Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་ཀྱི་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་ཤུགས་ཆེར་གཏོག་རྒྱུར་གྲ་སྒྲིག

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཁ་སང་རྒྱ་ནག་གཞུང་འབྲེལ་གྱི་ཀྲུང་གོ་བོད་ལྗོངས་དྲྭ་བ་ཞེས་པའི་སྟེང་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༨་དང་༩ ཉིན་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་རྒྱ་ནག་གིས་ཚོགས་འདུ་ཞིག་བསྡུ་སྐོང་གིས། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་སུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་གཏོང་རྒྱུ་ཡིན་པར་བསྒྲགས་འདུགཐེངས་འདིའི་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་ཡིས་ཚོགས་ཐོག་ཏུ་གཏམ་བཤད་གནང་སྟེ། ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རྒྱ་ནག་དམར་ཤོག་གཞུང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བཀོད་སྒྲིག་གཞིར་བཟུང་། དོན་ཆེན་ཡིན་པའི་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ལ་དམིགས་པ་དང་། གྲུབ་འབྲས་ཕྱོགས་སྡོམ། དུས་བབ་ལ་དབྱེ་ཞིབ། ལས་དོན་བཀོད་སྒྲིག མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱ་དགོས་བ་སོགས་ཀྱི་གཏམ་བཤད་སྤེལ་འདུགགོང་གི་ཚོགས་འདུ་དེ་དང་འབྲེལ་ནས། འདི་གའི་གསར་འགོད་པའི་ཨོ་གླིང་གི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་ནག་གི་སྲིད་བྱུས་དཔྱད་བརྗོད་པ། སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་ཐེངས་འདིའི་རྒྱ་ནག་གི་བོད་ཀྱི་མཐའ་མཚམས་འཛུགས་སྐྲུན་གྱི་ཚོགས་འདུ་དེའི་གལ་གནད་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་དཀར་ནག་གཉིས་ཀྱིས་འཕགས་བོད་ས་མཚམས་སུ་གདོང་ཐུག་རིམ་པ་བྱུང་བཞིན་པའི་དུས་སྐབས་འདིར། རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་མཐོ་གྲོས་ཀྱིས་ཆེད་དུ་གྲོ་མོ་རྫོང་ངམ། འཕགས་བོད་ས་མཚམས་སུ་ཚོགས་འདུ་ཚོགས་ནས་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་བྱེད་རྒྱུ་ཡིན་པར་འཁོད་ཡོད་པ་དེ་ནི་རྒྱ་ནག་གི་བཀོད་འདོམ་གྱི་འོག་ཏུ། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་འགན་འཁྲི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཡོད་པ་གསལ་བོར་བསྟན་ཡོད་པར་ངོ་སྤྲོད་གནང་སོང་།

གཞན་ཡང་ཁོང་གིས། ཐེངས་འདིའི་ཚོགས་འདུ་དེའི་བརྗོད་བྱ་གལ་ཆེན་ཞིག་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྐབས་བོད་ཁུལ་གྱི་མཐའ་མཚམས་ཁག་ལ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་བཏང་ནས། མི་མང་གི་འཚོ་བ་ཡར་རྒྱས་བཏང་སྟེ་དམངས་སེམས་དམར་ཤོག་ཅན་ལ་འགུག་ཐབས་ཀྱི་སྲིད་བྱུས་དེ་ལག་བསྟར་དོན་འཁྱོལ་ཡོང་བར་འབད་བརྩོན་བྱེད་རྒྱུར་དམིགས་པ་ཞིག་ཡིན་སྐོར་ཡང་འགྲེལ་བརྗོད་གནང་སོང་།

གཞན་ཡང་ཐངེས་འདིའི་རྒྱ་ནག་གི་བོད་དོན་དང་འབྲེལ་བའི་ཚོགས་འདུའི་ཐོག   ངེས་པར་དུ་བརྟན་པོ་འཛུགས་དགོས་པ་གསུམ་མཐའ་འཁྱོངས་བྱེད་དགོས་བར་འཁོད་ཡོད་པ་ནི།   རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། གཞི་རིམ་གྱི་དམར་ཤོག་རྩ་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱིི་གནད་དོན་གྱི་ཐད་ནས་སྐུལ་སློང་གནང་འདུགགཞི་རྩའི་འདི་ལོར་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་རིམ་པ་བྱུང་བ་མ་ཟད། མཐའ་མཚམས་ཀྱི་དམག་མིའི་བར་ཤི་རྨས་ཀྱི་དོན་རྐྱེན་ཡང་བྱུང་ཡོད་སྟབས།  རྒྱ་གར་གྱི་མཐོ་རིམ་དཔོན་རིགས་དང་དམག་སྤྱི་རིམ་པའི་ཚོགས་འདུའི་ཁྲོད་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་ཕྱིར་འཐེན་བྱེད་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་པ་ལྟར། མཐའ་མཚམས་ཁག་ཏུ་དགུན་ཆས་དང་བཟའ་འབྲུ་འབོར་འདྲེན་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་གིས་ཀྱང་མཐའ་མཚམས་ཁག་ཏུ་དམག་མི་འགྲེམས་འཇོག་བྱས་ཡོད་པ་ཕྱིར་འཐེན་མ་བྱས་པར་རང་སོར་གནས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།