Tibetan Royal Year of 2151 | Year of the Wood Dragon

སུད་སིའི་འོས་བསྡུ་གྲུབ་པ་དང་བསྟུན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཡོ་རོབ་སུད་སི་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལས་རིམ་ཁག་གྲུབ་ཏེ། ད་ཆ་ཡུལ་དེའི་གྲོས་ཚོགས་སུ་བདམས་ཐོན་བྱུང་ཟིན་པའི་འཐུས་མི་རྣམ་པ་ཚང་འཛོམས་ཐོག་དཔྱིད་ཀའི་གྲོས་ཚོགས་ཀྱི་ཚོགས་དུས་ཚོགས་བཞིན་པ་དང་བསྟུན། གྲོས་ཚོགས་ཀྱི་ཚོགས་ཁང་ནང་ལ་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་ལྷན་ཞུགས་ཐོག་མ་འོངས་བོད་དོན་དང་འབྲེལ་བའི་ལས་འཆར་སོགས་ཀྱི་ཐད་ལ་ཚོགས་འདུ་ཞིག་ཚོགས་ཡོད་འདུག

Swiss Parliament Meet

འདི་ནི་ད་རེས་ཉེ་ཆར་ཡུལ་དེའི་གྲོས་ཚོགས་ཀྱི་འོས་བསྡུ་གྲུབ་རྗེས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་སྦྲགས། ཚོགས་པའི་ཚོགས་མི་རྣམ་པའི་དབར་གྱི་ཚོགས་འདུ་དང་པོ་ཆགས་ཀྱི་ཡོད་པ་དང་། སྐབས་དེར་སུད་སིས་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཚོགས་མི་རྣམ་པ་སླར་ཡང་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་བརྟན་པོ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་འདུག

ཟླ་བ་འདིའི་ཚེས་ ༥ ཉིན་ཚོགས་པའི་ཚོགས་འདུ་དེའི་ཐོག་སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ Fabian Molina ལགས་དང་ Nicholas Walder ལགས། Nik Gugger ལགས། དེ་བཞིན་ཚོགས་གཞོན་ Maya Graf ལགས། ཚོགས་མི་ Barbara Gysi ལགས་དང་ Mathias Zopfi ལགས་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་ཅིག གཞན་ཡང་ Geneva བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Büchli ལགས། ཚོགས་པའི་ French སྐད་ཡིག་སྡེ་ཚན་གྱི་འབྲེལ་མཐུད་པ་ལྕམ་སྐུ་ Fanny Lona Morel ལགས་སོགས་དངོས་སུ་མཉམ་ཞུགས་གནང་འདུག

Swiss Parliament Meet

སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཚོགས་འདུའི་ཐོག་དྲ་ཐོག་ནས་མཉམ་ཞུགས་གནང་སྟེ། སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་ད་རེས་སླར་ཡང་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་འགྲོ་བཞིན་པའི་ཛ་དྲག་ཀྱི་གནས་སྟངས་སྙན་སེང་ཞུས་པ་དང་ལྷན་དུ་ཚོགས་མི་རྣམས་ནས་གྲོས་ཚོགས་ཀྱི་ཕྱི་ནང་གཉིས་སུ་བོད་ཀྱི་གནད་དོན་ཐད་སེམས་འཁུར་ཆེན་པོ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་འདུག

སྐབས་དེའི་ཚོགས་འདུའི་ཐོག་བོད་དོན་དང་འབྲེལ་བའི་མ་འོངས་པའི་ལས་འཆར་སྐོར་ལ་གྲོས་བསྡུར་གནང་འདུག་པ་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་ད་ཆ་བོད་ཁམས་སྡེ་དགེར་བོད་མི་ ༡༠༠༠ ལྷག་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པར་རྒྱ་གཞུང་ལ་འབོད་སྐུལ་དང་ཞི་བའི་ངོ་རྒོལ་བྱས་པའི་རྒྱུ་མཚན་གྱི་འཛིན་བཟུང་བཀག་ཉར་དང་། རྒྱ་ནག་གཞུང་གིས་ས་ཁུལ་རྒྱ་སྐྱེད་དང་ཡར་རྒྱས་གཏོང་ཁུལ་བྱས་ཏེ་བཙན་དབང་ཐོག་སྡེ་དགེའི་བོད་མི་མང་དག་ཅིག་གནས་སྤོ་བྱེད་དུ་བཅུག་པའི་གནས་ཚུལ་ཁག་སྙན་སེང་ཞུས་པ་ལྟར། སུད་སིའི་གྲོས་ཚོགས་འཐུས་མི་རྣམས་ནས་གནད་དོན་དེའི་ཐད་སེམས་འཁུར་ཆེན་པོའི་ངང་གནད་དོན་དེ་དག་གྲོས་ཚོགས་ནང་གླེང་སློང་ཞུ་རྒྱུའི་ཞལ་བཞེས་གནང་ཡོད་འདུག

གཞན་ཡང་སྐབས་དེར་སྐུ་ཞབས་ Thomas Buchli ལགས་ཀྱིས་ Michael Van Walt ལགས་ཀྱི་དཔེ་དེབ་ Tibet Brief 2020 ཞེས་པའི་ནང་དོན་མདོར་བསྡུས་ངོ་སྤྲོད་དང་སྦྲགས། དཔེ་དེབ་དེ་ཉིད་ German ཇར་མན་སྐད་དུ་ཕབ་སྒྱུར་ཞུས་པའི་འདྲ་བཤུས་གྲོས་ཚོགས་འཐུས་མི་ཚོར་ཕུལ་འདུག་ལ། སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་མིའི་སྒྲིག་འཛུགས་གཟིགས་སྐོར་དུ་ཕེབས་རྒྱུའི་མགྲོན་བརྡ་ཡང་ཕུལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།