Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དང་བརྒྱུད་ལམ་གཞན་ཐོག་འབྲེལ་བ་ཡོད་ཀྱང་མདུན་བསྐྱོད་དེ་ཙམ་མེད་པར་ཡོངས་གྲགས་གནང་རྒྱུའི་འོས་བབ་མེད་ཅེས་གསུངས་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ད་ལྟའི་ཆར་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་གྱི་བརྒྱུད་ལམ་གཞན་ཞིག་ཡོད་མེད་བཅར་འདྲི་ཞུས་ཡོད་སྟབས། ཁོང་གིས་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་གྱི་བརྒྱུད་ལམ་གཞན་ཞིག་ཡོད་ཀྱང་ད་ལྟའི་ཆར་དེ་ཙམ་མདུན་བསྐྱོད་ཀྱི་གནས་སྟངས་མེད་སྟབས་ཡོངས་གྲགས་གནང་རྒྱུའི་འོས་བབ་མེད་པ་གསུངས་འདུག

དེ་ཡང་ The Hindu གསར་ཁང་གིས་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བོད་དང་རྒྱ་ནག་གི་གནད་དོན་སྤྱི་དང་། ལྷག་པར་དུ་༸རྒྱལ་བའི་ཡང་སྲིད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་བཅས་ཀྱི་ཐོག་ལ་བཅར་འདྲི་ཞུས་པ་ཞིག་འདོན་སྤེལ་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་སྲིད་བྱུས་ལྟར། བོད་རྒྱའི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་རྩོད་བཞིན་ཡོད་པ་ལས་རང་བཙན་གཙང་མ་རྩོད་ཀྱི་མེད་ཅེས་བསྐྱར་ནན་གནང་བ་དང་འབྲེལ། ད་ལྟའི་ཆར་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་གྱི་བརྒྱུད་ལམ་གཞན་ཞིག་ཡོད་ཀྱང་དེ་ཙམ་གྱི་མདུན་བསྐྱོད་ཀྱི་གནས་སྟངས་མེད་སྟབས་ཡོངས་གྲགས་གནང་རྒྱུའི་འོས་བབ་མི་འདུག་ཅེས་གསུངས་འདུག

ཁོང་གིས་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་དེའི་ཐོག་ནས། འཚེ་བ་མེད་པར་ཞི་བའི་གྲོས་མོལ་བརྒྱུད་ཕུགས་འགྱང་རིང་བའི་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེའི་བརྒྱུད་ནས་ལྷོ་ཨེ་ཤི་ཡའི་ནང་ཞི་བདེ་བསྐྲུན་ཐབས་ལ་ཕན་ངེས་ཡིན་པ་ཡིད་ཆེས་གནང་གི་ཡོད་ཅེས་གསུངས་ཏེ། གལ་ཏེ་༸རྒྱལ་བ་རིན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་ཚེ་རྒྱ་དཀར་ནག་གཉིས་ལའང་དགེ་མཚན་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ང་ཚོའི་འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་ཐུབ་ཆེད་བོད་པའི་གཞོན་སྐྱེས་རྣམས་གསོ་སྐྱོང་བྱ་དགོས་གལ་ཡིན་པ་གསུངས་འདུག

ཡང་གསར་ཁང་གིས་༸རྒྱལ་བའི་ཡང་སྲིད་དང་འབྲེལ་ནས་བཀའ་འདྲི་ཞུས་བའི་ལན་དུ་༸གོང་ས་༸སྐྱབས་ཆེན་པོ་མཆོག་ད་དུང་དགུང་ལོ་བཅུ་ཕྲག་འགའ་ཤས་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་དང་འབྲེལ། དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དགུང་ལོ་ ༩༠ ལ་ཕེབས་སྐབས་༸སྐུའི་ཡང་སྲིད་ཐོག་དགོངས་བཞེས་ནན་པོ་གནང་རྒྱུ་ཡིན་པ་བཀའ་བསྩལ་ཡོད་ཅེས་གསུངས་ཡོད་ཅིང་། ལྷག་དོན་རྒྱ་ནག་གཞུང་གིས་ད་ལྟའི་༸སྐུ་འཚོ་ཞིང་བཞུགས་པའི་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་དངངས་སྐྲག་མང་བ་ཡོད་པའི་རྣམ་པ་ཞིག་ཡོད་པ་རེད་ཅེས་གསུངས་འདུག

མ་ཟད་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་ནས་བཀའ་ལན་གནང་བའི་ཁྲོད། ཕྱི་ལོ་ ༢༠༡༣ ལོར་ཞི་ཅིན་ཕིང་སྲིད་འཛིན་ཆགས་པ་ནས་བཟུང་ད་བར་རྒྱ་གཞུང་གི་འགོ་ཁྲིད་དང་ལྷན་དུ་བོད་ཀྱི་གནད་དོན་གླེང་སློང་བྱུང་ཐུབ་མེད་པ་དང་འབྲེལ། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། བོད་པའི་གཞོན་སྐྱེས་ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་བསྐྱར་བཅོས་ཀྱིས་རང་བཙན་གཙང་མའི་སྲིད་བྱུས་འཛིན་དགོས་པའི་དགོངས་ཚུལ་སྟོན་མཁན་ཡང་འབྱུང་གིན་ཡོད་ཅེས་དང་། དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་ནང་རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་ཕྱིར་གཏན་འཇགས་བཅའ་སྡོད་སློབ་གྲྭའི་གནད་དོན་ཐོག་ཐུགས་འཚབ་གསལ་བཏོན་གནང་འདུག

གཞན་ཡང་རྒྱ་གར་གྱི་ ABP གསར་ཁང་གིས་སྲིད་སྐྱོང་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་། དེ་ལ་རྒྱ་གར་གྱི་ལྟ་ཚུལ་ཐོག་གཟིགས་ཕྱོགས། དེ་བཞིན་འཕགས་བོད་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་མི་མཐུན་པའི་གནས་སྟངས་ལས་བོད་རྒྱའི་དཀའ་རྙོག་ལ་ཤུགས་རྐྱེན་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་འདུག་པས། བོད་མིའི་འཐབ་རྩོད་ལ་རྒྱ་གར་གྱི་ལྟ་སྟངས་ཐད་ལ་སྲིད་སྐྱོང་མཆོག་གིས། དེང་གི་ཆར་རྒྱ་གར་གཞུང་ཙམ་མིན་པར་རྒྱ་གར་གྱི་ཤེས་ལྡན་མི་སྣ་མང་པོས་བོད་ཀྱི་གནད་དོན་ཐོག་གནས་ཚུལ་སྤེལ་མཁན་མཐོང་རྒྱུ་ཡོད་པ་མ་ཟད། རྒྱ་གར་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་ནང་དུའང་བོད་དོན་ཐོག་དོ་སྣང་གནང་མཁན་མང་པོ་ཡོད་པ་བཅས་བོད་རྒྱའི་དཀའ་རྙོག་ཐོག་ཕྱོགས་ཚང་མས་དོ་སྣང་གནང་གི་ཡོད་པ་དེ་ལྟར་ཡང་། རྒྱ་གར་གྱི་གནད་དོན་དེའི་ཐོག་ཇི་ཙམ་གནས་ཐུབ་མིན་ནི་ད་དུང་དྲི་བ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག

ད་དུང་རྒྱ་གར་གཞུང་གིས་ས་མཚམས་ཀྱི་གནད་དོན་ཙམ་མིན་པར་རྒྱལ་ཁབ་དེ་ཉིད་མང་གཙོའི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་རྩ་ཆེའི་རིན་ཐང་སྲུང་སྐྱོབ་ཐོག་རྒྱ་ནག་ལ་གདོང་ལེན་བྱ་དགོས་པ་ལས། རྒྱ་ནག་གིས་རང་སྣང་གང་དྲན་རྗེས་སུ་འགྲོ་རྒྱུ་མེད་པ་གསུངས་འདུག་པ་མ་ཟད། དེ་སྔ་བོད་དེ་རྒྱ་དཀར་ནག་གཉིས་བར་གྱི་བར་གནས་རྒྱལ་ཁབ་ཅིག་ཡིན་ཡང་། ད་ཆ་བོད་དེ་བཞིན་རྒྱལ་ཁབ་དེ་གཉིས་མཐུད་མཁན་གྱི་ཟམ་པ་ལྟ་བུ་འགྱུར་ཐུབ་རྒྱུ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།