Tibetan Royal Year of 2151 | Year of the Wood Dragon

ལྕམ་སྐུ་ Uzra Zeya མཆོག་གིས་བལ་ཡུལ་ནང་གི་བོད་མི་དང་ལྷན་བོད་མིར་འཕྲད་བཞིན་པའི་དཀའ་ངལ་སྐོར་བཀའ་བསྡུར་གནང་བ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གི་བལ་ཡུལ་ནང་གི་འཚམས་གཟིགས་ཁ་སང་མཇུག་སྒྲིལ་དང་སྦྲགས་ཏེ། འཚམས་གཟིགས་ཁྲོད་བོད་མི་རྣམས་དང་ལྷན་ཡིག་ཆ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐོར་བཀའ་བསྡུར་གནང་འདུགབརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ལྕམ་སྐུ་ Uzra Zeya མཆོག་གི་བལ་ཡུལ་ནང་ཉིན་གྲངས་གསུམ་རིང་གི་འཚམས་གཟིགས་ཁྲོད་ཚེས་ ༢༡ ཉིན་ཇཝ་ལ་ཁེལ་ཁུལ་དུ་ཆེད་ཕེབས་ཀྱིས་བོད་མི་དང་ལྷན་དུ་བལ་ཡུལ་ནང་བཞུགས་མཁན་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་སྐུ་ངལ་འཕྲད་པའི་གནད་དོན་སྐོར་ཆུ་ཚོད་གཅིག་ཙམ་གྱི་རིང་བཀའ་མོལ་གནང་འདུག་ལ།  དེ་བཞིན་ཇཝ་ལ་ཁེལ་བོད་མིའི་གནས་སྡོད་གནང་སའི་ཁུལ་དུ་མ་ཕེབས་གོང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཕྱག་ལས་གནང་མཁན་ཁག་དང་ཐུག་འཕྲད་ཀྱིས་བོད་མི་ཚོར་སྐུ་ངལ་ཇི་འཕྲད་དང་འབྲེལ་བཀའ་བསྡུར་གནང་ཡོད་སྐོར་བཀོད་འདུགབོད་མི་ཞིག་གིས་ The Kathmandu post  བརྒྱུད་ལམ་ལ་ང་ཚོས་ལྕམ་སྐུ་མཆོག་ལ་བལ་ཡུལ་ནང་གནས་བཞུགས་བོད་མི་ཚོར་ཡིག་ཆ་དང་སྐྱབས་བཅོལ་ལག་འཁྱེར་གྱི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་སྙན་སེང་ཞུས་པ་ཡིན་ཞེས་གསུངས་འདུག  སྤྱིར་ལྕམ་སྐུ་མཆོག་ནས་ཉིན་གྲངས་གསུམ་རིང་གི་འཚམས་གཟིགས་ཁྲོད་ཇཝ་ལ་ཁེལ་བོད་མི་ཙམ་མིན་པར་དགོན་སྡེ་དང་སློབ་གྲྭ་ཁག་ཏུའང་ཕེབས་ཡོད་པ་རེད། གཞི་རྩའི་ལྕམ་སྐུ་མཆོག་གི་འཚམས་གཟིགས་སྔ་རོལ་དུ་བལ་ཡུལ་གྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ལས་བྱེད་བགྲེས་པས་ཨ་རིར་་ལྕམ་སྐུ་མཆོག་གི་འཚམས་གཟིགས་སྐབས་བལ་ཡུལ་གྱི་སྲིད་བློན་དང་ཕྱི་འབྲེལ་བློན་ཆེན་སོགས་ཆེས་མཐོའི་གཞུང་ཚབ་མི་སྣ་དང་མཇལ་འཕྲད་སྐབས་བོད་མིའི་གནད་དོན་སྐོར་གླེང་སློང་གནང་རྒྱུ་མེད་པའི་བཀའ་མོལ་གནང་འདུག་ཀྱང་།  ལྕམ་སྐུ་མཆོག་གིས་བོད་མི་ཚོ་དང་ཐུག་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐད་བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Sewa Lamsal ཡིས་བལ་གཞུང་ནས་ལྕམ་སྐུ་མཆོག་དང་བལ་ཡུལ་གནས་བཞུགས་བོད་མི་དབར་གྱི་ཐུག་འཕྲད་སྐོར་གང་ཡང་མཁྱེན་རྟོགས་མེད་ཚུལ་ཀྱི་རྣམ་པ་བསྟན་ཡོད།ལྕམ་སྐུ་ Uzra Zeya མཆོག་གི་བལ་ཡུལ་གྱི་འཚམས་གཟིགས་ཁྲོད་ཁ་སང་རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་སྲིད་བློན་ Sher Bahadur Deuba དང་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ནུས་ཤུགས་ཆེ་རུ་གཏོང་ཐབས་སྐོར་དང་གནད་དོན་གཞན་ཁག་ཅིག་གི་ཐོག་བཀའ་བསྡུར་གནང་འདུག རྩ་བའི་བལ་ཡུལ་གྱི་འཚམས་གཟིགས་སྔ་རོལ་དུ་ལྕམ་སྐུ་མཆོག་རྒྱ་གར་ནང་ཕེབས་ཏེ་ཉིན་གྲངས་གཉིས་རིང་བཞུགས་སྒར་ཁུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་བོད་ཀྱི་འགྲེམས་སྟོན་ཁང་སོགས་ལ་གཟིགས་ཞིབ།  དེ་བཞིན་གཞུང་འབྲེལ་མིན་པའི་སྐུ་ཚབ་དང་ཨ་རི་བོད་མིའི་སློབ་ཡོན་ལས་འཆར་ནང་འཛུལ་ཞུགས་གནང་མཁན་ཁག་ཅིག་དང་མཇལ་འཕྲད་གནང་ཡོད།  ལྕམ་སྐུ་མཆོག་གི་ཐེངས་འདིའི་འཚམས་གཟིགས་དེར་རྒྱ་ནག་གཞུང་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།