Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ནང་དུ་རྒྱ་ནག་གི་གསང་ཉུལ་བ་ཞིག་འཛིན་བཟུང་།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

ཨ་རི་ནིའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་པ་ཞིག་གིས་ཨ་རི་གནས་སྡོད་བོད་མི་རྣམས་ཀྱི་གནས་ཚུལ་རྒྱུས་ལོན་གྱིས་རྒྱ་ནག་གཞུང་ཚབ་ལ་མཁོ་སྤྲོད་བྱས་ཡོད་པར་བརྟེན་རྒྱ་ནག་གི་སོ་མྱུལ་ལས་དོན་སྤེལ་བའི་ནག་ཉེས་འོག་འཛིན་བཟུང་བྱས་འདུགཁ་སང་ནིའུ་ཡོག་དུས་བབ་ཀྱི་གསར་ཁང་གཙོས་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་ཁག་ལ་གཞིགས་ན་སོ་མྱུལ་གྱི་ལས་དོན་སྤེལ་མཁན་གྱི་ཉེན་རྟོག་པ་དེའི་མིང་ལ་ Baimadajie Angwang ( པད་མ་དར་རྒྱས་ངག་དབང་) ཞེས་བརྗོད་ཀྱི་འདུག་པ་དང་། ཁོ་པ་བོད་རིགས་ཤིག་དང་ད་ཆ་ལོ་ན་ ༣༣ སོན་པའི་ཉེན་རྟོག་པ་ཞིག་ཆགས་ཀྱི་འདུག རེས་གཟའ་ཟླ་བའི་ཉིན་ཉེན་རྟོག་པས་ནིའུ་ཡོག་གནས་སྡོད་བོད་མི་རྣམས་ཀྱི་ལས་དོན་དག་ལ་གནས་ཚུལ་རྒྱུས་ལོན་གྱིས་ནིའུ་ཡོག་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལ་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་ནག་ཉེས་འོག་འཛིན་བཟུང་བྱས་འདུག

ཁོས་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་གཉིས་དང་མཉམ་དུ་ཁ་པར་བརྒྱུད་དུས་རྒྱུན་འཆར་ཅན་འབྲེལ་བ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༥ པའི་ནང་ཁོས་རྒྱ་ནག་གཞུང་ཚབ་ཀྱི་མི་སྣར་རྒྱ་ནག་གི་སོ་མྱུལ་ལས་དོན་སླད་བོད་མི་ཨ་རིའི་མི་སེར་ཡིན་པ་གསར་ཞུགས་བྱེད་རྒྱུའི་ཐབས་ལམ་གཅིག་ནི་བོད་མི་དེར་རྒྱ་ནག་ནང་སྐྱོད་པར་ལོ་བཅུའི་རིང་མཐོང་མཆན་གྱི་ལེགས་སྐྱེས་སྤྲོད་དགོས་པ་བརྗོད་འདུག ཁོས་ཁོ་པའི་ལས་གནས་དེ་རྒྱ་ནག་ལ་རིན་ཐང་ཅན་ཞིག་ཆགས་ཀྱི་ཡོད་པ་མ་ཟད་ཁོས་ལས་གནས་དེའི་བརྒྱུད་ཉེན་རྟོག་ལས་ཁུངས་ཀྱི་ནང་མོལ་གནད་དོན་རྣམས་མཁོ་སྤྲོད་བྱེད་ཐུབ་ཀྱི་རེད་ཅེས་ཀྱང་བརྗོད་ཡོད་པ་རེད་འདུག

ཁོས་རྒྱ་ནག་གི་གཞུང་ཚབ་མི་སྣ་ནིའུ་ཡོག་ཉེན་རྟོག་ལས་ཁུངས་ཀྱི་མཛད་སྒོར་མགྲོན་འབོད་ཀྱིས་ཉེན་རྟོག་པ་བགྲེས་པ་ཚོ་དང་ཐུག་འཕྲད་སོགས་བྱེད་བཅུག་འདུག་པ་དང་སྦྲགས་ཏེ་ཁོས་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་དང་མཉམ་དུ་ཕྱི་ལོ་ ༢༠༡༤ ཙམ་ནས་འབྲེལ་བ་བྱས་པ་དང་སྒོས་ཕྱི་ལོ་ ༢༠༡༨ ཟླ་ ༦ ནས་ཕྱི་ལོ་ ༢༠༢༠ ཟླ་ ༣  དབར་རྒྱ་ནག་གཞུང་ཚབ་ཀྱི་མི་སྣ་དང་ཁ་པར་བརྒྱུད་སྐད་ཆ་ཐེངས་ ༥༣ ཙམ་བཤད་པ་དང་གཞུང་ཚབ་ཡན་ལག་ཁང་ནང་དུ་ལན་མང་བསྐྱོད་པ་ཡང་ར་འཕྲོད་བྱུང་འདུག ད་ལན་ཁོ་པའི་ནག་ཉེས་ར་འཕྲོད་བྱུང་ཚེ་ལོ་ངོ་ ༥༥ རིང་བཙོན་འཇུག་གི་ཉེས་ཆད་གཅོད་རྒྱུ་རེད་འདུག དེ་སྔ་ཨ་རིའི་དམག་ཞབས་ཁོངས་སུ་འཛུལ་མྱོང་ཡོད་པ་དང་ཕྱི་ལོ་ ༢༠༡༦ ལོར་ཉེན་རྟོག་ལས་ཁུངས་ཀྱི་ལས་དོན་ནང་འཛུལ་ཞུགས་བྱས་ཡོད་པ་མ་ཟད། ཁོ་པ་ཐོག་མར་རིག་གཞུང་བརྗེ་ལེན་གྱི་མཐོང་མཆན་བརྒྱུད་རྒྱ་ནག་ནས་ཨ་རིར་ཡོང་བ་ཞིག་དང་། ཕྱིས་སུ་རྒྱ་ནག་གཞུང་གིས་ཁོ་པ་རང་ཉིད་འཛིན་བཟུང་བྱས་པ་དང་ཆབས་ཅིག མནར་གཅོད་སོགས་བཏང་ཡོད་ལུགས་བརྗོད་ནས་སྐྱབས་བཅོས་ཞུས་འདུག་ཀྱང་བསྐྱབས་བཅོལ་གྱི་གནས་བབ་ཐོབ་རྗེས་རྒྱ་ནག་ལ་ལན་མང་བསྐྱོད་འདུགཁོ་པའི་ཕ་མ་གཉིས་རྒྱ་ནག་གཞུང་གི་ལས་བྱེད་དང་ཕ་ལྟ་བུར་མཚོན་ན་བགྲེས་ཡོལ་དམག་མི་ཞིག་ཀྱང་ཆགས་ཀྱི་ཡོད་པའི་གནས་ཚུལ་འཁོད་འདུག བརྒྱུད་ལམ་ཁག་ཏུ་ཁོ་པ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འཕྲལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་དེབ་བརྒྱུད་གཞུང་དང་མངའ་སྡེ། དེ་བཞིན་ས་གནས་སོ་སོའི་འགོ་ཁྲིད་ནས་རྒྱ་ནག་གི་སོ་མྱུལ་ལས་དོན་ཐོག་དོགས་ཟོན་གནང་དགོས་སྐོར་གྱི་གསར་འགོད་གསལ་བསྒྲགས་སྤེལ་འདུག

རླང་འཕྲིན་ཁང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་དང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་བོད་པའི་ངོས་ནས་རྒྱ་ནག་གཞུང་གིས་ལོ་མང་རིང་ལ་བོད་ཀྱི་འཐབ་རྩོད་ལ་བར་ཆད་དང་སྤྱི་ཚོགས་དཀྲུག་ཡོད་པའི་གནད་དོན་དེ་ཉེན་ཚབ་ཞིག་ཏུ་གྱུར་ཡོད་སྟབས་ང་ཚོས་དུས་ཀུན་ཏུ་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་ཡོད་པ་དང་། ད་རེས་ཀྱི་གནད་དོན་འདི་བརྒྱུད་ནས་སོ་མྱུལ་གྱི་གནད་དོན་ཤེས་རྟོགས་བྱུང་བ་མ་ཟད། ལྷག་པར་དུ་ཨ་རིའི་སྡེ་ཚན་གལ་ཆེ་ཁག་གི་ནང་དུའང་སོ་མྱུལ་གྱི་གནད་དོན་དེ་ལྟར་ཐོན་པ་ནི་ཆེས་ཛ་དྲག་ཞིག་ཡིན་པས་ཨ་རིའི་དབུས་གཞུང་དང་མངའ་སྡེ་གཞུང་ནས་དེའི་ཐད་ཐུགས་སྣང་གནང་དགོས་པར་གསུངས་སོང་། ཁོང་གིས་སོ་མྱུལ་བ་དེ་དེ་སྔ་བོད་པའི་མཛད་སྒོ་དང་ལས་རིམ་ཁག་ཅིག་ཏུ་འཛུལ་ཐབས་དང་གནས་ཚུལ་མཁོ་སྒྲུབ་བྱས་ཡོད་སྐོར་དང་འབྲེལ། བོད་པའི་འཐབ་རྩོད་ནང་ཕྱག་ལས་གནང་མཁན་དང་བོད་མི་ཡོད་དོ་ཅོག་ནས་ཐུགས་གཟབ་གནང་དགོས་སྐོར་གསུངས་ཡོད།

ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་དེ་རིང་ངོ་དེབ་ཐོག་རྒྱ་ནག་གི་སོ་མྱུལ་བ་དེ་འཛིན་བཟུང་བྱས་པར་ཨ་རི་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་དུང་སྤྱི་ཚོགས་ནང་རྒྱ་དམར་པོའི་སོ་མྱུལ་ཡོད་ངེས་རྩད་གཅོད་ཞིབ་ནན་དང་འབྲེལ་དེ་དག་ལ་ཁྲིམས་ཐོག་ནས་ཉེས་ཆད་དྲག་པོ་ཡོང་བའི་རེ་འབོད་དང་། ལྷག་པར་དུ་ས་གནས་ཁྱབ་ཁོངས་མི་མང་ནས་དོགས་ཟོན་གྱིས་བརྟག་དཔྱད་མཐིལ་ཕྱིན་པ་མ་གནང་བར་ང་ཚོའི་སྤྱི་ཚོགས་ནང་འཁྲིད་མི་དགོས་པའི་གཟབ་ནན་གནང་དགོས་པ་གསུངས་འདུག ད་ཆ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་སྤྱི་ཚོགས་བརྡབ་གསིག་གཏོང་རྒྱུར་དམིགས་ཏེ་ནང་ཁུལ་དཀྲུག་ཤིང་དང་། གཞི་མེད་སྐྱོན་བརྗོད་སོགས་ཀྱི་ལས་འགུལ་སྤེལ་མཁན་རིགས་ཀྱི་ཕྱོགས་སུ་མ་ལྷུང་བ་གནང་དགོས་པར་གཞེན་སྐུལ་གནང་འདུག

རྩ་བའི་ད་ལན་ཙམ་མ་ཟད་ཉེ་ལམ་ཡང་རྒྱ་གར་ནང་རྒྱ་ནག་གི་གསང་མྱུལ་བ་འཛིན་བཟུང་བྱས་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད། ལྷག་པར་དུ་ཉེ་བའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ Rajeev Sharma ཞེས་པའི་རྒྱ་གར་གྱི་གསར་འགོད་པ་ཞིག་རྒྱ་ནག་གཞུང་ལ་རྒྱ་གར་གྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་དང་། རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བ་སོགས་ཀྱི་ལས་དོན་གཉེར་བའི་གནད་དོན་འོག་འཛིན་བཟུང་བྱས་ཡོད་པ་དང་། ཁོ་པ་དང་མཉམ་དུ་ཁོར་དངུལ་མཁོ་སྤྲོད་བྱེད་མཁན་རྒྱ་རིགས་བེུད་ Qin Shi ཟེར་བ་ཞིག་དང་བལ་པོའི་མི་སེར་ཡིན་པ་ Sher Singh (Raj Bohra ) ཟེར་བ་གཉིས་འཛིན་བཟུང་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།