Tibetan Royal Year of 2150 | Year of the Water Rabbit

གྲོས་ཚོགས་ཚོགས་དུས་དྲུག་པ་འཕར་འགྱངས་གནང་ཡང་དུས་ཚོད་གཏན་ཁེལ་མི་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།
  • སྤྱི་འཐུས་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
  • སྲིད་སྐྱོང་མཆོག་གིས་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནའི་བོད་མིར་གསུང་བཤད།
  • རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་ནག་སུབ་གཏོང་བཞིན་པར་འགོག་རྒོལ་གནང་དགོས་པའི་ཞུ་སྐུལ།
  • རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Wednesday 29/11/2023

  • Dalai Lama meets head of Himachal police officer and other ranks
  • Telo Rinpoche urges end to religious persecution in Tibet at IRFBA Ministerial in Prague
  • Tibetan MPs embark on advocacy programs in northern India
  • Sikyong Penpa Tsering addresses Tibetan community in Barcelona, Spain
  • China’s chief weapon in quashing identity of Tibetan people is not dystopian camps, but residential schools
  • In China, athletes as young as 7 in military training to ‘create iron army’

བཞུགས་སྒར་དྷརྨ་སཱ་ལཱར་འཚོགས་བཞིན་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་མའི་མཛད་རིམ་གཏན་འབེབས་གནང་བར་གཞིགས་ན། དེ་རིང་མཇུག་སྒྲིལ་གནང་གི་ཡོད་ཀྱང་། ཟླ་ ༩ ཚེས་ ༢༢ ནས་བཟུང་དེ་རིང་བར་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་ཐོག་དེ་མུར་ལྷག་པའི་མཚམས་འདིར་དེ་རིང་ཚོགས་དྲུང་ལས་ཁུངས་ཀྱིས་གྲོས་ཚོགས་ཚོགས་དུས་དྲུག་པ་འཕར་འགྱངས་གནང་འདུག

རྩ་བའི་གྲོས་ཚོགས་ཀྱི་ལས་ཉིན་དང་པོ་སྐབས་སུ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་རྒྱའི་སོ་པ་དང་འབྲེལ་བ་ཡོད་མེད་ཀྱི་གནད་དོན་ཞིག་བྱུང་བ་དང་འབྲེལ་སྤྱི་འཐུས་ཁག་གཅིག་གིས་བདེ་སྲུང་ལས་ཁུངས་ནས་གནད་དོན་གཙང་བཟོ་མ་གནང་བར་དུ་གྲོས་ཚོགས་ནང་ཆ་ཤས་བཞེས་ཀྱི་མིན་ཞེས་གསུངས་པ་ལྟར་གྲོས་ཚོགས་ཀྱི་གྲུབ་ཆ་རྩ་འབོར་གསུམ་ཆ་གཉིས་མ་ལོངས་སྟབས་གྲོས་ཚོགས་ཀྱི་ལས་ཉིན་བཞི་པ་ནས་དེ་རིང་ལས་མཐའ་མའི་བར་ཁྱོན་ལས་ཉིན་དྲུག་ཚོགས་ཐུབ་མེད་པ་རེད།

དེ་རིང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་གཉིས་པར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་ཞེས་གསལ་བ་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་མུ་མཐུད་བསྐྱང་རྒྱུར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་ལོངས་མིན་དབང་གིས་རེ་ཞིག་ཚོགས་འདུ་འཕར་འགྱངས་བྱ་རྒྱུ་དང་། ཚོགས་དུས་ཀྱི་ལས་དོན་ལྷག་མ་རྣམས་བསྐྱང་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་མཚམས་སྤྱི་འཐུས་ཚོར་འབྲེལ་བ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

དེ་རིང་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་ཁྲོད་དུ་སྤྱི་འཐུས་རྒྱུན་ལས་རྣམ་པའི་དབར་ལ་ཚོགས་འདུ་ཁག་གཅིག་ཚོགས་ཡོད་པ་དང་། རླུང་འཕྲིན་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་ལ་གྲོས་ཚོགས་མཇུག་སྒྲིལ་གནང་མ་ཐུབ་པའི་གནས་སྟངས་སོགས་དང་འབྲེལ་བའི་བཀའ་འདྲི་ཞུ་ཐབས་ཞུས་ཀྱང་ཞལ་བཞེས་གནང་མ་སོང་ལ། སྤྱི་འཐུས་ཁག་གཅིག་གིས་ཐེངས་འདིའི་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་སྐོར་གསུངས་ཡོད།

ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་སུ་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་གྲོས་ཚོགས་ཀྱི་ལས་ཉིན་དང་པོ་ནས་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་རེ་འབོད་ཀྱི་ལས་འགུལ་སྤེལ་མཁན་བོད་མི་ལྔ་བརྒྱ་ལྷག་བསྡུ་འཛོམས་བྱུང་ཡོད་པ་དང་། ཁོང་རྣམ་པའི་ལས་འགུལ་དེ་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མ་དང་བསྟུན་མཇུག་སྒྲིལ་གནང་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།