Tibetan Royal Year of 2151 | Year of the Wood Dragon

ཏོག་དབྱིབས་གཉན་རིམས་ཕོག་པའི་བོད་མི་དྲུག་དང་གཅིག་འདས་གྲོངས།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་དེ་རིང་ཉིན་རྒྱབ་གསར་འགོད་གསལ་བསྒྲགས་སྤེལ་བར་གཟའ་འཁོར་འདིའི་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་དྲུག་ལ་ Covid-19 གཉན་རིམས་ཕོག་ཡོད་པ་དང་། དེའི་ཁོངས་ནས་གཅིག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཡོངས་གྲགས་གནང་སོང་།

གསར་འགོད་གསལ་བསྒྲགས་ཐོག་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འགྲེལ་བརྗོད་གནང་བར་གཞིགས་ན། གཟའ་འཁོར་འདིའི་ནང་བོད་མི་དྲུག་ལ་གཉན་རིམས་ཕོག་ཡོད་པ་ལྟར་དེའི་ཁོངས་ནས་ལ་དྭགས་ནས་གཅིག་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གཉིས། དེ་བཞིན་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་གསུམ་བཅས་བྱུང་བ་དང་། འདོད་རྒུ་གླིང་ནས་རང་ལོ་ ༦༧ ཡིན་པའི་སྐྱེས་མ་ཞིག་འདས་གྲོངས་སུ་གྱུར་འདུག དམ་པ་དེ་ཉིད་ཐོག་མའི་ཆར་སྨན་ཁང་དུ་ནད་གཞི་གཞན་ཕོག་པའི་རྐྱེན་གྱིས་སྨན་པ་བསྟེན་ཕྱིར་བཅར་ཡོད་ཀྱང་། དེའི་རྗེས་སུ་སྨན་པས་ཏོག་དབྱིབས་གཉན་རིམས་ཕོག་ཡོད་སྐོར་གསུངས་འདུག

སྤྱིར་ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་འབུམ་ ༢༧ ལྷག་ཙམ་བྱུང་ཡོད་པ་དེ་ལྟར་ཡང་། དེའི་ཁོངས་ནས་དྲག་སྐྱེད་བྱུང་བའི་བརྒྱ་ཆ་ ༧༣ ཆགས་ཀྱི་ཡོད་པ་དང་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་མཁན་ད་བར་ཁྱོན་ ༩༤ བྱུང་བའི་ཁོངས་ནས་ ༣ འདས་གྲོངས་སུ་གྱུར་ཡོད་པ་དང་། བོད་མི་ ༦༨ དྲག་སྐྱེད་བྱུང་བ། དེ་བཞིན་གཉན་རིམས་ཀྱིས་མནར་བཞིན་པ་ ༢༣ བཅས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།