Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

ལ་དྭགས།

ལིང་ཤེད་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོར་དབུ་བཞུགས་དང་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་སྩལ་བ།

ཁ་སང་ཕྱི་ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་ནས་ཐད་འཕུར་གནམ་གྲུ་བརྒྱུད་ལ་དྭགས་ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་དགོན་གྱི་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་ཀྱང་སྩལ་གནང་མཛད་ཡོད།དབྱར་ཆོས་གོ་སྒྲིག་ཚོགས་ཆུང་གིས་གཙོས་པའི་དད་ལྡན་སེར་སྐྱ་མི་མང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤོས་སྣེའི་སྤྱན་འདྲེན་གཟབ་རྒྱས་ཞུས་པ་དང་། མགོན་པོ་༸གང་ཉིད་མཆོག་ལིང་ཤེད་དགོན་གྱི་ གསུང་ཆོས་ར་བའི་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་ལིང་ཤེད་དབྱར་ཆོས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པ་དང་ཆབས་ཅིག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བཀྲིན་སྩལ་ཡོད་པ་རེད།༸གོང་ས་མཆོག་གིས་སྐབས་དེར་༸དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཕྱག་སྲོལ་ཐུན་མོང་མ་ཡིན་པ་རིགས་པའི་ལམ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་མཛད་རྒྱུ་ངོས་ཀྱི་ལས་འགན་ཆེན་པོ་ཞིག་ཡིན་ཞེས་བཀའ་སྩལ་བ་དང་འབྲེལ། ཁུལ་དེར་ཡོད་པའི་དགོན་པ་གྲྭ་ཚང་ཚོས་སོ་སོའི་འཆར་ཅན་གྱི་ཁ་ཏོན་འདོན་པ་ཙམ་མ་ཡིན་པར་དཔེ་ཆར་ཏོག་ཙམ་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་སློབ་ཕྲུག་ཕོ་མོ་ཚོ་ཡིན་ནའང་རིགས་ལམ་ལ་དོ་སྣང་བྱ་རྒྱུ་ནི་ཆོས་ཀྱི་སྐད་ཆ་ཙམ་མ་ཡིན་པར་མིའི་རྣམ་དཔྱོད་གོང་འཔེལ་གཏོང་རྒྱུ་མ་ཟད། བློ་གསལ་དུ་འགྲོ་བར་ཁྱད་པར་ཆེན་པོ་ཡོད་ཅེས་བཀའ་སྩལ་འདུགའཛམ་གླིང་ཞི་བདེ་ནི་ནང་སེམས་ཀྱི་ཞི་བདེའི་རྒྱུད་ནས་ཡོང་དགོས་པ་དང་ཆགས་སྡང་གི་གཞན་དབང་དུ་ཕྱིན་པ་ཡིན་ན་སེམས་ཀྱི་ཞི་བདེ་དཀྲུག་གི་ཡོད་པ་རེད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་ཞི་བདེ་ནི་སྨོན་ལམ་རྒྱབ་ནས་ཡོང་རྒྱུ་ཁག་པོ་ཡིན་སྟབས། སེམས་པ་བཟང་པོ་བྱ་རྒྱུ་དང་ཕན་སེམས་བྱ་རྒྱུ། དེ་བཞིན་ཀུན་ལ་བརྩེ་བ་བྱ་རྒྱུ་ནི་དངོས་གནས་ཞི་བདེའི་རྩ་བ་ཆགས་ཡོད་སྟབས། འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ཚང་མས་མི་གཅིག་མཚུངས་ཡིན་བསམ་པའི་ཐོག་ནས་ཕན་ཚུན་ལ་བརྩེ་བ་དང་རོགས་རམ་བྱེད་དགོས་པར་བཀའ་སློབ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཁོར་ཡུག་ལ་ཉེན་ཁ་གསར་པ་ཞིག་སླེབས་ཀྱི་ཡོད་པར་བཀའ་སྩལ་བ་དང་སྦྲགས། ཤིང་སྣ་འདེབས་འཛུགས་བྱེད་པ་སོགས་ཀྱི་ཐོག་ལ་ཏོག་ཙམ་ཤུགས་རྒྱག་དགོས་པ་དང་། དེས་མི་ཚང་མར་ཕན་རྒྱུ་ཙམ་མ་ཟད་གནམ་གཤིས་ལའང་ཕན་གྱི་ཡོད་སྟབས། ང་ཚོ་ཚང་མས་སྤྱི་སེམས་ཁོག་ལ་བཅངས་ཏེ་སྤྱི་བའི་དོན་དུ་བསམ་བློ་མང་ཙམ་བཏང་ན་སོ་སོའི་སྒེར་དོན་ཞོར་ལ་འགྲིག་རྒྱུ་དང་། མི་ཚེ་ལྷག་ལུས་དེ་དོན་སྙིང་ལྡན་པ་ཞིག་འབྱུང་ན་ཧ་ཅང་སྐྱིད་པོ་ཡོང་གི་རེད་ཅེས་བཀའ་སློབ་སྩལ་རྗེས་བློ་སྦྱོང་ཚིགས་བརྒྱད་མའི་ལྗགས་ལུང་མཛད་ཡོད།གཞི་རྩའི་ལིང་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་ནི་རི་བོ་དགེ་ལྡན་པའི་གཞི་དགོན་ཞིག་དང་ལ་དྭགས་རི་ལྗོངས་ཡར་རྒྱས་རྫོང་གི་ཤམས་ཕྱོགས་ལྷོ་ནུབ་ཀྱི་ཉེ་འདབས་སུ་ཆགས་ཡོད། འདི་ནི་ལ་དྭགས་ཀྱི་དགོན་རྙིང་གྲགས་ཅན་ཞིག་ཞིག་ཡིན།  ཕྱི་ལོ་ ༡༤༤༠ ལོར་ལོ་ཙཱ་བ་རིན་ཆེན་བཟང་པོ་ས་ཆ་འདིར་ཕེབས་ཏེ་ས་གཞི་བྱིན་གྱིས་རླབས་ཡོད་པ་དང་། ཕྱིས་སུ་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་སྟོད་བྱང་སེམས་ཤེས་རབ་བཟང་པོ་མཆོག་གིས་དཀར་ཆ་དང་ཕུག་ཐར་དགོན་པ་གཉིས་ཕྱག་བཏབ་ནས་ལྷོ་ཕྱོགས་བརྒྱུད་ཏེ་ལིང་ཤེད་ཕྱོགས་སུ་ཕེབས་ཏེ་ཧ་ནུ་མ་ལ་Hanuma-la ཞེས་པར་བཞུགས་ཞག་གིས་ལིང་ཤེད་ཕྱོགས་སུ་གཟིགས་སྐབས་ཕ་བོང་ཞིག་ལ་འོད་འབར་འཕྲོ་བ་གཟིགས་ཤིང་། དེར་མ་འོངས་པར་དགོན་པ་གྲགས་ཅན་ཞིག་ཆགས་པར་གཟིགས་ནས་ཕ་བོང་དེར་མཆོད་རྟེན་ཞིག་བཞེངས་པ་དེ་དུས་ད་ལྟའང་མཇལ་རྒྱུ་ཡོད་པར་མ་ཟད། ཕྱི་ལོ་ ༡༧༧༩...

༸གོང་ས་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་གཏན་ཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་གླེའི་ཁུལ་དུ་ཆིབས་བསྒྱུར་བཀྲིན་བསྐྱང་གཏན་ཁེལ་འདུགའདི་ལོའི་ཕྱི་ཟླ་བཞི་པ་ནང་ཁྲིགས་སེ་རིན་པོ་ཆེ་མཆོག་དང་ལ་དྭགས་ནང་པ་ཚོགས་འདུའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས། དེ་བཞིན་ལ་དྭགས་དགོན་ཚོགས་ཀྱི་གཙོ་འཛིན་རྒན་བཤད་སྒྲུབ་བྱམས་པ་ལགས། ལིང་ཤེད་དགོན་པའི་སྐུ་ཚབ་བཅས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༢༢ ལོའི་དབྱར་དུས་སུ་ལ་དྭགས་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་གིས་འདི་ལོའི་ཕྱི་ཟླ་བདུན་པའམ་བརྒྱད་པ་ནང་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་དོན་ལྟར། ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ལ་དྭགས་སུ་ཆིབས་བསྒྱུར་བཀྲིན་བསྐྱང་གཏན་ཁེལ་འདུག་པར་མ་ཟད་ཁུལ་དེར་ཟླ་བ་གཅིག་ཙམ་རིང་༸སྐུ་ལྷོད་བཞུགས་མཛད་རྒྱུ་དང་མང་ཚོགས་ལ་ཉིན་གསུམ་རིང་བཀའ་ཆོས་སྩལ་གཏན་ཁེལ་འདུགརླུང་འཕྲིན་ཁང་གིས་ལ་དྭགས་དགོན་པ་ཚོགས་འདུའི་དབུས་སྐྱོང་བསྟན་འཛིན་དབང་གྲགས་ལགས་སུ་ཞལ་པར་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཁུལ་གྱི་ཆིབས་བསྒྱུར་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་མགོན་པོ་༸གང་ཉིད་མཆོག་གླེའི་ཁུལ་དུ་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་གྱི་ཞོགས་པར་ལ་དྭགས་སུ་ཆིབས་བསྒྱུར་དང་ཁུལ་དེར་ཟླ་བ་གཅིག་ལྷག་གམ་ཕྱི་ཟླ་བརྒྱད་པའི་བདུན་ཕྲག་གསུམ་པ་དང་བཞི་པ་བར་དུ་སྐུ་ལྷོད་མཛད་རྒྱུའི་ཐུགས་རེ་ཡོད་ཅེས་གསུངས་སོང་།དེ་བཞིན་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཀྱི་ཁུལ་དུ་སྐུ་ལྷོད་བཞུགས་མཛད་སྐབས་སུ་མཛད་འཆར་ཅི་ཞིག་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པ་༸གང་ཉིད་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་ཟིན་པའི་རྗེས་སུ་ཉིན་གྲངས་བཅུ་ཙམ་རིང་སྐུ་ལྷོད་བཞུགས་མཛད་རྒྱུ་དང་དེ་རྗེས་སྨན་པས་༸སྐུའི་འཕྲོད་བཞེས་བརྟག་ནས་༸སྐུའི་འཕྲོད་བཞེས་གསལ་ཐང་ཡིན་པའི་ལམ་སྟོན་ཕེབས་ཚེ་གླེའི་ཉེ་འཁོར་གྱི་མཛད་འཕྲིན་ཁག་སྐབས་དེ་དུས་ཐུགས་གཏན་ཁེལ་ངེས་ཡིན་པ་གསུངས་ཡོད།༸གོང་ས་མཆོག་ལ་དྭགས་ནས་ཆིབས་བསྒྱུར་མ་མཛད་གོང་ལ་དྭགས་ཀྱི་དད་ལྡན་མི་མང་ཡོངས་ཀྱི་ཆེད་དུ་ལ་དྭགས་ UT གཞུང་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས། དེ་བཞིན་ནང་ཚོགས་དང་དགོན་ཚོགས་བཅས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕལ་ཆེར་ཉིན་གྲངས་གསུམ་རིང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་བཀའ་ཆོས་སྩལ་རྒྱུ་ཐུགས་གཏན་ཁེལ་ཡོད་སྐོར་གསུངས་སོང་།གཞི་རྩའི་ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཁུལ་གྱི་ཆིབས་བསྒྱུར་མཛད་རྒྱུ་ནི་ལོ་ངོ་གཉིས་ཀྱི་གོང་ལ་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་བའི་རྗེས་ཀྱི་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། ལ་དྭགས་ཁུལ་གྱི་ལས་ཀྱི་སྣེ་མོ་བ་ཚོས་དེ་སྔ་གསོལ་འདེབས་ཞུས་སྐབས་སུ་ལིང་ཤེད་དགོན་གྱི་དབྱར་ཆོས་ཆེན་མོ་དང་ཁྲིགས་སེ་དགོན་པ་བཅས་སུ་ཆིབས་བསྒྱུར་མཛད་རྒྱུའི་གསོལ་འདེབས་ཞུས་ཡོད་པ་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནས་ཕྱིར་བཞུགས་སྒར་དུ་༸ཞབས་སོར་འཁོད་རྗེས་ཕྱི་ཟླ་ ༩ ཚེས...

འཕགས་བོད་ཀྱི་ས་མཚམས་རྩོད་རྙོག་ཁྲོད་འབྲོག་པར་རྩྭ་ཆུ་བཟང་སར་འཚོ་ཐབས་མེད་པའི་ངལ་འཕྲད།

འཕགས་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་དབར་ས་ཆའི་བདག་དབང་གི་གནད་དོན་སོགས་དང་འབྲེལ་ཏེ་རྩོད་རྙོག་མི་ཉུང་བ་ཞིག་འབྱུང་བཞིན་པར་བརྟེན་འབྲོག་པ་ཚོས་རང་གི་སྒོ་ཕྱུགས་རྣམས་རྩྭ་ཆུ་བཟང་སར་འཚོ་ཐབས་དཀའ་བའི་ངལ་བ་འཕྲད་བཞིན་ཡོད་པ་མངོན་གསལ་གནང་འདུག ཁ་སང་རྒྱ་གར་གྱི་ Hindustan Times  གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བར་ལ་དྭགས་ཆུ་ཤུལ་གྲོང་སྡེའི་འཐུས་མི་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་གསར་ཁང་ལ་ད་ལྟའི་ཆར་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་དབར་ས་ཆའི་བདག་དབང་དང་འབྲེལ་ཏེ་རྩོད་རྙོག་མི་ཉུང་བ་ཞིག་འབྱུང་བཞིན་ཡོད་པའི་ཁར་ཕྱོགས་གཉིས་ནས་མཐའ་མཚམས་སྲུང་སྐྱོབ་ལ་དམིགས་ཏེ་དམག་མི་སྔར་ལྷག་འཕར་སྣོན་གནང་བའི་གནས་སྟངས་ལ་བློ་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་བ་དང་འབྲེལ། དེས་འབྲོག་པ་རྣམས་མི་རབས་ནས་རང་གི་གཡག་དང་རྭ་ལུག་སོགས་སྒོ་ཕྱུགས་སྲོག་ཆགས་དང་མཉམ་དུ་རྩྭ་ཆུ་བཟང་སར་འཚོ་བ་རོལ་རྒྱུའི་གོམས་སྲོལ་ཡོད་པ་དེ་ལྟར་ནའང་། སྔར་བཞིན་འཚོ་ཐབས་དཀའ་བའི་ངལ་བ་འཕྲད་བཞིན་ཡོད་པར་གསུངས་འདུགདེ་བཞིན་འཕགས་བོད་ཀྱི་ས་མཚམས་ས་ཁུལ་གྱི་འབྲོག་པ་ཚོར་མཐའ་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ནས་ངལ་བ་གང་ཙམ་འཕྲད་རྗེས་ད་ལྟའི་ཆར་འབྲོག་པའི་ཁྱིམ་བདག་དེ་དག་གི་ངོས་ནས་སོ་སོའི་སྒོ་ཕྱུགས་རྣམས་རྩྭ་ཆུ་བཟང་བ་ཡོད་སའི་ཤར་ཧི་མཱ་ལ་ཡའི་ས་ཁུལ་ཁུ་ལ་གཙོས་ས་ཁུལ་ཁག་ཅིག་ཏུ་ཁྲིད་རྒྱུའི་ཐག་གཅོད་གནང་འདུག་ཀྱང་རྒྱ་གར་ཕྱོགས་ནས་དམ་དྲག་གནང་ཡོད་སྐོར་གསུངས་འདུག རྒྱ་གར་གཞུང་གི་ངོས་ནས་ངེས་པར་དུ་འབྲོག་པ་ཚོར་རྩྭ་ཆུ་བཟང་སར་འཚོ་ཐབས་གནང་འཐུས་ཆོག་མཆན་གནང་བ་དང་མཐའ་མཚམས་ཀྱི་ས་ཁུལ་ཁག་ཡར་རྒྱས་སླད་མདུན་སྐྱོད་གནང་དགོས་སྐོར་ནན་བརྗོད་གནང་འདུགསྐུ་ཞབས་ཁོང་གིས་ད་དུང་འབྲོག་པ་ཚོའི་འདས་པའི་ལོ་བཅུ་ཡས་མས་ཙམ་གྱི་རྗེས་སུ་རང་གི་སྒོ་ཕྱུགས་གཡག་རྣམས་རྒྱུན་སྲོལ་གྱི་རྩྭ་ཆུ་བཟང་བ་ཡོད་སའི་ས་ཁུལ་ཁུ་ལ་དང་ཚོགས་ཚ་ལུ་བཅས་སུ་ཁྲིད་རྒྱུར་ཐག་གཅོད་གནང་དོན་ལྟར་བྱུང་མེད་པ་དེས་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་འགོ་ཁྲིད་དབར་གྲོས་མོས་བརྒྱུད་གནད་དོན་དེ་གང་ཙམ་ཞི་སྒྲིག་བྱུང་ཡོད་ཀྱང་དུས་ད་ལྟའང་ཕྱོགས་གཉིས་དབར་རྒྱུན་ལྡན་གྱི་གནས་སྟངས་ལྟ་བུ་ཞིག་མེད་པ་མཚོན་གྱི་ཡོད་ཅེས་གསུངས་པ་མ་ཟད། འབྲོག་པ་ཚོས་རང་གི་སྒོ་ཕྱུགས་རྣམས་འབྲོག་སར་འཚོ་ཐབས་གནང་རྒྱུ་དེ་ནི་ས་མཚམ་ས་ཁུལ་དུ་ཡོད་པའི་ Phobrang དང་ Yourgo དེ་བཞིན་ Lukung གྲོང་གསེབ་པ་རྣམས་ཀྱིས་ཐོག་མ་དབུ་འཛུགས་གནང་བ་ཞིག་དང་འབྲོག་པ་ཚོས་མཐའ་མཚམས་ས་ཁུལ་ཁག་སྲུང་སྐྱོབ་བྱ་རྒྱུར་རྒྱལ་ཁབ་ཀྱི་མིག་དང་ཨམ་ཆོག་ལྟ་བུའི་འགན་ཁུར་གྱི་ཡོད་པར་གསུངས་འདུག

ཁྱེད་ཚོའི་འདོད་པ་ཆ་ཚང་བསྐང་དཀའ་ནའང་དགོས་མཁོ་གང་ཡིན་དེ་ངེས་པར་དུ་བསྒྲུབ་རྒྱུ་ཡིན་ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་ཁ་ཉིན་སྲིད་སྐྱོང་མཆོག་གིས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བརྒྱ་ཤོག་དང་པོ་ནས་བརྒྱ་ཤོག་དགུ་པ་བར་གྱི་གཞིས་གྲོང་རིམ་པར་འཚམས་གཟིགས་གནང་བ་དང་འབྲེལ་ཏེ་བརྒྱ་ཤོག་སོ་སོའི་སྤྱི་ཁང་དུ་མི་མང་དང་མཇལ་འཕྲད་གནང་འདུག་པ་མ་ཟད། སྲིད་སྐྱོང་མཆོག་སྔ་ལོ་ཕྱི་ལོ་ ༢༠༢༠ ལོར་བྱང་ཐང་ཆུ་ཤུལ་དང་བྱང་ཐང་མ་ཁྱུ་ནས་ཁྱིམ་ཚང་ ༥༣ ལ་གསོལ་སྩལ་གནང་བའི་ས་ཆ་གསར་པར་ཆེད་ཕེབས་ཀྱིས་མང་ཚོགས་དང་མཇལ་མོལ་གནང་ཡོད།དེ་སྔ་ཞིང་འབྲོག་གཉིས་ལ་བརྟེན་མཁན་བྱང་ཐང་ཆུ་ཤུལ་གྱི་ཡར་འཕེལ་དངོས་གྲུབ་གླིང་དང་བྱང་ཐང་མ་ཁྱུའི་མང་ཚོགས་ནས་མི་ལོ་ ༢༠ སྔོན་ནས་ལ་སྤྱི་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་སྤྱི་འཐུས་རིམ་པར་འཚོ་བའི་གནས་སྟངས་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་བྱང་ཐང་ནས་གླེའི་ཁུལ་དུ་གནས་སྤོ་བྱ་རྒྱུའི་ས་ཆ་སྐྱབས་འཇུག་གནང་སྐྱོང་ཡོང་བའི་གསོལ་འདེབས་རིམ་ཁག་ཞུས་དོན་ལྟར་སྔ་ལོ་ ༢༠༢༠ ལོར་བྱང་ཐང་གི་བོད་མིའི་འདུས་སྡོད་གཉིས་པོ་དང་ཁ་འཐོར་བྱང་ཐང་ནས་ཁང་ཁྱིམ་མེད་པའི་གྲོང་པ་ཁག་ཅིག་ལ་ཨག་གླིང་བརྒྱ་ཤོག་བརྒྱད་པ་དང་དགུ་པ་བར་ལ་གསོལ་སྩལ་གནང་བའི་ས་ཆ་གསར་པར་འཚམས་གཟིགས་དང་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་སོགས་ཀྱི་ཐད་ལ་བཀའ་བསྡུར་གནང་འདུགགསར་འགོད་པས་སྲིད་སྐྱོང་མཆོག་ས་ཆ་གསར་པར་འཚམས་གཟིགས་གནང་བའི་གནད་དོན་དང་འབྲེལ་ནས་བྱང་ཐང་ཆུ་ཤུལ་གྱི་ཡར་འཕེལ་དངོས་གྲུབ་གླིང་གྱི་འགོ་བ་སྐལ་བཟང་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་སྲིད་སྐྱོང་མཆོག་གིས་སྐབས་དེར་བཀའ་སློབ་གཙོ་བོ་གང་གནང་ཡོད་དམ་ཞེས་བཀའ་འདྲི་ཞུས་སྐབས་མང་ཚོགས་ནས་བྱང་ཐང་ས་ཁག་གཉིས་ལ་གསོལ་སྩལ་གནང་བའི་ས་ཆའི་སྟེང་མ་འོངས་པར་ཁང་ཁྱིམ་འཛུགས་སྐྲུན་བྱ་སླད་དེ་སྔ་ནས་བོད་མིའི་སྒྲིག་འཛུགས་ལ་རོགས་རམ་སྐྱབས་འཇུག་རིམ་ཞུས་ལྟར་ད་རེས་སླར་སྲིད་སྐྱོང་མཆོག་ལའང་ཡིག་ངག་གཉིས་ཐོག་ནས་གསོལ་འདེབས་ཞུས་དོན་བཞིན་སྲིད་སྐྱོང་མཆོག་གིས་ཁྱེད་ཚོའི་འདོད་པ་ཆ་ཚང་བསྐང་ཐུབ་རྒྱུ་དཀའ་ནའང་དགོས་མཁོ་གང་ཡིན་དེ་དག་ངེས་པར་དུ་བསྒྲུབ་རྒྱུར་འབད་བརྩོན་གནང་ངེས་ཀྱི་ཞལ་བཞེས་གནང་ཡོད་སྐོར་གསུངས་སོང་། གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་སུ་ཆེད་ཕེབས་གནང་ནས་དེ་རིང་ཉིན་གྲངས་བཞི་པ་དེ་ཆགས་ཀྱི་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༤ ནས་ཕྱི་ཚེས་ ༢༧ བར་བོད་རིགས་གནས་སྡོད་གནང་ཡུལ་བྱང་ཐང་ས་ཁག་ཏུ་འཚམས་གཟིགས་གནང་གི་ཡོད་པ་རེད།

བོད་མིའི་གཞིས་སྒར་གྱི་ངལ་བ་སེལ་ཐབས་དང་འབྲེལ་ས་གནས་ཀྱི་གནད་ཡོད་མི་སྣ་དང་ལྷན་ཚོགས་ཆེས་ཐོག་མ།

རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ཁུལ་གྱི་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཕྲད་བཞིན་པའི་དཀའ་ངལ་གྱི་གནད་དོན་ཐོག་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱི་ལམ་སྟོན་འོག་ལ་དྭགས་གླེ་རྫོང་དཔོན་གྱི་ཚོགས་ཁང་དུ་ཁུལ་དེའི་གནད་ཡོད་མི་སྣ་དང་མཉམ་དུ་ལྷན་ཚོགས་ཆེས་ཐོག་མ་སྐོང་ཚོགས་གནང་དོན་ལྟར་གནད་ཡོད་མི་སྣ་དག་གིས་ངལ་བ་སེལ་ཐབས་གནང་རྒྱུར་ཞལ་བཞེས་གནང་འདུག

ཕྱི་ལོ་ ༢༠༢༠ ལོར་༸གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་འདུག

ལ་དྭགས་ཀྱི་འཐུས་མི་ཁག་གཅིག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༠ ལོའི་དབྱར་དུས་སུ་ལ་དྭགས་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་འདུག དེ་ཡང་ཁ་སང་ཟླ་ ༡༢ ཚེས་ ༢ ཉིན་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པི་ཊི་ཀུན་བཟང་ལགས་དང་དྲུང་ཆེ་བསོད་ནམས་ཟླ་བ་ལགས། དྲུང་གཞོན་ཚེ་རིང་དབང་ཕྱུག་ལགས། དེ་བཞིན་ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་དགེ་བཤེས་གྲུབ་བྱམས་པ་ལགས་དང་དངུལ་གཉེར་རིག་འཛིན་རྡོ་རྗེ་ལགས་བཅས་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་ལོ་རྗེས་མའི་དབྱར་དུས་སུ་ལ་དྭགས་ལ་ཆིབས་བསྒྱུར་བཀྲིན་བསྐྱངས་ནས་ཐུགས་ལྷོད་ལྷོད་ངང་༸སྐུ་ངལ་གསོ་བཞུགས་མཛད་རྒྱུའི་གསོལ་འདེབས་ཞུས་འདུག་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་གསོལ་འདེབས་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་སྦྲགས། ལོ་རྗེས་མར་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་འདུག ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་དགེ་བཤེས་གྲུབ་བྱམས་པ་ལགས་ཀྱིས་རླུང་འཕྲིན་ཁང་ལ་ཐེངས་འདིའི་གསོལ་འདེབས་འདི་ནི་གཙོ་བོ་དབྱར་དུས་སུ་བཞུགས་སྒར་ལ་ཆར་ཤུགས་ཆེ་བ་དང་ལ་དྭགས་ལ་གནམ་གཤིས་ཡག་པོ་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ཐུགས་ལྷོད་ལྷོད་ངང་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་ཁོ་ནར་ཆེད་དམིགས་ཞུས་པ་ཞིག་ཡིན་པ་ལས་དེ་མིན་མཛད་འཆར་གང་ཡང་བང་སྒྲིག་མེད་སྐོར་སོགས་གསུངས་སོང་། གཞི་རྩའི་ལ་དྭགས་ཀྱི་འཐུས་མི་ཁག་ནས་ད་རེས་ཙམ་མ་ཟད་འདི་ལོ་ ༢༠༡༩ ལོའི་དབྱར་དུས་སུ་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་ཀྱང་། མགོན་པོ་༸གང་ཉིད་མཆོག་གི་དགུང་ནའི་བབས་དང་༸སྐུའི་འཕྲོད་བཞེས་རྐྱེན་པས་ཁུལ་དེར་ཆིབས་བསྒྱུར་མཛད་ཐུབ་མེད་པ་རེད།

བྷོ་ཊའི་སྐད་ཡིག་ལ་གཞུང་འབྲེལ་ངོས་འཛིན་དང་ལ་དྭགས་བརྒྱུད་ཏི་སིའི་འགྲུལ་ལམ་ཕྱེ་དགོས།

ལ་དྭགས་ཧི་མཱ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ངོས་ནས་བོད་ཀྱི་སྐད་ཡིག་གམ་བྷོ་ཊའི་སྐད་ཡིག་དེ་རྒྱ་གར་གཞུང་གིས་ངོས་འཛིན་གནང་དགོས་པ་དང་འདི་བཞིན་ལ་དྭགས་དང་བོད་ཀྱི་ས་མཚམས་སུ་ཚོང་འབྲེལ་སླར་གསོའི་གཙོས་པའི་ལ་དྭགས་བརྒྱུད་ནས་གངས་རིན་པོ་ཆེར་གནས་མཇལ་གྱི་འགྲུལ་ལམ་ཕྱེ་དགོས་པའི་འབོད་སྐུལ་གནང་འདུག ཟླ་ ༩ ཚེས་ ༡༢ ཉིན་ལ་དྭགས་གླེའི་རྒྱལ་སའི་ནང་ Himalayan Buddhist Culture Association འམ་ཧི་མཱ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཐོག་ཉེ་ལམ་ ལ་དྭགས་དེ་རྒྱ་གར་དབུས་གཞུང་གིས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་བ་དང་བསྟུན་ཚོགས་པའི་ཚོགས་གཙོ་བཀྲིས་དར་རྒྱས་ལགས་ཀྱིས་རྒྱ་གར་གཞུང་འཛིན་ཚོགས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལ་དྭགས་ཀྱི་ཁུལ་ UT དང་འབྲེལ་ནས་ཕྱག་བསྟར་དབུ་འཛུགས་མ་གནང་གོང་བོད་ཀྱི་སྐད་ཡིག་གམ་བྷོ་ཊའི་སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ནང་གསལ་གཞུང་འབྲེལ་ངོས་ལེན་ཡོད་པའི་སྐད་ཡིག་གི་ཁོངས་སུ་འཇོག་དགོས་པའི་འབོད་སྐུལ་གནང་འདུག ལ་དྭགས་ཡུལ་མི་རྣམས་ནས་རང་ཉིད་ཀྱི་ཆོས་ལུགས་ཀྱི་གནད་དོན་གཙོ་བོར་གནང་བའི་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་རྒྱུ་དང་། དཔལ་འབྱོར་ཡར་རྒྱས་གོང་འཕེལ་ལ་དམིགས་ཏེ་ལོ་མང་གི་སྔོན་ནས་རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་ཞུ་བཞིན་པའི་གནད་དོན་ནི་ལ་དྭགས་ཡུལ་ལུང་བརྒྱུད་ནས་གནས་ཆེན་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་ཆོག་པ་ཞིག་བཟོས་དགོས་པའི་འབོད་སྐུལ་ཞུས་འདུག་པ་མ་ཟད། དེ་སྔ་ལོ་རྒྱུས་ཀྱི་ཐོག་བོད་དང་ལ་དྭགས་ཀྱི་ས་མཚམས་སུ་ཆགས་པའི་བྱང་ཐང་གི་ས་ཚིགས་ཁག་ཏུ་ཚྭ་དང་བལ། ལེ་ན་སོགས་ཀྱི་ཚོང་འབྲེལ་ཆེན་པོ་ཡོད་ཀྱང་ད་ཆ་ཚོང་འབྲེལ་དེ་མུ་མཐུད་རྒྱུན་གནས་བྱུང་མེད་སྟབས། རྒྱ་གར་གཞུང་ནས་དེར་གཟིགས་སྐྱོང་གནང་ཐོག་སྔར་གྱི་ཚོང་འབྲེལ་བཟང་པོ་དེ་སླར་གསོ་གནང་དགོས་པའི་ཞུ་སྐུལ་བསྐྱར་ནན་གནང་འདུག

ལ་དྭགས་ཀྱི་ཆེས་མཐོའི་མི་སྣར་དགོང་ཚིགས་འདེགས་འབུལ།

ཁ་ཉིན་ཕྱི་ཚེས་ ༢༨ ཉིན་གྱི་དགོང་མོར་ལ་དྭགས་བསོད་ནམས་གླིང་མཉམ་འབྲེལ་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་དང་ལ་བྱང་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ལ་སྤྱིའི་ལས་ཁུངས་ཐུན་མོང་གིས་ལ་དྭགས་དེ་བཞིན་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་བར་རྟེན་འབྲེལ་དགའ་བསུའི་འཚམས་འདྲི་ཞུ་སླད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དབུས་བཞུས་ཐོག་ལ་དྭགས་ཀྱི་ཆེས་མཐོའི་མི་སྣ་༡༠༠ ཙམ་གདན་ཞུས་ཀྱིས་གཞས་སྣ་གཟིགས་འབུལ་དང་དགོང་ཚིགས་རྒྱས་པ་ཞིག་འདེགས་འབུལ་ཞུས་འདུག གསོལ་སྟོན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་པི་རྣམ་རྒྱལ་ལགས་དང་། དམིགས་བསལ་སྐུ་མགྲོན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གཙོས་པའི་ཆེས་མཐོའི་མི་སྣ་བརྒྱ་ཙམ་གདན་ཞུ་གནང་འདུག་པ་དང། སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་ལ་དྭགས་མི་མང་ཡོངས་ཀྱི་འདོད་དོན་རྙིང་པ་ཞིག་ད་ཆ་དངོས་སུ་གྲུབ་པར་འཚམས་འདྲི་དང་རྟེན་འབྲེལ་མཚོན་ཆེད་དུ་མཇལ་དར་སྒྲོན་གནང་འདུག དེ་བཞིན་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རྒྱལ་པི་རྣམ་རྒྱལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ལ་སྤྱི་ལས་ཁུངས་ནས་དགའ་བསུའི་འཚམས་འདྲི་དང་གསོལ་སྟོན་རྒྱས་པ་ཞིག་བཤམས་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འབྲེལ། ལ་དྭགས་མི་མང་ཡོངས་ནས་མི་ལོ་བཅུ་ཕྲག་བདུན་ལྷག་གི་རིང་འབད་པ་དུ་མའི་རྩོལ་བ་གནང་འབྲས་ད་རེ་དངོས་སུ་འཐོན་པ་བཞིན་ཉེ་བའོ་ལོ་ངོ་བཅུའི་ནང་བོད་ཀྱི་བདེན་མཐའ་སེལ་བར་ཡིད་ཆེས་གནང་བཞིན་ཡོད་སྐོར་དང་། བོད་མིའི་འཐབ་རྩོད་སླད་དུ་དུས་ནམ་ཡང་རོགས་འདེགས་ཞུ་རྒྱུའི་གྲ་སྒྲིག་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ South Asia, Bureau of Population, Refugees and Migration ཞེས་ཨ་རིའི་ལྷོ་ཨེ་ཤ་ཡའི་མི་འབོར་དང་སྐྱབས་བཅོལ་བ། གཞིས་སྤོ་བཅས་ཀྱི་ལས་ཁུངས་ཀྱི་ལས་འཆར་འགན་འཛིན་སྐུ་ཞབས་ Hefright Brook ལགས་དང་མཇལ་མོལ་གནང་འདུག སྐབས་དེར་བཀའ་བློན་མཆོག་ནས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་དཀའ་ངལ་རྣམས་ཞིབ་ཕྲ་སྙན་སེང་ཞུས་འདུག་པ་དང་། སྐུ་ཞབས་ Hefright Brook...

ལ་དྭགས་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་པས་ས་གནས་བོད་མིའི་དཀའ་ངལ་སེལ་བའི་རེ་བ།

དེ་རིང་ཕྱི་ཟླ་ ༨ ཚེས་ ༨ ཉིན་གྱི་སྔ་དྲོ་རྒྱ་གར་བྱང་ཕྱོགས་ལ་དྭགས་གླེ་རྒྱལ་སར་རྟེན་གཞི་བྱས་པའི་ཇོ་ཁང་གི་རྭ་བར་རྟོགས་ལྡན་རིན་པོ་ཆེ་མཆོག་གིས་དབུས་པའི་ལ་དྭགས་ཀྱི་དཔོན་རིགས་དང་ས་གནས་མི་མང་བཅས་ལྷན་འཛོམས་གནང་ཐོག་ལ་དྭགས་དེ་ Union Territory ཞེས་ཇ་མྨུ་ཀཤྨིར་ནས་ལོགས་སུ་དབྱེ་སྟེ་རྒྱ་གར་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་བཏང་འཛིན་གནང་གཏན་ཁེལ་བར་དགའ་བསུ་རྟེན་འབྲེལ་ཞུ་སླད་དུ་མཛད་སྒོ་རྒྱས་པ་ཞིག་ཚོགས་སོང་། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོར་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ལ་དྭགས་འདི་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་པས་སླད་མར་ས་གནས་བོད་མིའི་དཀའ་ངལ་སེལ་བའི་རེ་བ་ཡོད་ཅེས་སོགས་གསུངས་ཡོད།

Latest news

- Advertisement -spot_img