Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2022

རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཇག་ཚོགས་བཏང་སྟེ་ལས་འགུལ་བར་ཁ་རྡུང་བཏང་འདུག  

འདས་པའི་ཟླ་བ་མང་པོའི་གོང་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཡུ་གུར་བ་དང་ཧོང་ཀོང་མང་གཙོའི་ལས་འགུལ་བ། འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་ཚོགས་སྒེར་མང་དག་ཅིག་ནས་རྒྱལ་སྤྱིའི་ས་གནས་སྟེང་འདི་ལོར་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་ལ་ངོ་རྒོལ་གྱི་ལས་འགུལ་སྣ་མང་སྤེལ་མུས་ཡིན་པ་ལྟར། རྒྱ་ནག་དང་ས་ཐག་ཉེ་བའི་ཐེ་ཝན་ལ་མཚོན་ན། ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་རྐང་འགན་བཞེས་ཐོག་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༨ ནས་བཟུང་རེས་གཟའ་ལྷག་པ་འཆར་ཅན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་འབྲེལ་ལས་ཁུངས་དང་། རྒྱ་ནག་དངུལ་ཁང་ཆེན་མོ་སོགས་ཀྱི་མདུན་དུ་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་ཐེར་འདོན་དང་སྦྲགས་ཏེ། རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་རེད། ཁོང་རྣམ་པའི་ལས་འགུལ་མཐའ་མ་དེ་ཁ་སང་རེས་གཟའ་ལྷག་པའི་ཉིན་སྤེལ་བ་དང་བསྟུན། རླུང་འཕྲིན་ཁང་གིས་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་གཅིག་ཞུས་པར་ཁ་སང་ལས་འགུལ་ཉིན་མཐའ་མའི་སྐབས་ཐེ་ཝན་གྲོས་ཚོགས་མདུན་དུ་གྲོས་ཚོགས་འཐུས་མི་ཁག་གཅིག་ལྷན་ཞུགས་ཐོག་གསར་འགོ་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གཙོས་ས་གནས་མི་མང་གིས་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་གནང་བཞིན་པའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་གི་བྱེད་སྟངས་ཁག་ལ་སྐྱོན་བརྗོད་གནང་གལ་ཡིན་པ་སོགས་གསུང་བཤད་གནང་བར་ངོ་སྤྲོད་གནང་ཡོད།ལྷག་པར་དུ་ཁོང་གིས་དུས་རྒྱུན་ཐེ་ཝན་ནང་ལ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོགས་པ་ཁག་གིས་ཆེད་མངགས་མི་བཏང་སྟེ་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ལས་འགུལ་བའི་ལས་དོན་ལ་ལྟ་སྲུང་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཁ་སང་གི་ལས་འགུལ་སྐབས་འབྲེལ་ཡོད་ཚོགས་པ་དེ་དག་གི་ལྟ་སྲུང་བྱས་པ་མ་ཟད། ལས་འགུལ་སྤེལ་སའི་ས་ཚིགས་ཐོག་ཆེད་མངགས་ཇག་ཚོགས་བཏང་ནས་ལས་འགུལ་བར་ཁ་བརྡུང་སོགས་བཏང་པའི་གནས་སྟངས་ཡང་བྱུང་ཡོད་ཅེས་གསུངས་ཡོད།

རྒྱ་ནག་གིས་ Fight Club ཞེས་པའི་གློག་བརྙན་གྱི་ལེའུ་མཐའ་མ་བཅོས་སྒྲིག་བྱས་པ།

ཕྱི་ལོ་ ༡༩༩༩ ལོར་ཨ་རི་ནང་གློག་བརྙན་བཟོ་བཀོད་པ་ David Fincher  ཡིས་སྤྱི་ཚོགས་བདེ་ཐབས་དང་འབྲེལ་ནས་ཆེད་བཟོ་གནང་བའི་གློག་བརྙན་གྲགས་ཅན་  Fight Club ཞེས་པ་དེ་ཉེ་ལམ་རྒྱ་ནག་གི་ Tencent བརྒྱུད་ལམ་ཐོག་མང་ཚོགས་ནས་ལྟ་རྒྱུ་ཡོད་པ་བཟོས་སྟབས་དེ་སྔ་གློག་བརྙན་ངོ་མ་ལྟ་མྱོང་མཁན་དག་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་ནག་གིས་གློག་བརྙན་དེའི་མཐའ་མའི་ལེའུ་དེ་བཀག་ནས་དེའི་ཚབ་ཏུ་དབང་ལྡན་ཉེན་རྟོག་པར་རྒྱལ་ཁ་ཐོབ་ཡོད་ཚུལ་བཀོད་ནས་མཇུག་སྡོམ་བྱས་པར་གླེང་སློང་ཤུགས་ཆེར་གནང་བཞིན་འདུགགློག་བརྙན་དངོས་ཀྱི་ལེའུ་མཐའ་མར་སྤྱི་ཚོགས་བདེ་ཐབས་ཀྱི་གནད་དོན་དང་འབྲེལ་ནས་འབར་རྫས་ཀྱིས་ཁང་པ་མ་གཏོར་གོང་གི་གློག་བརྙན་དེའི་ནང་སྒྲུང་བཤད་མཁན་ Edward Norton གྱིས་ཁོང་རང་ཉིད་ཀྱི་བསམ་བློའི་ནང་གི་མི་སྣ་གློག་བརྙན་ཁྲབ་སྟོན་པ་ Brad Pitt བསད་པའི་རྣམ་པ་ཡོད་ཀྱང་། རྒྱ་ནག་གིས་བཅོས་སྒྲིག་བྱས་པའི་མཐའ་མཇུག་གི་ལེའུ་ནང་དབང་འཛིན་མི་སྣ་ཉེ་རྟོག་པས་འཆར་གཞི་ཡོད་ཚད་ཤེས་ཡོད་ཚུལ་དང་འབར་རྫས་གས་ མ་བཅུག་པར་ནག་ཉེས་ཅན་གྱི་མི་སྣ་རྣམས་འཛིན་བཟུང་གིས་ཁྲིམས་ཐག་བཅད་པ་མ་ཟད། ཁོང་གིས་ཁྲབ་སྟོན་བྱས་པའི་ Tyler Durden དེ་སྨྱོན་ཁང་ཞིག་ཏུ་ནད་གསོའི་སླད་བཏང་སྟེ་ ༢༠༡༢ ལོར་དྲག་སྐྱེད་བྱུང་ཡོད་ཚུལ་གྱི་བརྡ་ལན་ཞིག་ཆེད་བཀོད་ཀྱིས་གློག་བརྙན་མཇུག་སྒྲིལ་ཡོད་པ་རེད་འདུགགློག་བརྙན་ Fight Club གྱི་སྒྲུང་གཞི་ངོ་མ་དེ་ ༡༩༩༦ ལོར་རྩོམ་པ་པོ་ Chuck Palahniuk ཡིས་སྤྱི་ཚོགས་ཀྱི་དངོས་བྱུང་གནས་སྟངས་དང་འབྲེལ་ནས་བྲིས་པའི་བརྩམ་སྒྲུང་ཞིག་ཡིན་པ་དང་། རྩོམ་པ་པོ་ Chuck ལགས་ཀྱིས་རྒྱ་ནག་གིས་བཅོས་སྒྲིག་བྱས་པའི་གློག་བརྙན་ལ་ཧང་སང་ཡོད་པ་མ་ཟད། རྒྱ་ནག་ལ་ཟུར་ཟ་དང་སྦྲགས་ཏེ་རྒྱ་ནག་ནང་དུ་ལེའུ་མཐའ་མ་དེ་དགའ་པོའི་ངང་ནས་མཇུག་སྒྲིལ་ཡོད་པར་བཤད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གི་བྱེད་བབ་དེས་རྒྱ་ནག་གི་སྤྱི་ཚོགས་ནང་དུ་དཀའ་ངལ་ཆེན་པོ་དང་མི་དྲང་བའི་ཁྲིམས་ཀྱི་དབང་བསྒྱུར་ཤུགས་ཆེན་པོ་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་བརྗོད་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ Ted Cruz ལགས་ཀྱིས་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་གློག་བརྙན་ལ་གསོ་མྱུལ་བྱས་པ་དེ་གསར་པ་གང་ཡང་མིན་པ་དེ་ལྟར་ནའང་གློག་བརྙན་བཅོས་སྒྲིག་བྱས་པ་དེ་དཀོན་པོ་ཡིན་པར་བཤད་ཡོད།

སྲིད་སྐྱོང་མཆོག་གིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོར་འཚམས་འདྲི་གནང་བ།

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༣ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་པའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུས་སོང་། རྟོག་དབྱིབས་རིམས་ནད་ཀྱི་ཁྱབ་གདལ་འགྲོ་བཞིན་པའི་གནས་སྟངས་ཀྱི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་སྔར་སྲོལ་ལྟར་མཛད་གཙོ་རྣམ་པ་ལྷན་འཛོམས་ཐོག་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་གནང་མེད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་སྲིད་སྐྱོང་གི་ངོ་དེབ་དང་ Twitter དྲ་གནས་ཐོག་རྒྱ་གར་རྒྱལ་ཡོངས་སུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུས་ཏེ་རྒྱ་གར་གཞུང་མང་ཡོངས་ཀྱི་བཀའ་དྲིན་དྲན་པའི་ཐོག་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་གར་གཞུང་དང་ཡོངས་ལ་དགའ་བསུ་འཚམས་འདྲི་ཞུས་ཡོད་པ་རེད། རྩ་བའི་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Rajpath ས་ཚིགས་སུ་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Ram Nath Kovind མཆོག་དང་སྲིད་བློན་སྐུ་ཞབས་ Narendra Modi མཆོག་རྣམ་གཉིས་ཀྱིས་དབུས་པའི་གནད་ཡོད་མི་སྣ་རྣམས་ལྷན་ཞུགས་ཐོག་རྒྱ་གར་གྱི་དམག་དང་བདེ་སྲུང་སྡེ་ཚན་ཁག་ནས་རུ་སྒྲིག་དང་མངའ་སྡེ་སོ་སོའི་རིག་གཞུང་འགྲེམས་སྟོན་སོགས་གནང་སྟེ་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུ་གྱི་ཡོད་པ་རེད། བོད་མི་མང་ཚོགས་ཀྱི་ངོས་ནས་ཀྱང་རང་ཉིད་ཀྱི་སྤྱི་ཚོགས་དྲ་རྒྱའི་ཐོག་རྒྱ་གར་གཞུང་དང་མང་ཚོགས་རྣམས་ལ་འཚམས་འདྲི་སོགས་ཞུ་བཞིན་འདུག

རེས་གཟའ་ལྷག་པ། ༢༠༢༢།༠༡།༢༦

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོར་འཚམས་འདྲི་གནང་བ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིས་དགུན་དུས་ཨོ་རྩལ་ནང་མཉམ་ཞུགས་མི་གནང་བར་རྒྱབ་སྐྱོར། གངས་ཤུད་ལྷམ་གྱོན་ཏེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ། རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་ལ་པདྨ་ཤྲིའི་གཟེངས་རྟགས་ཐོབ་པ། ༡༩༥༠ ལོར་བོད་ནང་གི་གནས་སྟངས་རྒྱུས་ལོན་ཆེད་སྒྲིག Wednesday 26/01/2022 Sikyong extends Republic Day wishes to India Czech Parliamentarians announce support for political boycott of Beijing Olympics Tibetan singer and activist begins ski boot march against Beijing Olympics Former abbot of Tawang monastery conferred with India’s Padma shree award Political situation in Tibet when India became a Republic in 1950

རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་ལ་པདྨ་ཤྲིའི་གཟེངས་རྟགས་ཐོབ་པ།

ལོ་ལྟར་རྒྱ་གར་གཞུང་ནས་ཕྱི་ཟླ་ ༡ ཕྱི་ཚེས་ ༢༦ སྟེ། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་དང་བསྟུན་རྒྱ་གར་ནང་ལ་སྤྱི་ཚོགས་ཞབས་ཞུ་དང་སྲི་ཞུ་ལས་དོན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་དང་མང་ཚོགས་ཀྱི་བདེ་དོན་ཐོག་ཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཁག་གཅིག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེགས་རྟགས་ Padma Vibhushan དང་ Padma Bhushan དེ་བཞིན་ Padma Shri བཅས་ཀྱི་གཟེངས་རྟགས་ཕུལ་སྲོལ་ཡོད་པ་ལྟར་འདི་ལོར་གཟེངས་རྟགས་བཞེས་མཁན་ཁྱོན་གནད་ཡོདད་མི་སྣ་ ༡༢༨ ཡོད་པའི་ཁོངས་ནས་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེགས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲི་ཐོབ་འདུགརྩ་བའི་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ནམ་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་མཆོག་ནི་ཕྱི་ལོ་ ༡༩༦༨ ལོར་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དུ་ཡབ་བློ་བཟང་ཚེ་རིང་དང་ཡུམ་པདྨ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། དགུང་ལོ་དགུ་ལ་སོན་སྐབས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རིམ་པ་བཞེས་ཏེ་བཞུགས་སྒར་མཚན་ཉིད་གྲྭ་ཚང་དུ་ལོ་ ༡༣ རིང་སློབ་གཉེར་གནང་བ་དང་། དེ་ནས་རིམ་པས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་ཕེབས་ཏེ་ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་ཡོད་པ་རེད།ལྷག་པར་དུ་གུ་རུ་སྤྲུལ་སྐུ་མཆོག་ནས་སློབ་གཉེན་ཁག་ལེགས་པར་གནང་རྗེས་ཕྱི་ལོ་ ༡༩༩༨ ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དགལ་ལྡན་ཕོ་བྲང་ཡིག་ཚང་དུ་ཕྱག་ལས་གནང་བ་མ་ཟད་ཕྱོ་ལོ་ ༢༠༠༨ ནས་ ༢༠༡༦ བར་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་མཁན་པོའི་ཐུགས་འགན་བཞེས་ཏེ་ད་ཆ་ཁུལ་དེའི་འབུམ་སྡེ་ཐུབ་མཆོག་དགའ་ཚལ་གླིང་དགོན་པའི་མཁན་པོའི་ཐུགས་འགན་བཞེས་མུས་ཡིན་པ་རེད།ད་རེས་རྒྱ་གཞུང་ནས་གུ་རུ་སྤྲུལ་སྐུ་མཆོག་ལ་ Padma Shri གཟེངས་རྟགས་ཕུལ་བ་དེ་ནི་གུ་རུ་སྤྲུལ་སྐུ་མཆོག་གིས་ད་བར་ཨ་རུ་ནཱ་ཅན་མངའ་སྡེ་གཙོས་པའི་ས་གནས་མང་དག་ཅིག་ཏུ་ཆོས་ལུགས་མཐུན་སྒྲིལ་གཙོས་ཆོས་ཕྱོགས་ཀྱི་བྱ་བ་མང་དག་ཅིག་བསྒྲུབས་ཁག་ལ་ཆེ་བསྟོད་ངོས་འཛིན་གྱིས་ཕུལ་བ་ཞིག་ཆགས་ཀྱི་ཡོད་པ་དང་།དེ་བཞིན་ད་རེས་གཟེངས་རྟགས་ཐོབ་མཁན་ཁོངས་སུ་རྒྱ་གར་བྱང་ཤར་ཁུལ་ནས་བེུད་བཞི་དང་སྐྱེས་པ་བཞི་བཅས་ཆགས་ཀྱི་འདུག

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གི་དགུན་དུས་ཨོ་རྩལ་ནང་མཉམ་ཞུགས་མི་གནང་བར་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri RuziCka ལགས་དང་སྐུ་ཞབས་ Jiri Oberfalzer རྣམ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་རྒྱ་ནག་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ནང་མཉམ་ཞུགས་མི་གནང་བའི་ལས་གུལ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུགཟླ་ཤས་གོང་ནས་བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཕ་རན་སི་རྒྱལ་ཁབ་ནས་དབུ་འཛུགས་གནང་སྟེ་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་ཏུ་ཆེད་བཅར་གྱིས་ས་གནས་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་སྙན་སེང་ཞུས་པ་དང་སྦྲགས་ཏེ་འཚོགས་ལ་ཉེ་བའི་རྒྱ་ནག་ནང་གི་དགུན་དུས་ཨོ་རྩལ་ཐོག་རྒྱལ་སྤྱིའི་གཞུང་ཁག་ནས་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་སོགས་གནང་བཞིན་ཡོད་པ་ལྟར། ཁ་ཉིན་རེས་གཟའ་ཟླ་བའི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམ་པས་དབུས་པའི་སྲིད་གཞུང་ལ་དེ་འབྲེལ་ཞུ་སྐུལ་གནང་ཡོད་པ་རེད།སྐབས་དེར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་དོན་གྲུབ་དབང་ཆེན་ལགས་ཀྱི་ཞུ་སྐུལ་ལ་དགའ་བསུ་ཆེན་པོ་གནང་བ་མ་ཟད་ཡུལ་དེའི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri RuziCka ལགས་དང་སྐུ་ཞབས་ Jiri Oberfalzer རྣམ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཟུང་འབྲེལ་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་དོན་གྲུབ་དབང་ཆེན་ལགས་ནས་ཨོ་ལམ་པིག་སྐོར་ཞུ་སྐུལ་གནང་བའི་དོན་ཚན་ཁག་དངོས་འབྲེལ་ཡིན་པ་དང་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་སླར་ཡང་རྒྱ་ནག་གཞུང་ལ་ཨོ་རྩལ་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་གནང་བ་དེ་ནི་ནོར་འཕྲུལ་ཆེན་པོ་ཞིག་ཡིན་པ་དང་། དེ་ནི་དེ་སྔ་ ༡༩༣༦ ལོར་ Berlin དང་དེ་རྗེས་ Soviet Union བཅས་སུ་ཚོགས་པའི་ཨོ་ལམ་པིག་རྩེད་འགྲན་ལྟར། ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་སླར་མང་ཚོགས་སྤྱི་ལ་དམ་དྲག་དང་། ལྷག་པར་དུ་གྲངས་ཆུང་མི་རིགས་ཚོ་ལ་གཉའ་གནོན་དང་གཅིག་བསྡུས་རིང་ལུགས་ཀྱི་སྲིད་གཞུང་ལ་རྒྱབ་སྐྱོར་གནང་བ་ཞིག་ཀྱང་མཚོན་གྱི་ཡོད་ཅེས་གསུངས་འདུགལྷག་པར་དུ་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri RuziCka ལགས་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནི་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལམ་པིག་ལ་ངོ་རྒོལ་གྱི་རྣམ་པ་ཆེད་བསྟན་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཐོག་མ་དེ་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་ད་རེས་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུགསྐབས་དེར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Přemysl Rabas ལགས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་གཙོས་ཆབ་སྲིད་མི་སྣ་རྣམས་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་སེར་འཛིན་བཟུང་བཙན་ཁྲིད་དང་བོད་མིས་གཙོས་པའི་རང་དབང་དང་མང་གཙོའི་ལས་འགུལ་བ་རྣམས་བཙོན་འཇུག་བྱེད་བཞིན་པའི་བྱ་སྤྱོད་ཀྱི་ངལ་བ་སེལ་བའི་ཐོག་ནས་ད་རེས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་དང་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་རེ་སྐུལ་ཡང་གནང་འདུག  

གངས་ཤུད་ལྷམ་གྱོན་ཏེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ།

སུད་སི་ནང་གནས་བཞུགས་བོད་མི་གཞས་པ་དང་སྒྱུ་རྩལ་བ་བློ་ལྡན་རྣམ་གླིང་ལགས་ཀྱིས་འཚོགས་ལ་ཉེ་བའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཆེད། དེ་རིང་སུད་སི་རྒྱལ་ས་སྦན་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ལས་ཁུངས་ཨ་མ་གནས་ཡུལ་སུད་སུ་གྲོང་ཁྱེར་ Lausanne བར་གྱི་གཞུང་ལམ་ཐོག་ Ski Boot March འམ་གངས་ཤུད་གཏོང་ཆེད་ཀྱི་ལྷམ་གྱོན་ཏེ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང།བློ་ལྡན་རྣམ་གླིང་ལགས་ཀྱིས་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་མགྲན་ཚོགས་དང་སུད་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྣམ་པ་མངོན་ཆེད་དང་དེ་བཞིན་འཛམ་གླིང་ཡུལ་གྲུ་ཁག་ནས་རྒྱ་ནག་ཏུ་དགུན་དུས་ཨོ་རྩལ་མགྲན་ཚོགས་གཟིགས་པར་སྐྱོད་མཁན། ལྷག་པར་དུ་འཛམ་གླིང་ཡུལ་གྲུ་ཁག་གི་རྩེད་འགྲན་པ་ཚོས་རྒྱ་ནག་གི་མངའ་འོག་ཏུ་སྡུག་རྩུབ་མྱོང་བཞིན་པའི་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ཁག་གི་དངོས་ཡོད་གནས་སྟངས་རྣམས་ཤེས་པའི་ཐོག་འཚོགས་ལ་ཉེ་བའི་ཨོ་རྩལ་འགྲན་ཚོགས་ནས་ཕྱི་འཐེན་ཡོང་བའི་ཞུ་འབོད་ཕྱིར་ཡིན་པར་འགྲེལ་བརྗོད་གནང་ཡོད།བློ་ལྡན་རྣམ་གླིང་ལགས་ཀྱིས་སྐབས་དེར་ལུས་ལ་བོད་ཆས་སྤྲས་ནས་རྐང་པར་ལྗིགས་ཚད་ཀི་ལོ་བཅུ་ལྷག་ཡོད་པའི་གངས་ཤུད་ལྷམ་དང་འབྲེལ་ཡོད་ཡོ་ཆས་དང། འདིའི་ཐོག་བོད་རང་དབང་དང་། ༢༠༢༢ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་ཞེས་པའི་འབོད་ཚིག་བཀོད་པ་གྱོན་ཏེ་རྒྱང་ཐག་སྤྱི་ལི་ ༡༠༠ ལྷག་གི་གཞུང་ལམ་ཐོག་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སོང་།བློ་ལྡན་རྣམ་གླིང་ལགས་ནས་དེ་རིང་ཕྱི་ཚེས་ ༢༦ ཉིན་སྦན་ནས་ལས་འགུལ་དབུ་འཛུགས་ཀྱིས་༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཉིན་གཅིག་སྔ་རོལ། ཕྱི་ཟླ་གཉིས་པའི་ཚེས་ ༣ ཉིན་སུད་གྲོང་ཁྱེར་ལའོ་ཚན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ལས་ཁུངས་ཨ་མ་གནས་མདུན་དུ་ལས་འགུལ་མཇུག་སྒྲིལ་གནང་རྒྱུ་རེད་འདུག རྩ་བའི་བོད་པའི་གཞས་པ་བློ་ལྡན་རྣམ་གླིང་ལགས་ནས་རྒྱུན་དུ་རང་ཉིད་གླུ་གཞས་སྒྱུ་རྩལ་ལམ་ནས་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་ཀྱི་ལས་འགུལ་མི་ཉུང་བ་ཞིག་སྤེལ་བཞིན་ཡོད་པ་དང། ཕྱི་ལོ་ ༢༠༡༢ ལོར་ཁོང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་མང་ཚོགས་ལ་གོ་རྟོགས་སྤེལ་བའི་བོད་རང་དབང་གི་འགྲུལ་བཞུད་ཅེས་པའི་མིང་བྱང་འོག་སུད་སི་རྒྱལ་ས་སྦན་ནས་ཇི་ནི་ལྦར་སྤུར་སྒམ་འགྲུད་དེ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་པ་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་ཀྱང་འདོན་སྤེལ་གནང་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༢༢།༠༡།༢༥

ཉན་པ།: Listen ཕབ་ལེན། Download པདྨ་བཟང་པོ་ལགས་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པར་བསྐོ་བཞག ཧར་ཝ་ཌ་འི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རིག་གཞུང་ཚོགས་པ་གསར་འཛུགས། གྷོ་གྷེལ་ས་ཁྲའི་ཐོག་བོད་ཀྱི་ས་ཆ་ཁག་ཅིག་བཀག་སྡོམ་བྱས་པར་རྒྱ་ནག་ལ་དོགས་སློང་བྱེད་བཞིན་འདུག ཨོ་གླིང་དུ་རྒྱ་ནག་གི་དམ་དྲག་འོག་གི་རྒྱ་རིགས་ཊེ་ནེ་སི་རྩེད་འགྲན་པའི་སྐོར་ནས་གླེང་སློང་། རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་སྦྱིན་བདག་རྣམས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད། གླུ་གཞས་ལས་རིམ། རྣམ་རྒྱལ་ལྷ་མོ་དང་བཀྲས་མཐོང་ཆོས་སྐྱིད་ལགས་གཉིས་ཀྱིས་བླངས་བའི་གླུ་གཞས། Tuesday 25/01/2022 Interim Local Justice Commissioner for Ladakh region takes oath of office Tibetan students at Harvard form cultural association to celebrate Tibetan culture Google maps user debates over 'what's China hiding in Tibet' over censored area Grand Slam champion slams Tennis Australia for 'capitulating' to China over Peng Winter Olympics sponsors lie low as US alleges China human rights abuse MUSIC FEATURE: Namgyal Lhamo and Chukie Tethong

པདྨ་བཟང་པོ་ལགས་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་པདྨ་བཟང་པོ་ལགས་ནས་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་ཞུས་སོང་།དེ་རིང་སྔ་དྲོ་འི་ཚོུད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོགས་ཁང་དུ་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གི་མདུན་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་པདྨ་བཟང་པོ་ལགས་ཀྱིས་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཁྲིམས་ལུགས་རིག་པའི་ཁྲིམས་ཞིབ་པ་ཞིག་གསར་དུ་བསྐོ་གཞག་མ་གནང་བའི་བར་དུ་འཕྲལ་སེལ་རིང་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་ཁུར་དམ་འབུལ་ཞུས་ཡོད།པདྨ་བཟང་པོ་ལགས་ནི་ལ་དྭགས་བྱང་ཐང་ཧན་ལེ་རུ་སྐྱེས་ཤིང་སློབ་མཐར་སོན་རྗེས་ཕྱི་ལོ་ ༢༠༡༣ ལོར་དང་ཐོག་འཕྲལ་སེལ་གྱི་ངོ་བོའི་ཐོག་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དང་རྩིས་པ་གཅིག་ལྕོགས་ཏུ་བསྐོ་གཞག་གནང་ནས་ཕྱིས་སུ་ཡིག་རྒྱུགས་ཀྱི་ལམ་ནས་ ༢༠༡༣ ལོར་དྲུང་གཞོན་གནས་རིམ་ཐོག་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དང་རྩིས་པ་གཅིག་ལྕོགས་ཏུ་བསྐོ་གཞག་གནང་ཡོད། དེ་རྗེས་ ༢༠༡༧ ལོར་ནང་སྲིད་ལས་ཁུངས་སུ་གནས་སྤོས་གནང་། ༢༠༢༡ ཕྱི་ཟླ་ ༥ པའི་ནང་ཟུང་དྲུང་དུ་གནས་སྤར་དང་། ༢༠༢༡ ཕྱི་ཟླ་ ༧ པའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་དུ་གནས་སྤོས་ཀྱིས་ཁྱོན་མི་ལོ་བརྒྱད་ལྷག་གི་རིང་ལ་སྲི་ཞུ་བའི་ཞབས་ཞུ་བསྒྲུབས་ཡོད།

Latest news