Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་སྙན་ཐོའི་ཐོག་བགྲོ་གླེང་། 

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་ལྔ་པའི་ཐོག་སྤྱི་འཐུས་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༠་་༢༠༠༡ ནས་ ༢༠༢༠་་༢༠༢༡ བར་གྱི་མ་དངུལ་གནས་བབ་སྙན་ཐོའི་ཐོག་བགྲོ་གླེང་དང་། དཔལ་འབྱོར་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་སོགས་གནང་ཡོད།སྐབས་དེར་སྤྱི་འཐུས་ཤིག་ནས་མ་འོངས་པར་སྒྲིག་འཛུགས་ལ་ཕྱིའི་རོགས་རམ་སོགས་ཀྱི་དཀའ་ངལ་རིགས་འཕྲད་ཚེ་ད་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་འདི་ག་ཚོད་ཙམ་འདང་ངེས་ཡོད་མེད་ཐད་ལ་བཀའ་འདྲི་ཞུས་པ་མ་ཟད། ཁག་ཅིག་ནས་ད་ཡོད་མ་དངུལ་གནས་སྟངས་ལ་གཞིགས་ཏེ་བོད་མིའི་དང་བླངས་དཔྱ་དངུལ་གྱི་འབུལ་འབབ་དེ་སྤར་ཆ་གནང་གལ་ཆེ་བར་གཟིགས་སྐོར་སོགས་གསུང་མཁན་བྱུང་ཡོད། 

སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ཡོད་མ་དངུལ་གནས་བབ་འདིའི་ཐོག་ནས་མ་འོངས་རྩིས་ལོ་གཅིག་ལྷག་ཙམ་ལས་འདང་གི་མེད་ཀྱང་། ལོ་ལྟར་འཆར་ཅན་གྱི་ཡོང་འབབ་དང་། འཛིན་སྐྱོང་བཀའ་ཤག་ནས་ཐབས་ཤེས་ཞུ་དགོས་པ་ཁག་མུ་མཐུད་གནང་བཞིན་པའི་སྐབས་དེར་གནས་སྟངས་དེ་འདྲ་ཆགས་དགོས་པའི་རྒྱུ་མཚན་མེད་པར་གསལ་བཤད་གནང་སོང་བ་མ་ཟད། དཔྱ་དངུལ་གྱི་འབུལ་འབབ་སྤར་ཆ་གནང་རྒྱུའི་ཐད་གྲོས་ཚོགས་ཀྱི་དགོངས་པ་དང་མང་ཚོགས་ཀྱི་བསམ་ཚུལ་སོགས་ལ་གཞིགས་ཏེ་ལོ་རྗེས་མའི་སྔོན་རྩིས་གྲོས་ཚོགས་ཐོག་དགོངས་བཞེས་ཡོང་བ་ཞེས་གསུངས་ཡོད།དེ་བཞིན་སྤྱི་འཐུས་མི་ཉུང་བ་ཞིག་ནས་ལྷན་ཁང་ཁག་གི་མ་དངུལ་གནས་བབ་སོགས་ལས་འཕྲོས་ཏེ་ཤེས་རིག་ལས་ཁུངས་ཀྱི་མ་དངུལ་གནས་བབ་དེ་རྩིས་ལོ་ཁག་སོ་སོའི་ནང་འབྲི་སྟངས་མི་འདྲ་བ་གསལ་བ་མ་ཟད། འདི་ལོའི་ཤེས་རིག་ལས་ཁུངས་དང་འབྲེལ་བའི་རྩིས་ཀྱི་ཁོངས་སུ་ས་ཡ་ ༡༣༣ ལྷག་གསལ་ཡང་། མ་དངུལ་སྙན་ཐོའི་ནང་ལ་ཤེས་རིག་ལས་ཁུངས་སུ་བཀར་བཅུག་སྒོར་ས་ཡ་ ༡༠༧ ལྷག་དང་བེད་སྤྱོད་གཏོང་འདས་སྒོར་ས་ཡ་ ༡༥༩ ལྷག་གསལ་བའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར་དཔལ་འབྱོར་བཀའ་བློན་མཆོག་ནས་གསལ་བཤད་གནང་ཡོད།  དེ་བཞི་ཁག་ཅིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་སྙན་ཐོ་ཕྱི་གསལ་ནང་གསལ་གནང་བ་དེར་ངོས་ལེན་མེད་པ་གསུང་མཁན་བྱུང་བ་དང་། སྤྱི་འཐུས་ཁག་ཅིག་ནས་སྙན་ཐོར་དགའ་བསུ་དང་། མ་འོངས་པར་དཔལ་འབྱོར་གྱི་གནས་བབ་སྙན་ཐོ་ཞིག་ཀྱང་འདོན་གནང་ཡོང་བའི་འབོད་སྐུལ་ཞུ་མཁན་བྱུང་སོང་ལ། དཔལ་འབྱོར་བཀའ་བློན་མཆོག་ནས་དཔལ་འབྱོར་བསྐྱར་ཞིབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཚེ་ཉེན་ཁ་ཡོད་སྲིད་ཀྱང་། མ་དངུལ་གྱི་གནས་བབ་དང་དཔལ་འབྱོར་གྱི་གནས་བབ་ཕྱི་གསལ་གནང་བ་དེར་སྐྱོན་ཡོད་པ་ཞིག་གཟིགས་ཀྱི་མེད་པར་གསུངས་ཡོད།

གཞི་རྩའི་ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་སུ་ཕུལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༠་་་༢༠༠༡ ནས་ ༢༠༢༠་་་༢༠༢༡ བར་གྱི་མ་དངུལ་གནས་བབ་སྙན་ཐོ་དེ་ནི་བཀའ་ཤག་སྐབས་ ༡༢ པའི་སྐབས་སུ་དེ་འབྲེལ་སྙན་ཐོ་ཐེངས་ལྔ་ཆེད་བཏོན་གནང་བའི་རྗེས་སུ་ད་རེས་ལོ་ ༡༥ ཙམ་གྱི་རྗེས་ཀྱི་སྙན་ཐོ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། སྙན་ཐོའི་ནང་རྐང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མཛོད་དང་དབུས་སའི་ལས་ཁུངས་སོ་སོའི་རང་བདག་གི་དངུལ་ཚུད་པའི་མ་དངུལ་གནས་བབ་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།