚམས་འཇོག་དགོས་པར་མ་ཟད། རྒྱལ་ཚོགས་ནས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཀྱི་གནད་དོན་གཙགོས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཁ་གསལ་ཡོང་བར་རྒྱ་ནག་གཞུང་ལ་ཤུགས་གནོན་སྤྲོད་དགོས་ཞེས་འཁོད་འདུག སྤྱིར་སུད་སི་གྲོང་ཁྱེར་སྦན་དུ་གནས་བཞུགས་བོད་དོན་ལས་འགུལ་བ་བློ་བཟང་དར་རྒྱས་ལགས་ནི་རྒྱུན་དུ་ནས་བོད་དོན་ལས་འགུལ་སྣེ་ཁྲིད་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་གཉེར་མཁན་ཞིག་ཡིན་ཞིང། སྔ་ལོའི་ཕྱི་ཟླ་ ༦ ནང་ཁོང་གིས་སྣེ་ཁྲིད་འོག་སུད་སི་རྒྱལ་ས་སྦན་ནས་ཇི་ནི་ཝར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༡༣་༡༤ ལོར་བོད་མིའི་གསུམ་བཅུའི་དུས་དྲན་སྐབས་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ཞབས་སྟེགས་ཞབས་ཆག་ཐོག་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། སླར་ཡང་ཁོང་གིས་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་ནས་ད་ལྟའི་ཆར་ཉམ་ཆུང་རོགས་རམ་སྤྱི་ཚོགས་ཞབས་ཞུ་ཞེས་པ་ཆེད་འཛུགས་ཀྱིས་རྒྱ་གར་ནང་གི་བོད་མིའི་གཞི་ཆགས་ཁུལ་དུ་ཉམ་ཐག་བོད་མི་བགྲེས་སོང་ཁག་ལ་དཔལ་འབྱོར་གྱི་ཞབས་ཞུའི་ལས་དོན་གཉེར་བཞིན་ཡོད་པ་རེད།

བོད་ཀྱི་སྐད་ཡིག་ནི་གོ་ལ་སྤྱིའི་ཞི་བདེའི་བླ་སྲོག་མཚོན་པའི་སྐད་ཡིག་ཅིག་རེད།

ཁ་སང་རེས་གཟའ་ཉི་མ་སྟེ་རྒྱལ་སྤྱིའི་མ་སྐད་ཉིན་མོ་དང་བསྟུན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་ཁུལ་དུ་བོད་ནང་གི་བོད་མི་ཚོས་རང་གི་སྐད་ཡིག་གི་རང་དབང་ཆེད་ངོ་རྒོལ་སྐད་འབོད་གནང་སྟེ་ལོ་ངོ་ ༡༠ འཁོར་བའི་རྗེས་དྲན་གྱི་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ལགས་ཀྱིས་རྒྱ་ཆེ་ས་ནས་ཞུས་ན་བོད་ཀྱི་སྐད་ཡིག་ནི་གོ་ལ་སྤྱིའི་ཞི་བདེའི་བླ་སྲོག་མཚོན་པའི་སྐད་ཡིག་ཞིག་རེད་ཅེས་གསུངས་སོང་། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ཆུ་བཞི་སྒང་དྲུག་རྗེས་དྲན་ཚོགས་ཁང་དུ་ངག་མེད་ཀྱི་མགྲིན་ཚབ་ལས་འགུལ་ཚོགས་པས་གོ་སྒྲིག་ཞུས་པའི་སྐད་ཡིག་རང་དབང་གི་རྗེས་དྲན་མཛད་སྒོའི་ཐོག་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ལགས་མཁས་དབང་གི་གསུང་བཤད་གནང་ཕྱིར་མགྲོན་འབོད་གདན་ཞུ་གནང་བ་དོན་ལྟར་ཁོང་གིས་སྤྱིར་སྐད་ཡིག་གི་རིན་ཐང་དང་སྒོས་བོད་ཀྱི་སྐད་ཡིག་གི་རིན་ཐང་། དེ་བཞིན་སྐད་ཡིག་སྲུང་སྐྱོབ་དང་གདོང་ལན་གནང་ཕྱོགས་བཅས་ཀྱི་བརྗོད་གཞིའི་ཐོག་མི་དང་དུད་འགྲོའི་དབར་སྨྲ་ཤེས་པར་དོན་གོ་བའི་གནས་སྟངས་ཀྱི་ཁྱད་ཡོད་པ་དང་སྨྲ་ཤེས་དོན་གོ་བ་ཞེས་བརྗོད་སྐབས་སྐད་དང་ཡི་གེར་གོ་དགོས་པ། སྐད་ཡིག་ལ་དཔལ་འབྱོར་དང་འཛུགས་སྐྲུན། དམག་དོན། ཆོས་ལུགས། ལྟ་གྲུབ་སོགས་གང་ཅིའི་ཐད་ནས་ཕན་ཚུན་དབར་གོ་བརྡ་སྤྲོད་ཐུབ་པའི་རིན་ཐང་ཡོད་པ། འཛམ་གླིང་ནང་ནས་སྐད་ཡིག་ཆེས་ཐོག་མ་དེ་ Greece ནས་བྱུང་བའི་ Latin སྐད་ཡིག་ཡིན་ཀྱང་བེད་སྤྱོད་ཀྱི་རང་བཞིན་ཐོག་ནས་རིན་ཐང་ཆེ་ཤོས་དེ་དབྱིན་ཇིའི་སྐད་ཡིག་ཆགས་ཡོད་པ་རེད། འོན་ཏང་རྒྱ་ཡིག་དེ་བེད་སྤྱོད་བྱེད་མཁན་མང་པོ་ཡོད་པའི་དབང་གིས་རིན་ཐང་ཆེན་པོར་ངོས་འཛིན་གནང་གི་ཡོད་སྐོར་སོགས་གསུངས་པར་མ་ཟད། ལྷག་དོན་ཚན་རིག་གི་ཉམས་ཞིབ་པའི་ཐོག་ནས་སྐད་བརྡ་དང་ཡི་གེ་གཉིས་མཚུངས་ཆའི་སྟེང་ནས་རིན་ཐང་ཆེ་ཤོས་དེ་ལེགས་སྦྱར་སྐད་ཡིག་ལ་ངོས་འཛིན་གནང་གི་ཡོད་པ་བཅས་ངོ་སྤྲོད་གནང་སྟེ། བོད་ཀྱི་སྐད་དེ་བོད་མི་དང་ཧི་མཱ་ལ་ཡའི་མི་རིགས། དེ་བཞིན་ནུབ་ཕྱོགས་ཀྱི་མི་རིགས་ཁག་ཅིག་བཅས་ཁྱོན་མི་འབོར་བྱི་བ་གཅིག་ལྷག་ལས་བཀོལ་སྤྱོད་བྱེད་མཁན་མེད་ཀྱང་། སྐད་ཡིག་གི་ཁྱད་ཆོས་མེད་དུ་མི་རུང་བ་ཞིག་ནི་ཤེས་བྱའི་བྱ་གཞག་མུ་མཐུད་རྒྱུན་གནས་ཀྱི་ནུས་པ་ལྡན་དགོས་སྟབས། བོད་ཀྱི་སྐད་ཡིག་ལ་ནུས་པ་དེ་ལྡན་ཡོད་དང་ལྷག་པར་དུ་ནང་པའི་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བ་ཞིག་བོད་ཀྱི་སྐད་ཡིག་ཐོག་ནས་གསོན་པོར་གནས་ཐུབ་པ་ལྟར་སྐད་ཡིག་དེར་འཛམ་གླིང་ཞི་བདེ་དང་ལྷིང་འཇགས། མཛའ་བརྩེ་གོང་འཕེལ་བཅས་ཀྱི་ནུས་པ་ལྡན་ཡོད་སྐོར་གསུངས་ཡོད།ཁོང་གིས་ད་དུང་བོད་མིར་ཆ་མཚོན་ན་བོད་ཀྱི་སྐད་ཡིག་འདི་ནི་ནང་པའི་ཆོས་དང་རིག་གཞུང་གཉིས་ཀའི་སྲོག་རྩ་ཡིན་པར་མ་ཟད་མི་ལོ་ ༢༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་རིག་པའི་གཞུང་ལུགས་དེ་གལ་ཏེ་མེད་པའི་དབང་དུ་བཏང་ཚེ་༸རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཙམ་མ་ཟད་གསུང་འབུམ་སྟོང་ཕྲག་ཡོད་པ་ཆ་ཚང་བེད་མེད་གད་སྙིགས་ཆགས་རྒྱུ་དང་ད་ལྟའི་ཆར་བོད་ཀྱི་སྐད་ཡིག་ཐོག་ནས་བོད་མི་དང་ལྷག་པར་དུ་ཧི་མཱ་ལ་ཡའི་མི་རིགས། དེ་བཞིན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ ༡༣༠ ལྷག་བཅས་མདོར་ན་འཛམ་གླིང་སྤྱི་ཡོངས་ལ་བྱམས་བརྩེ་དང་སྙིང་རྗེ། ཞི་བདེ་བཅས་ཉམས་ལེན་བྱེད་མཁན་ཚོར་སྐད་ཡིག་དེ་བླ་སྲོག་ལྟ་བུ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།  རྒྱལ་སྤྱིའི་མ་སྐད་ཉིན་མོ་སྲུང་བརྩི་དང་བོད་ནང་སོ་སོའི་སྐད་ཡིག་གི་རང་དབང་ཆེད་ངོ་རྒོལ་སྐད་འབོད་གནང་སྟེ་མི་ལོ་ ༡༠ འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་མཁས་དབང་བེ་རི་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ད་དུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ལ་སྟོས་མེད་རང་ཅག་བོད་མི་རྣམས་ནས་རྩ་ཆེ་བའི་སྐད་ཡིག་དེ་མི་ཉམས་རྒྱུན་འཛིན་གནང་གལ་ཆེ་སྐོར་དང་གཞི་རིམ་མང་ཚོགས་ནང་ཀྱང་རྣམ་ཀུན་ཏུ་རང་སྐད་བཀོལ་སྤྱོད་གང་ཐུབ་གནང་དགོས་གལ་ཡིན་པར་མ་ཟད་ཤེས་ཡོན་ཅན་ཚོས་དཔལ་འབྱོར་དང་ཚོང་འབྲེལ། ལོ་རྒྱུས། ལག་རྩལ། ཚན་རིག་སོགས་ཕྱོགས་རིག་པའི་གཞུང་ལུགས་དང་།   དེ་དག་གི་ཐ་སྙད་གསར་བཟོ་གནང་རྒྱུར་འབད་བརྩོན་གནང་དགོས་པའི་ལམ་སྟོན་ཡང་གནང་ཡོད་པ་རེད།གཞི་རྩའི་ཁ་སང་རྒྱལ་སྤྱིའི་མ་སྐད་ཉིན་མོ་སྲུང་བརྩི་ཞུས་པའི་འཛད་སྒོའི་སྐུ་མགྲོན་གཙོ་བོར་ལྡི་ལི་དོན་གཅོད་ཁང་གི་དྲུང་ཆེ་དང་དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་གྱི་མཁས་དབང་ཁག་ཅིག་དབུས་ས་གནས་ཀྱི་མང་ཚོགས་ ༥༠ ལྷག་འདུ་འཛོམས་གནང་འདུག་པ་དང་། མཛད་སྒོ་དེ་གོ་སྒྲིག་གནང་མཁན་ངག་མེད་མགྲིན་ཚབ་ལས་འགུལ་ཁང་གི་སློབ་སྟོན་པ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་དང་ཕྱག་འཁྱེར་གསོལ་རྩལ་བ་དང་། སྐད་ཡིག་གི་གལ་གནད་དང་འབྲེལ་བའི་མང་ཚོགས་ལ་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་སོང་།

Latest news