༸སྐུའི་གྱ་སྟོན་ཉིན་བོད་གསེར་རྟ་རུ་བོད་མི་གསུམ་འཛིན་བཟུང་བྱས་འདུག
༸སྐུའི་གྱ་སྟོན་ཉིན་མོར་བོད་གསེར་རྟ་ཕུར་བུ་དགོན་པའི་དགེ་འདུན་པ་ཆོས་སྐྱིད་དང་ཁོང་གི་ནང་མི་གཉིས་བཅས་བོད་མི་གསུམ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག རྩ་བའི་འདི་ལོའི་ནང་འཛམ་གླིང་ས་ཕྱོགས་གང་སར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་རྒྱ་གཞུང་གིས་བོད་ནང་དམ་དྲག་སྔར་ལྷག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་དུ་མདོ་སྨད་གསེར་རྟ་ནང་གྱ་སྟོན་གྱི་ཟླ་གཅིག་གོང་ནས་དམ་དྲག་ཤུགས་ཆེ་བྱེད་མུས་ལྟར།…
དེ་ལས་མང་།