Tibetan Royal Year of 2151 | Year of the Wood Dragon

བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་ཀྱི་རིག་གཞུང་ངོ་བོ་རྩ་མེད་བཟོ་བའི་ལས་འགུལ་ལ་སྐྱོན་བརྗོད།

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

ཁ་སང་ཕྱི་ཚེས་ ༡༠ ཉིན་མོ་དེ་ནི་རྒྱལ་ཚོགས་ཀྱི་གཏན་འབེབས་གནང་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང་བསྟུན། རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པས་རྒྱ་གཞུང་གིས་བོད་དང་ཤར་ཏུར་ཀིས་ཏན། ཧོང་ཀོང་བཅས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་བློ་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་ཀྱི་ཐུན་མིན་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་རྩ་མེད་བཟོ་བའི་ལས་འགུལ་ལ་སྐྱོན་བརྗོད་གནང་འདུག

UNITED STATES – OCTOBER 20: Nicholas Burns, nominee to be ambassador to the People’s Republic of China, testifies during his confirmation hearing in the Senate Foreign Relations Committee on Wednesday, Oct. 20, 2021. (Photo by Bill Clark/CQ-Roll Call, Inc via Getty Images)

དེ་རིང་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ Nicholas Burns ལགས་ཀྱིས་གཞུང་ཚབ་པའི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ནང་། དེ་སྔོན་ཕྱི་ལོ་ ༡༩༤༨ ལོར་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པའི་ཁྲིམས་སྒྲིག་དེའི་ནང་རྒྱལ་ཚོགས་ཀྱི་ཚོགས་མི་ཚང་མས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ནི་འགྲོ་བ་མི་ཚང་མར་ལྷན་སྐྱེས་སུ་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་འབྲེལ། གང་ནས་ཡིན་པ་དང་སུ་ཡིན་མིན་སོགས་ལ་ལྟོས་མེད་མི་ཚང་མར་སྐྱེས་དུས་ནས་རང་དབང་དང་། དེ་བཞིན་ཆེ་མཐོང་དང་ཐོབ་ཐང་འདྲ་མཉམ་ཡོད་པར་གསལ་བཏོན་གནང་ཡོད་ཅེས་གསུངས་འདུག་པ་མ་ཟད། ཁྲིམས་སྒྲིག་དེ་ཉིད་གཏན་འབེབས་ཀྱིས་ལོ་ངོ་ ༧༥ འཁོར་མཚམས་འདིར་ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགན་འཁྲི་དང་། ཁས་ལེན་དམ་བཅའ་ཞུས་པ་རྣམས་སྒྲུབ་མ་ཐུབ་པར་ཧ་ཅང་སེམས་འཚབ་ཆེན་པོ་ཡོད་ཅེས་སྐྱོན་བརྗོད་ནན་པོ་གནང་འདུག

ལྷག་པར་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐོག བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་བཟོ་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱས་དང་ལས་འགུལ་རྣམས་ལ་སྐྱོན་བརྗོད་ནན་པོ་གནང་འདུག་པ་མ་ཟད། ཤར་ཏུར་ཀིས་ཏན་གི་ཡུ་གུར་བ་གཙོས་པའི་གྲངས་ཉུང་མི་རིགས་གཞན་ལ་གཏོང་བཞིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ལ་ངོ་རྒོལ་ཡོད་པ། དེ་བཞིན་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཁག་ལ་རྡོག་རོལ་དང་ཞི་བའི་ངང་ནས་བདེན་པ་བརྗོད་མཁན་ཚོར་དོ་དམ་དྲག་པོ་བྱེད་ཀྱི་ཡོད་པའི་གནད་དོན་ཐད་སེམས་འཚབ་མངོན་གསལ་དང་འབྲེལ། ཨ་རིའི་ངོས་ནས་ཞི་བའི་འདུ་འཛོམས་དང་། ཆོས་ལུགས་རང་དབང་། སྨྲ་བརྗོད་རང་དབང་། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་བཅས་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསལ་བརྗོད་གནང་འདུག

མ་ཟད་རྒྱ་ནག་ནང་དུ་ཞི་བདེ་དང་། བདེ་འཇགས། ཆེ་མཐོང་སོགས་ཀྱི་ཆེད་དུ་ལས་དོན་སྤེལ་བའི་ཁྲོད་འཇིགས་སྐུལ་དང་བཙོན་འཇུག་མྱོང་མཁན་གྱི་རྒྱ་ནག་གི་ཁྲིམས་རྩོད་པ་དང་། གསར་འགོད་པ། སྤྱི་མི་སོགས་གཞན་གྱི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྣམས་ལ་རྒྱབ་སྐྱོར་ཡོད་སྐོར་མངོན་གསལ་གནང་འདུག དེ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལག་བསྟར་ཁག་ལ་རྟོག་ཞིབ་གནང་དགོས་གལ་ཐོག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་དང་མི་མང་ལ་ཁས་ལེན་དམ་བཅའ་བྱས་པ་དེ་དག་བརྩི་སྲུང་བྱ་དགོས་པ་ནན་བརྗོད་གནང་འདུག

གཞན་ཡང་ཁ་སང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་དུ་རྒྱ་ནག་གི་བཙན་གནོན་མནར་གཅོད་འོག་མྱོང་བཞིན་པའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་དང་རྒྱ་རིགས་སོགས་ནས་རྒྱ་གཞུང་གི་བཙན་གནོན་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ལས་འགུལ་རྣམས་མཚམས་འཇོག་བྱ་དགོས་པ་དང་། དབྱིན་གཞུང་ནས་གནད་དོན་དེ་དག་གི་ཐོག་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་འབོད་ཚིག་དང་འབྲེལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

དེ་བཞིན་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཚོགས་པ་ཁག་ལྔའི་གོ་སྒྲིག་འོག་པེ་རི་སིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་སྐད་འབོད་ལས་འགུལ་སྤེལ་བའི་བརྒྱུད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུས་འདུག

རྩ་བའི་ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཧྲིལ་པོ་ ༣༤ འཁོར་བའི་དུས་ཆེན་དང་བསྟུན། བོད་མིའི་གནས་སྡོད་འཛམ་གླིང་ས་ཕྱོགས་གང་སར་ཉིན་མོ་དེ་གཟབ་རྒྱའི་ངང་སྲུང་བརྩི་ཞུས་ཡོད་པ་དེ་ལྟར་ཡང་། བལ་ཡུལ་གནས་སྡོད་འབྲེལ་ཡོད་ཅིག་གི་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་། བལ་ཡུལ་ནང་མགོན་པོ་༸གང་ཉིད་མཆོག་གིས་༸སྐུའི་འཁྲུངས་སྐར་གཙོས་པའི་བོད་དོན་ལས་འགུལ་ཁག་ལ་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པའི་ཁྲོད། ཁ་སང་ཁུལ་དེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟབས་གཅིག་ཏུ་སྲུང་བརྩི་ཞུ་རྒྱུའི་ཐད་སྔར་ལྷག་དམ་བསྒྲགས་ཤུགས་ཆེར་བྱས་ཏེ་བལ་ཡུལ་དོན་གཅོད་གཙོས་པའི་འབྲེལ་ཡོད་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་ཤུགས་ཆེར་བྱེད་མུས་ཡིན་པ་གསུངས་ཀྱི་འདུག

མ་ཟད་དུས་རྒྱུན་དང་མ་འདྲ་བའི་ས་གནས་ཉེན་རྟོག་པ་མིན་པར་བལ་ཡུལ་དབུས་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱ་རྒྱུའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་དང་འབྲེལ། ཁ་སང་བལ་ཡུལ་འཕགས་པ་ཤིང་ཀུན་ཉེ་འདབས་བྲག་དཀར་དགོན་དུ་དེ་འབྲེལ་མཛད་སྒོ་སྲུང་བརྩི་ཞུས་སྐབས་ཞོགས་པ་ཕྱག་ཚོད་ ༨ པའི་ཐོག་བལ་ཡུལ་གཞུང་གི་ཉེན་རྟོག་པ་ཕོན་ཆེན་བསླེབས་ཏེ་བོད་པའི་བུད་མེད་བཞི་འཛིན་བཟུང་གིས་འཕགས་ཤིང་ས་གནས་ཉེན་རྟོག་ཁང་དུ་ཁྲིད་དེ་ཕྱི་དྲོ་བློས་གྲོལ་བཏང་ཟིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།