Tibetan Royal Year of 2151 | Year of the Wood Dragon

བརྩེ་བ་ནི་ཆོས་དད་ཡོད་མེད་གཉིས་ཀར་གལ་འགངས་ཆེན་པོ་ཡིན་པ་བཀའ་སྩལ་བ།

Tibetan News Headlines

  • Sikyong dismisses China’s remarks on Tibet talks as ‘nothing new’, calls MWA only solution to Tibet problem
  • Sikyong begins Europe visit with public talk in Switzerland, to meet MPs today
  • UK MP detained and deported by China-allied nation for his outspoken advocacy on Tibetans, Uighurs, and Hong Kongers
  • Talks with China going on smoothly, India will never bow down: Rajnath Singh
  • 9th working committee meeting of NDPT concludes with a new mid term President

རེས་གཟའ་ཟླ་བ། ༢༠༢༤།༠༤།༢༩

  • བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གསུངས་སོང་།
  • སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཞིག་ནས་ཕྱིར་འབུད།
  • རྒྱལ་སྲུང་བློན་ཆེན་ Rajnath Singh མཆོག་གིས་རྒྱ་གར་གྱི་རྒྱ་ནག་ལ་ནམ་ཡང་མགོ་དགུར་གྱི་མ་རེད་གསུངས་འདུག
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་འབྲེལ་བར་བརྒལ་ཚོགས་གཙོ་འོས་འདེམས་གནང་འདུག

དེ་རིང་ཕྱི་ཚེས་ ༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་འགོ་ཁྲིད་དང་བདེ་སྐྱིད་བརྟག་དཔྱད་ཁང་གིས་གོ་སྒྲིག་ཞུས་པའི་ཚོགས་འདུའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་ནས་བརྩེ་བ་དེ་གལ་ཆེན་པོ་ཡིན་པའི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག

ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཨ་རིར་རྟེན་གཞི་བྱས་པའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་འགོ་ཁྲིད་སྟི་གནས་ཁང་ Harvard Kennedy School’s Center for Public Leadership གི་འགོ་ཁྲིད་དང་བདེ་སྐྱིད་བརྟག་དཔྱད་ཁང་ The Leadership & Happiness Laboratory གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བདག་ལས་འདས་པ་ Transcending Ourselves ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཚོགས་ཡོད་པ་དང་། དེ་རིང་ཚོགས་འདུའི་ཉིན་གཉིས་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་ནས། ཨ་མའི་བརྩེ་བ་དེ་ཆོས་དང་འབྲེལ་བ་མེད་པ་དང་། ལྷག་པར་དུད་འགྲོ་ཚོར་མཚོན་ན་ཨ་མའི་བརྩེ་བ་དེ་ཆོས་དང་འབྲེལ་མེད་པར་བཀའ་ནན་སྩལ་བ་དེ་ལྟར་ཡང་། བརྩེ་བ་ཞེས་པ་དེ་ཆོས་དང་འབྲེལ་ནས་བཤད་སྐབས་སེམས་ཅན་གཞན་ལ་བརྩེ་བ་ཡོང་གི་ཡོད་པ་དེ་ཡག་པོ་ཡིན་པར་མདོར་ན་བརྩེ་བ་ནི་གལ་འགངས་ཆེན་པོ་ཞིག་ཡིན་པ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་འདུག

དེ་བཞིན་མགོན་པོ་༸གང་ཉིད་མཆོག་ནི་ནང་པའི་རྗེས་འཇུག་པ་ཞིག་ཡིན་པ་དང་། ནང་པ་སངས་རྒྱས་པའི་ཆོས་ནང་སེམས་ཅན་ཐམས་ཅད་ཨ་མའི་འདུ་ཤེས་བཟུང་དགོས་པ་དེ་ཤུགས་ཆེན་པོ་གསུང་གི་ཡོད་པ་བཞིན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ངོས་ནས་ཀྱང་སེམས་ཅན་ཐམས་ཅད་དཀོན་མཆོག་གི་བུ་ཡིན་པའི་གསུང་ཚུལ་སོགས་ནུས་པ་ཆེན་པོ་ཡོད་པར་འབབ་ས་གཅིག་པ་ཡིན་པ་བཀའ་སྩལ་འདུག

སྐབས་དེར་གཙུག་ལག་སློབ་ཆེན་དེའི་སློབ་དཔོན་ཆེན་མོ་ Arthur Brooks ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚན་རིག་དང་དད་པ་གཉིས་མཉམ་གནས་ཐུབ་མིན་དང་། གཅིག་མཚུངས་ཀྱི་བདེན་པ་འཚོལ་ཐུབ་མིན་སྐོར་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས། མི་ལ་དམིགས་བསལ་གྱི་དཔྱད་པ་བྱ་རྒྱུའི་ཆོས་རིག་པའི་རྣམ་འབྱེད་ཀྱི་ཤེས་རབ་ཡོད་པ་དང་། ཚན་རིག་ནི་དངོས་ཡོད་གནས་ཚུལ་བརྟག་དཔྱད་གནང་མཁན་ཞིག་ཡིན་སྟབས། འགལ་བ་མེད་པར་བཀའ་སྩལ་དང་འབྲེལ། བློ་གཟུ་བོར་གནས་པའི་ཐོག་ནས་ཡུན་རིང་པོ་དཔྱད་པ་བྱས་ཚེ་མཉམ་དུ་འགྲོ་ཐུབ་རྒྱུ་ཡིན་པ་དེ་ལྟར་ཡང་། དངོས་ཡོད་གནས་ཚུལ་བསམ་བློ་མ་གཏང་བར་ཆོས་ཕྱོགས་ཀྱི་ཐོག་ནས་རྨོངས་དད་རིགས་ཤིག་ཡོད་པ་དེ་ཚན་རིག་དང་མཉམ་དུ་འགྲོ་ཐུབ་རྒྱུ་མིན་པ་བཀའ་སྩལ་འདུག

མ་ཟད་༸གོང་ས་མཆོག་གིས་ཚན་རིག་པའི་ངོས་ནས་བློ་གཟུ་བོར་གནས་པའི་ཐོག་དཔྱད་པ་བྱས་ཚེ་བརྩེ་བ་ཞེས་པ་དེ་ཚན་རིག་དང་འབྲེལ་བ་ཡོད་པ་རེད་ཅེས་བཀའ་སྩལ་བའི་ཁྲོད། སློབ་དཔོན་ཆེན་མོ་ Arthur Brooks ལགས་ཀྱིས། ༸རྒྱལ་བ་རིན་པོ་ཆེ་མཆོག་ལ་ང་ཚོའི་མི་ཚེ་བཟང་དུ་འགྲོ་བ་ལ་ཚན་རིག་པར་དྲི་བ་ཇི་ཡོད་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས། ཚན་རིག་པར་དྲི་བ་གལ་ཆེ་ཤོས་གཅིག་ནི་འཛམ་གླིང་ཞི་བདེ་ཡོང་ཆེད་ག་རེ་གནང་ཐུབ་བམ་ཞེས་པ་དེ་ཡིན་པ་བཀའ་འདྲི་སྩལ་འདུག

གཞི་རྩའི་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་ཐོག་ཨོསྟྲེ་ལི་ཡ། ཁེ་ན་ཌ། ཧོང་ཀོང་། ནེའུ་ཛི་ལན་ཌི། སིངྒ་པོར། ཡུ་རོབ། ཨ་རི། བོད་པ་བཅས་ཧ་ཝར་ཌི་སློབ་གླིང་གི་ཚོགས་མི་དང་། སྤྱི་ཚོགས་ལས་འགུལ་བ། དེ་བཞིན་འགྲོ་ཁྲིད་དང་བདེ་སྐྱིད་བརྟག་དཔྱད་ཁང་གི་མི་སྣ་དང་། ཨེ་མོ་རི་གཙུག་ལག་སློབ་གྲྭར་ཚན་རིག་སྦྱངས་ཟིན་པའི་དགེ་བཤེས་སོགས་ཁྱོན་མི་གྲངས་ ༣༩ མཉམ་ཞུགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ནས་བདག་ལས་འདས་པ་ Transcending Ourselves ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།