Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་དྲ་ཐོག་མིང་གཞུང་ཐོ་འགོད་བརྒྱུད་ཆོས་ཕྱོགས་མི་སྣར་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

རྒྱ་གཞུང་གིས་དེ་སྔོན་ཆོས་ཕྱོགས་མི་སྣ་ཁག་གི་མིང་གཞུང་འཁོད་པའི་དྲ་ཐོག་རེའུ་མིག་གསར་བཟོ་བྱས་པ་དེ་རྒྱ་སྐྱེད་བཏང་སྟེ། དེའི་ནང་ཁ་ཆེ་ཙམ་མ་ཟད་། ཡི་ཤུ་དང་གྲུབ་མཐའ་གསར་མའི་ཆོས་ལུགས་བཅས་ཁ་སྣོན་ཐོག་ཆོས་ལུགས་དེ་དག་སྔར་ལྷག་སྒྲིག་འཛུགས་ལྡན་པ་དང་ཆོས་ཕྱོགས་བྱེད་སྒོ་སྤེལ་མཁན་རྣམས་ལ་སྟངས་འཛིན་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག

རྩ་བའི་རྒྱ་གཞུང་གིས་ཆོས་ཕྱོགས་མི་སྣ་ཁག་ལ་སྟངས་འཛིན་སྔར་ལྷག་བྱ་ཆེད་དང་འབྲེལ། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་ཡུལ་དེའི་ནང་གི་ནང་བསྟན་ཆོས་བརྒྱུད་དང་ཏའོ་ཆོས་ལུགས་གཉིས་ཀྱི་ཆོས་དཔོན་དང་དབུ་ཁྲིད་རྣམ་པའི་མཚན་གཞུང་ཕྱོགས་བསྡུས་ཀྱིས་དྲ་ཐོག་རེའུ་མིག་ཅིག་གསར་བཟོ་བྱས་ཏེ། འགོ་སྟོད་དུ་ཡུལ་དེའི་མང་ཚོགས་ཀུན་ནས་དྲ་ཐོག་རེའུ་མིག་དེའི་བརྒྱུད་ནང་པ་དང་ཏའོ་ཆོས་ལུགས་ཁག་གི་ཆོས་དཔོན་གྱི་ལོ་རྒྱུས་ཁག་ལྟ་ཀློག་ཆོག་པ་བཟོས་ནས་ད་ཆ་ཟླ་བ་གསུམ་ཡས་མས་འགྲོ་བཞིན་པའི་མཚམས་འདིར། ཉེ་ཆར་རྒྱ་གཞུང་གིས་སླར་ཡང་དྲ་ཐོག་རེའུ་མིག་དེའི་ཐོག་ཁ་ཆེ་དང་། ཡི་ཤུའི་རྣམ་དག་དང་གྲུབ་མཐའ་གསར་མའི་ཆོས་ལུགས་བཅས་གསར་འཇུག་བྱས་ཏེ་རྒྱ་སྐྱེད་བཏང་ཡོད་པ་མ་ཟད། རྒྱ་གཞུང་གིས་ངོས་ལེན་མ་བྱས་པའི་ཆོས་ལུགས་དང་འབྲེལ་ཡོད་གལ་ཆེའི་མི་སྣ་ཁག་དེའི་ནང་ཐོ་འགོད་བྱས་མེད་པ་འཁོད་འདུག

རེའུ་མིག་དེའི་ནང་ཆོས་ཕྱོགས་མི་སྣ་ཁག་གི་མིང་དང་། འདྲ་པར། ཆོས་ལུགས་ཀྱི་ལས་གནས། དེ་བཞིན་དེབ་སྐྱེལ་གྱི་ཨང་གྲངས་སོགས་བཀོད་པ་དང་། རྒྱ་གཞུང་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ཀྱིས་དེ་སྔོན་ལས་གཞི་དེའི་བརྒྱུད་ཆོས་ལུགས་ཁག་གི་མི་སྣ་རྣམས་ཀྱི་ཞིབ་ཕྲའི་གནས་ཚུལ་འགྲེམས་སྤེལ་ཐོག་འབྲེལ་ཡོད་ཚོགས་པ་ཁག་སྔར་ལྷག་སྒྲིག་འཛུགས་རང་བཞིན་ལྡན་པ་བཟོ་ཆེད་ཙམ་མ་ཟད། ཆོས་ཕྱོགས་མི་སྣ་ཁག་གི་ཁྲོད་ངན་བྱུས་མགོ་སྐོར་གཏོང་མཁན་རྣམས་འཐེར་འདོན་བྱ་ཆེད་ཕན་རླབས་ཆེན་པོ་ཡོད་ཚུལ་བཤད་ཡོད་པ་རེད།

འོན་ཀྱང་ཨ་རིར་རྟེན་གཞི་བྱེས་པའི་ Chinaaid ཞེས་པའི་ཚོགས་པ་ལྟ་བུས། ལས་གཞི་དེ་ནི་རྒྱ་གཞུང་གིས་ཡུལ་དེའི་ནང་ཆོས་ལུགས་ཁག་དང་ཆོས་ཕྱོགས་ཀྱི་ཚོགས་སྡེ་ཁག་ལ་སྔར་ལྷག་དམ་བསྒྲགས་བྱ་རྒྱུའི་ཐབས་ཤེས་འཕར་མ་ཞིག་ཡིན་པའི་སེམས་འཚབ་གནང་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།