བོད་ཀྱི་ཡར་ཀླུང་གཙང་པོའི་ཐོག་རྒྱག་བཞིན་པའི་ཆུ་ཤུགས་གློག་ཁང་ལས་གཞིས་ཁོར་ཡུག་གཏོར་བཤིག་གཏོང་གིན་ཡོད་པ་ར་སྤྲོད།

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

Weiquanwang ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་གསང་བའི་འདྲ་པར་ཁག་གཅིག་ཕྱི་གྱར་གནང་བའི་བརྒྱུད། བོད་དཀར་མཛེས་ཁུལ་གྱི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་རྒྱ་ནག་གི་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞི་དེ་དག་གིས་ཁོར་ཡུག་གཏོར་བཤིག་གཏོང་གིན་ཡོད་པ་ར་སྤྲོད་གནང་འདུག

དེ་ཡང་ཁ་ཉིན་ཚེས་ ༡༨ ཉིན་ཚོགས་པའི་དྲ་གནས་ཐོག་རྒྱ་གཞུང་གིས་དབྱེ་བའི་བོད་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁུལ་དུ། ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་རྒྱ་ནག་གིས་གཞི་རྒྱ་ཆེ་བའི་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞི་སྤེལ་བཞིན་པའི་ཉེ་བའི་འདྲ་པར་ཁག་གཅིག་ཕྱི་གྱར་གནང་འདུག དེའི་ནང་ཆུ་ཤུགས་གློག་ཁང་གི་ལས་གཞི་འགོ་འཛུགས་མ་བྱས་པའི་གོང་ལ་ས་ཁུལ་དེའི་རི་དང་ཆུ་རྒྱུན་ཐོག་གཏོར་བཤིག་ཤུགས་ཆེ་བཏང་སྟེ། རིའི་ཐོག་བཟོ་བསྐྲུན་བྱས་པའི་རྒྱ་ལམ་ཐོག་ནས་རྡོ་རྣམས་འོར་འགྲེན་བྱེད་བཞིན་པ་དང་། ཆུ་ཤུགས་གློག་ཁང་གི་ལས་གཞི་འགོ་བཙུགས་བྱས་རྗེས་འཕྲུལ་རིགས་ཧ་ཅང་ཆེ་བ་འགྲེམས་འཇོག་བྱས་པ་སོགས་མངོན་རྒྱུ་འདུག དེ་དག་གིས་རྒྱ་ནག་དམར་ཤོག་གཞུང་གིས་ཐབས་བྱུས་ལྡན་པའི་ཐོག་ནས་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཇི་ལྟར་གཏོང་བཞིན་པ་མངོན་རྒྱུ་ཡོད་པ་གསུངས་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྒྱ་ནག་གཞུང་གིས་ཐོག་མར་ཕྱི་ལོ་ ༢༠༠༥ ཙམ་ནས་ས་ཁུལ་དེར་རྟོག་ཞིབ་འགོ་བཙུགས་རྗེས་ ༢༠༡༤ ཙམ་ནས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དངོས་སུ་འགོ་བཙུགས་ཀྱིས། ཕྱི་ལོ་ ༢༠༢༢ བར་དུ་ཆུ་མཛོད་དེ་དངོས་སུ་བེད་སྤྱོད་གཏོང་འགོ་བཙུགས་ཡོད་ཅིང་། ལས་གཞི་འདིའི་ཆེད་དུ་དེ་སྔ་ས་གནས་བོད་མིའི་གྲོང་སྡེ་དང་འབྲོག་པ་མང་པོ་གནས་སྤོ་བཏང་བ་སོགས་ས་གནས་མང་ཚོགས་ཀྱི་འཚོ་བ་དང་། ཁོར་ཡུག་ལ་དོ་ཕོག་བཏང་བའི་སྐོར་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་མ་ཟད། ད་རེས་ཀྱི་འདྲ་པར་གསར་པ་དེ་དག་གིས་དེ་སྔ་ཆུ་མཛོད་ལས་གཞི་འདི་དང་འབྲེལ་བའི་ཁོར་ཡུག་གཏོར་བཤིག་ཀྱི་གནད་དོན་རྣམས་དངོས་ཡོད་ཡིན་པ་ར་སྤྲོད་འབྱུང་བཞིན་ཡོད་པ་ཐེར་འདོན་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།