Tibetan Royal Year of 2151 | Year of the Wood Dragon

སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ལྡི་ལིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་སྤྱི་འཐུས་ཟུར་པ་འཇིགས་མེད་འབྱུང་གནས་ལགས་ལྡི་ལིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་ནས་འདི་ཚེས་ ༢༥ ཉིན་སྤེལ་བའི་གསལ་བསྒྲགས་ལྟར་ན། འཛིན་སྐྱོང་བཀའ་ཤག་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ པོའི་དགོངས་དོན་དུ་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ། ཞེས་གསལ་བ་ལྟར་བོད་མི་མང་སྤྱི་འཐུས་ཟུར་པ་འཇིགས་མེད་འབྱུང་གནས་ལགས་ལྡི་ལིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

ད་ལྟ་ཨ་རིར་གནས་བཞུགས་གནང་བཞིན་པ་སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ཡིག་ཆའི་ལས་དོན་ཁག་གྲུབ་མཚམས་ལྡི་ལིའི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་དངོས་སུ་བཞེས་རྒྱུ་ཡིན་པ་རེད།

རྩ་བའི་སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ཕྱི་ལོ་ ༡༩༧༡ ནས་ ༡༩༨༣ བར་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཉིན་སློབ་དགེ་རྒན་དང་། ས་གནས་ཀྱི་སྒྲིག་འཛུགས་འདྲ་མིན་ནང་ལ་ཕྱག་གནང་མྱོང་ཡོད་ཅིང་། ཕྱི་ལོ་ ༡༩༨༣ ལོར་གཞུང་ཞབས་ངོ་མར་བསྐོ་བཞག་བྱུང་རྗེས་ས་གནས་མཉམ་འབྲེལ་གྱི་དྲུང་ཆེ་དང་། ས་གནས་འགོ་འཛིན། ལྷོ་སྤྱི་བཅས་ཀྱི་ལས་ཁུར་ཞུས་ཡོད་པ་མ་ཟད། སྤྱི་ལོ་ ༡༩༩༥ ནས་ ༢༠༠༦ བར་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དང་། དྲུང་འཕར། དྲུང་ཆེ། དེ་བཞིན་ ༢༠༠༦ ནས་ ༢༠༠༨ བར་རྩིས་ཞིབ་ལས་ཁུངས་ཀྱི་དྲུང་ཆེ་བཅས་ཀྱི་ལས་ཁུར་ཞུས་རྗེས་སྒྲིག་གསལ་ལྟར་བགྲེལ་ཡོལ་དུ་ཕེབས་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་བགྲེས་ཡོལ་དུ་ཕེབས་རྗེས་ ༢༠༡༡ ལོར་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ཁྲོད་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་སྟེ་སྐབས་ ༡༥ པའི་སྤྱི་འཐུས་ཀྱི་ལས་ཁུར་ཡང་ཞུས་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།