Tibetan Royal Year of 2151 | Year of the Wood Dragon

ཕྱི་དྲིལ་བཀའ་བློན་མཆོག་དང་ཐེ་ཝན་ཕྱི་སྲིད་བློན་ཆེན་རྣམ་གཉིས་མཇལ་མོལ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་གིས་ཁ་སང་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་སུ་བློན་ཆེན་སྐུ་ཞབས་ Joseph Wu མཆོག་དང་མཇལ་མོལ་གནང་སྟེ་བོད་ཀྱི་གནད་དོན་ཐད་མུ་མཐུད་ནས་རྒྱབ་སྐྱོར་ཆེས་ཆེར་གནང་སྐྱོང་ཡོང་བ་གཙོས་བཙན་བྱོལ་བོད་མིའི་ལག་དེབ་སེར་པོར་མཐོང་མཆན་གྱི་དཀའ་ངལ་འཕྲད་བཞིན་པ་སོགས་གལ་ཆེའི་གནད་དོན་ཁག་གཅིག་གི་ཐོག་གསུང་མོལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཟླ་བ་འདིའི་ཚེས་ ༢༧ ནས་དབུ་འཛུགས་ཀྱིས་གཟའ་འཁོར་གཅིག་རིང་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་དྲིལ་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་སུ་བློན་ཆེན་སྐུ་ཞབས་ Joseph Wu མཆོག་དང་མཇལ་འཕྲད་ཞུས་ཏེ་བོད་ཀྱི་གནད་དོན་ཐད་མུ་མཐུད་ནས་རྒྱབ་སྐྱོར་ཆེས་ཆེར་གནང་སྐྱོང་ཡོང་བ་གཙོས་བཙན་བྱོལ་བོད་མིའི་ལག་དེབ་སེར་པོར་མཐོང་མཆན་གྱི་དཀའ་ངལ་འཕྲད་བཞིན་པ་སོགས་གལ་ཆེའི་གནད་དོན་ཁག་གཅིག་གི་ཐོག་གསུང་མོལ་གནང་འདུག་པར་མ་ཟད། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་མོལ་གནང་ཡོད།

རླུང་འཕྲིན་ཁང་གིས་ཕྱི་དྲིལ་བཀའ་བློན་མཆོག་གི་ཐེ་ཝན་ནང་གི་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་ནས་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།