འདས་པའི་ལོའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཡང་ནས་ཡང་དུ་ཐའེ་ཝན་རྒྱ་ནག་གི་ལྡོག་ཏུ་མེད་པའི་ཆ་ཤས་ཡིན་ཚུལ་དང་། ལྷག་པར་ཐའེ་ཝན་དེ་ཉིད་ཞི་དྲག་གཉིས་ཀའི་ཐོག་ནས་མེས་རྒྱལ་དང་ཟླ་སྒྲིལ་གཏོང་རྒྱུ་སོགས་ཀྱི་ཉེན་བརྡ་རིམ་པར་གཏོང་བཞིན་པའི་ཁྲོད་འདིར། ཨ་རིའི་ Atlanta གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Carter Center ཞིབ་འཇུག་ཁང་དང་། Emory གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་འབྲེལ་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་རིགས་ཕལ་མོ་ཆེས་ཐའེ་ཝན་དེ་ཉིད་དྲག་པོའི་བརྒྱུད་གཅིག་གྱུར་བྱ་རྒྱུར་འདོད་པ་མེད་པའི་རྣམ་པ་མངོན་གསལ་གནང་འདུག
དེ་ཡང་ཉེ་ཆར་འདི་ཚེས་ ༡ ཉིན་ཨ་རིའི་ Atlanta གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Carter Center ཞིབ་འཇུག་ཁང་དང་། Emory གཙུག་ལག་སློབ་གཉེར་ཁང་གཉིས་ཟུང་འབྲེལ་གྱིས་སྔ་ལོའི་ཟླ་ ༩ ཚེས་ ༡ ནས་...