Tibetan Royal Year of 2151 | Year of the Wood Dragon

ཨོས་ཊོལི་ཡའི་གྲོས་ཚོགས་ནང་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཐེར་འདོན།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

ཨོ་གླིང་གི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Susan Templeman ལགས་ཀྱིས་ཁུལ་དེའི་གྲོས་ཚོགས་ནང་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཐེར་འདོན་དང་སྦྲགས། བོད་མིར་འཕྲད་བཞིན་པའི་ངལ་བ་ཁག་སེལ་བར་ཕྱག་རོགས་གང་ཐུབ་གནང་རྒྱུ་ཡིན་ཞེས་གསུངས་འདུག

ཨོས་ཊོལི་ཡའི་གྲོས་ཚོགས་ཚོགས་དུས་ ༤༧ འཚོག་བཞིན་པ་དང་བསྟུན། ཁ་སྔོན་གྲོས་ཚོགས་འཐུས་མི་ལྕམ་ Susan Templeman ལགས་ཀྱིས་ཉེ་ལམ་ཁོང་རང་ཉིད་༸བཞུགས་སྒར་དུ་ཕེབས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་ཧ་ཅང་སྐལ་བ་བཟང་པོ་བྱུང་ཞེས་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་མེད་རྡོག་རོལ་གྱིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་རྒྱ་སྡེར་བསྒྱུར་ཐབས་དང་བོད་མིའི་རིགས་རྫས་བཙན་གྱིས་བསྡུ་རུབ་བྱས་ཏེ་བོད་ནང་གི་གནས་སྟངས་ཆེས་ཛ་དྲག་རང་བཞིན་དུ་གྱུར་ཡོད་པ་མ་ཟད་། གནད་དོན་དེའི་ཐོག་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ཁག་ནས་ཐུགས་འཚབ་ཀྱི་རྣམ་པ་གསལ་འདོན་གནང་ཡོད་པ་གསུངས་འདུག

དེ་བཞིན་རྒྱ་གཞུང་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་གཞིས་བཞུགས་ཕ་མ་སྤུན་མཆེད་དང་ལྷན་འབྲེལ་བ་བྱེད་རྒྱུར་དམ་བསྒྲགས་ཆེ་ཆེར་བྱེད་ཀྱི་ཡོད་སྐོར་གསུངས་འདུག་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་བ་དྲན་གསོ་གནང་སྟེ། མགོན་པོ་༸གང་ཉིད་མཆོག་གིས་གཙོས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་འཐེར་འདོན་གནང་འདུག

མ་ཟད་ཁོང་གིས་བོད་མི་རྣམས་ནས་ཨོ་གླིང་གཞུང་གི་རྒྱབ་སྐྱོར་ལ་བསམ་པ་རྣམ་དག་གིས་བསྔགས་བརྗོད་དང་། དེ་སྔོན་ཁོང་༸བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་སྐབས་དེར་འཁོད་བོད་མིས་དགའ་བསུ་ཆེན་པོ་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཁོང་རྣམ་པར་བཙན་བྱོལ་བོད་མིའི་འཚོ་བའི་སྐོར་རྒྱུས་ལོན་ཞུ་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཆེན་པོ་ཡིན་པ་དང་། དེ་བཞིན་རྒྱ་གཞུང་གིས་དྲག་གནོན་ལ་ལྟོས་མེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་བོད་མི་རྣམས་ཀྱིས་དཀའ་ངལ་གདོང་ལེན་གནང་ཐབས་ཀྱི་ཆོད་སེམས་སྙིང་སྟོབས་དེ་གཞན་དང་མ་འདྲ་བར་ཆེས་བསྔགས་འོས་པར་སྒོས་སུ་བཙན་བྱོལ་ནང་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་དེ་ཉིད་མང་གཙོ་ཡང་དག་པའི་ཐོག་རང་ཉིད་ཀྱི་ཐུན་མིན་ཆོས་རིག་དང་སྐད་ཡིག་བཅས་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་འབད་བརྩོན་ཤུགས་ཆེར་གནང་བཞིན་ཡོད་པ་གསུངས་འདུག

གཞི་རྩའི་ཉེ་སྔོན་ཕྱི་ཟླ་ ༠༤ ནང་ལྕམ་སྐུ་སུ་སན་ལགས་ཐེ་བའི་ཨོ་སི་ཊི་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ཐུག་འཕྲད་ཀྱིས་བོད་མིའི་བདེ་དོན་དང་རང་དབང་སོགས་ཀྱི་ཐད་གྲོས་མོལ་གནང་ཡོད་པ་མ་ཟད། ཁོང་རྣམས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོང་ཚོགས་གནང་སྟེ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་བསྔགས་བརྗོད་དང་། བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།