Tibetan Royal Year of 2151 | Year of the Wood Dragon

Uncategorized

རེས་གཟའ་ཟླ་བ། ༢༠༢༠།༠༩།༡༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་བར་ཐུགས་སྣང་དགོས་པ་བཀའ་སྩལ་བ། རི་བོ་དགེ་ལྡན་པའི་གདན་ས་ཁག་ཏུ་འོས་བསྡུའི་དྲིལ་བསྒྲགས་སྤེལ་མི་ཆོག་པར་བསྒྲགས་འདུག རྒྱ་ནག་གིས་རྒྱ་གར་གྱི་མི་སྣ་སྟོང་ཕྲག་བཅུ་ལྷག་ལ་གསང་མྱུལ་བྱེད་བཞིན་པར་ཐེར་འདོན། དྭང་ཞབས་པ་ཉི་མ་བསྟན་འཛིན་ལགས་ཀྱི་ཆེད་དུ་མར་མེ་ཁྲོད་སྐོར། བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ངོ་སྤྲོད། སིམ་ལ་ཆིངས་ཡིག་འཕྲོས་དོན། Monday 14/09/2020 Dalai Lama calls for unified global action on climate change No election campaign allowed in Gelug Monasteries Tech firm with ties to Beijing tracking over 10,000 Indians including Modi Exile Tibetans hold vigil for late Nyima Tenzin, protest against China HISTORY FEATURE: Shimla Convention

འབྲོག་རི་བོ་དགེ་ལྡན་པའི་གདན་ས་ཁག་ཏུ་འོས་བསྡུའི་དྲིལ་བསྒྲགས་སྤེལ་མི་ཆོག་པ།

ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་བཞིན་པའི་དུས་སྐབས་འདིར་བྱེས་སུ་གསར་འཛུགས་གནང་བའི་འབྲོག་རི་བོ་དགེ་ལྡན་པའི་གདན་ས་དང་བཤད་གྲྭ་ཁག་གི་ཁོར་ཡུག་ནང་དུ་འོས་བསྡུའི་སྐབས་སུ་འོས་མི་དང་དེ་དག་གི་རྒྱབ་སྐྱོར་པ་ཚོས་འོས་བསྡུའི་དྲིལ་བསྒྲགས་རིགས་གང་ཡང་གནང་མི་ཆོག་པ་བཟོས་འདུགཉེ་ཆར་ཕྱི་ཚེས་ ༤ ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་ཞིག་ཚོགས་ཏེ་རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོའི་དོན་ཚན་བཅོ་ལྔ་པ་ཀུན་སྤྱོད་སྐོར་གྱི་ནང་གསེས་བཅོ་ལྔའི་ནང་ལ་གཞུང་འབྲེལ་གྱི་ཆབ་སྲིད་དང་རིག་གཞུང་སོགས་ཀྱི་ལས་འགུལ་མ་ཡིན་པའི་ཚོགས་སྡེ་གཞན་གྱི་ལས་འགུལ་གང་ཡིན་ཡང་། གདན་སའི་སློབ་གཉེར་བ་རྣམས་མཉམ་ཞུགས་གནང་མི་ཆོག་ཅེས་གསལ་བའི་དགོས་དོན་འོག་ཏུ་འདས་པའི་འོས་བསྡུའི་ལས་རིམ་སྐབས་གདན་ས་ཁག་ཏུ་མཐོང་ཚུལ་མ་ལེགས་པའི་གནས་ཚུལ་བྱུང་བ་དང་། ལྷག་པར་དུ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཁོངས་མཁན་རིན་པོ་ཆེ་རྣམ་པས་རིན་ཐང་ཆེ་བའི་གདན་ས་དང་བཤད་གྲྭ་ཁག་ལ་མ་མཐར་ཡང་ཟུར་གནས་སྐྱེ་བོའི་བསྔགས་བརྗོད་མ་ཐོབ་ཀྱང་ཀུན་གྱིས་འཕྱ་སྨོད་དང་དམའ་འབེབས་བྱ་ཡུལ་ཞིག་ཏུ་མི་འགྱུར་བའི་གཞེན་སྐུལ་སོགས་གནང་བར་རྟེན། ད་ནས་བཟུང་སྟེ་འོས་བསྡུའི་སྐབས་སུ་གདན་ས་གསུམ་གྱིས་གཙོས་པའི་དགེ་ལུགས་པའི་དགོན་སྡེ་དང་བཤད་གྲྭ་སོགས་ཀྱི་ཁོར་ཡུག་ནང་ལ་འོས་བསྡུ་དང་འབྲེལ་བའི་ཁྱབ་བསྒྲགས་ལས་རིམ་དང་འཕྲེད་དར། སྦྱར་ཡིག་སོགས་སྦྱར་མི་ཆོག་པ་མ་ཟད། དགོན་པའི་འདུ་ཁང་དང་ཆོས་ར། བཤད་གྲྭ་སོགས་ཀྱང་བེད་སྤྱོད་གཏང་མི་ཆོག་པའི་ཐུགས་ཐག་བཅད་པའི་ལམ་སྟོན་དོན་ཚན་དགུ་ཅན་ཞིག་གཏན་འབེབས་གནང་འདུག ཐག་གཅོད་ལམ་སྟོན་དེ་དག་ཕྱི་ཚེས་ ༩ ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གདན་ས་གསུམ་གྱིས་གཙོས་པའི་དགེ་ལུགས་པའི་དགོན་སྡེ་དང་བཤད་གྲྭ་ཁག་ལ་ཕུལ་ཟིན་ཡོད་པ་དང་། དེའི་ནང་ལ་གཞན་ཡང་འོས་བསྡུའི་དྲིལ་བསྒྲགས་སོགས་ལ་དམིགས་ཏེ་གདན་ས་དང་བཤད་གྲྭ་ཁག་ཏུ་ཡོད་པའི་སློབ་གྲྭ་དང་། ཆོས་ར་བཅས་གུང་སེང་འཇོག་མི་ཆོག་པ། གདན་ས་དང་བཤད་གྲྭ གྲྭ་ཚང་། ཁང་ཚན་དང་མི་ཚན་ཁག བླ་བྲང་དང་དགེ་འདུན་པ་སྒེར་པ་སུས་ཀྱང་ཆབ་སྲིད་ཀྱི་ལས་གནས་ལ་འཚང་མཁན་གང་ཟག་ཆེ་ཕྲ་སུ་ཡང་དངུལ་དངོས་ཀྱི་རྒྱབ་སྐྱོར་གནང་བ་དང་། དངུལ་དངོས་སོགས་ལྐོག་རྔན་རིགས་རྩ་བ་ནས་བཞེས་མི་ཆོག དེ་བཞིན་གདན་ས་དང་བཤད་གྲྭ གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་པས་དབུས་པའི་དགེ་བསྐོས་དང་དབུ་མཛད། ཕྱག་མཛོད་དང་ཁང་ཚན་དགེ་རྒན་སོགས་དགོན་པའི་འཛིན་སྐྱོང་དང་འབྲེལ་བའི་འགན་ཡོད་རྣམས་ནས་སྡོམ་ལྡན་དགེ་འདུན་པ་བསྡུ་སྐོང་གནང་སྟེ་ཆགས་སྡང་ཕྱོགས་རིས་དང་། འཐེན་འཁྱེར་ཅན་གྱི་གཏམ་བཤད་རིགས་གནང་མི་ཆོག་ཅེས་སོགས་འཁོད་འདུགལྷག་པར་དུ་དོན་མཚན་དགུ་པའི་ནང་ལ་དགེ་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བའི་སྐྱེ་བོ་སུ་ཡིན་དེས་ཐོག་མ་དེར་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོ་སོར་མཇལ་བཅར་ཞུས་ཏེ་དགེ་ལུགས་པའི་སྤྱི་འཐུས་མིང་དོན་མཚུངས་པ་དང་། རང་ཚུགས་བརྟན་པོའི་ཐོག་༸གོང་ས་མཆོག་གི་བཀའ་དགོངས་ཁག་དང་བོད་མི་ཡོངས་ཀྱི་བདེ་དོན་བསྒྲུབ་རྒྱུ་ལས་ཆོལ་ཁ་དང་ཆོས་བརྒྱུད། ལུང་ཚན་སོགས་ཀྱི་འཐེན་འཁྱེར་དུ་ཞུགས་ཏེ་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་གཏན་ནས་མི་འགྱུར་བའི་ཁས་ལེན་ཞུ་དགོས་པ་མ་ཟད། སྤྱི་འཐུས་ཀྱི་ལས་ཡུན་སྐབས་སུ་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོ་སོར་མཇལ་བཅར་ཞུས་ནས་དགེ་ལུགས་སྤྱི་འཐུས་ཀྱི་ལས་འགན་ཇི་ཞུ་སྙན་གསོལ་དང་འབྲེལ་ནས་བླང་དོར་ལམ་སྟོན་བཀའ་སློབ་ཡང་ཡང་ངེས་པར་དུ་ཞུ་དགོས་པར་གསུངས་འདུག ད་རེས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་འོས་བསྡུའི་ལས་རིམ་དང་འབྲེལ་ཏེ་གདན་ས་གསུམ་གཙོས་འབྲོག་རི་བོ་དགེ་ལྡན་པའི་དགོན་སྡེ་དང་བཤད་གྲྭ་ཁག་ལ་དམིགས་བསལ་ལམ་སྟོན་དོན་ཚན་དགུ་ཅན་ཞིག་གཏན་འབེབས་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་སྟབས་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་འཛིན་སྐྱོང་ངེས་སྟོན་པ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ལ་དེ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཐག་གཅོད་འདིས་མང་གཙོའི་ལམ་སྲོལ་གོང་འཕེལ་གཏང་རྒྱུར་ཕན་ཐོགས་ཡོང་བར་ཐུགས་རེ་གནང་བཞིན་ཡོད་པ་གསུངས་སོང་།གཞི་རྩའི་དབུས་འོས་བསྡུ་ལས་ཁང་ནས་ཟླ་ ༨  ཚེས་ ༥ ཉིན་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོ་དངོས་སུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་བ་དང་སྦྲགས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མཁན་རྣམས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་གནང་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་བཅུ་གཉིས་ཅན་ཞིག་གསལ་བསྒྲགས་གནང་བར་འོས་མི་རྣམས་ཀྱིས་དྲིལ་བསྒྲགས་ཀྱི་ཡིག་ཆའི་ཐོག་༸གོང་ས་མཆོག་གི་སྐུ་པར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སོགས་འཁོད་མི་ཆོག་པ་དང་སྤྱི་ཡོངས་ནས་ཡ་རབས་བཟང་སྤྱོད་དང་ལྡན་པ། འཆམ་མཐུན་གྱི་རྨང་གཞི་ལྡན་པ། གཞི་རིམ་གྱི་ཐོབ་ཐང་ཁག་ལ་སྲུང་བརྩི་ཞུ་རྒྱུ་དང་། དྲང་བདེན་མིན་པའི་གནས་ཚུལ་ཁྱབ་སྤེལ་མི་ཆོག་པ། སློབ་གྲྭ་ཁག་ཏུ་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་དང་དྲིལ་བསྒྲགས། སྦྱར་ཡིག་སོགས་འགྲེམས་སྤེལ་གནང་མི་ཆོག་ཅེས་སོགས་འཁོད་ཡོད།

རྒྱ་གཞུང་གིས་རྒྱ་གར་གྱི་གནད་ཡོད་མི་སྣར་གསང་མྱུལ་བྱེད་བཞིན་པར་ཐེར་འདོན།

རྒྱ་གར་གྱི་གསར་ཁང་ The Indian Express ཡིས་ཞིབ་འཇུག་གནང་བའི་སྙན་ཐོ་ནང་གསལ་བར་གཞིགས་ན་རྒྱ་ནག་གི་ Shenzen གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་དང་ལག་འབྲེལ་ཡོད་པའི་ Zhenhua འཕྲུལ་ལས་ཁང་གིས་རྒྱ་གར་གྱི་གནད་ཡོད་མི་སྣ་གཙོས་ཚོགས་སྒེར་སྟོང་ཕྲག་བཅུ་ལྷག་ལ་གསང་མྱུལ་བྱེད་བཞིན་པར་ཐེར་འདོན་གནང་འདུག གསར་ཁང་དེས་ཟླ་བ་གཉིས་ཙམ་རིང་ལ་ Zhenhua འཕྲུལ་ལས་ཁང་གི་ Overseas Key Information Database ཞེས་པའི་གནད་བསྡུས་རེའུ་མིག་ལ་ཞིབ་འཇུག་གནང་སྐབས་རྒྱ་གར་གྱི་སྲིད་འཛིན་ Ram Nath Kovind མཆོག་གིས་དབུས་པའི་སྲིད་བློན་ Modi མཆོག་དང་ཀོང་གྷེ་རེས་ཆབ་སྲིད་ཚོགས་པའི་གཙོ་འཛིན་ Sonia Gandhi མཆོག་དང་ཁོང་གི་ནང་མི། རྒྱ་གར་གྱི་བློན་ཆེན་ཁག་ཅིག མངའ་སྡེའི་བློན་ཆེན་ཁག་ཅིག དེ་བཞིན་རྒྱ་གར་གྱི་དམག་སྤྱི་ཟུར་པ་ ༡༥ ཙམ་དང་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ཁྲིམས་རྩོད་པ། ཚན་རིག་པ། གསར་འགོད་པ། སྒྱུ་རྩལ་བ། དེ་བཞིན་རྒྱ་གར་གྱི་ཚོང་ལས་ཁང་ཆེ་གྲས་སོགས་ལ་གསང་མྱུལ་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག ཐེངས་འདིའི་གནད་བསྡུས་རེའུ་མིག་གི་གནད་དོན་དང་འབྲེལ་བའི་གནས་ཚུལ་དེ་དག་མིང་བརྗོད་འདོད་མེད་པ་གང་ཞིག་དེ་སྔ་ Zhenhua འཕྲུལ་ལས་ཁང་དུ་ཕྱག་ལས་གནང་མྱོང་མཁན་ཞིག་གིས་ཉམས་ཞིབ་མང་དག་གནང་འབྲས་སུ་ཤེས་རྟོགས་བྱུང་ཡོད་སྐོར་དང་གནད་བསྡུས་རེའུ་མིག་ནང་ཨ་རི་གཙོས་དབྱིན་ཡུལ། དེ་བཞིན་ཉི་ཧོང་སོགས་རྒྱལ་ཁབ་མང་དག་ཅིག་ནས་མཉམ་ཞུགས་གནང་ཡོད་པ་རེད། The Indian Express གསར་ཁང་གིས་ཕྱི་ཟླ་ ༩ ཚེས་ ༡ ཉིན་གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་འཕྲུལ་ལས་ཁང་དེའི་གློག་འཕྲིན་བརྒྱུད་འདྲི་རྩད་གནང་ཐབས་གནང་ཡང་ལན་འདེབས་མེད་པར་ཚེས་ ༩ ཉིན་འཕྲུལ་ལས་ཁང་དེའི་དྲྭ་རྒྱ་སྒོ་བརྒྱབ་ཡོད་སྐོར་བརྗོད་འདུག་པ་མ་ཟད། ཁུལ་དེར་ཡོད་པའི་ The Indian Express ཡི་གསར་འགོད་པས་འཕྲུལ་ལས་ཁང་ལ་ཆེད་བཅར་གྱིས་འདྲི་རྩད་གནང་སྐབས་མགྲིན་ཚབ་པས་དེ་ནི་རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་གསང་བའི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག གཞན་ཡང་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་གི་དུས་ནམ་ཡང་ཕྱིའི་རྒྱལ་ཁབ་ཀྱི་གནས་ཚུལ་ཁག་ལ་ཐེ་བྱུས་བྱེད་ཀྱི་མེད་པ་མ་ཟད། ད་བར་རྒྱ་ནག་གཞུང་གིས་རྒྱ་ནག་གི་འཕྲུལ་ལས་ཁང་རྣམས་ལ་རྒྱལ་ཁབ་གཞན་གྱི་གནད་བསྡུས་རེའུ་མིག་མཁོ་སྒྲུབ་བྱེད་དགོས་པའི་སྐུལ་མ་བཏང་མྱོང་མེད་པར་བརྗོད་འདུག འོན་ཀྱང་རྒྱ་གར་གྱི་གསར་ཁང་དེར་རྙེད་སོན་བྱུང་བའི་ Overseas Key Information Database ཞེས་པའི་སྐོར་ལ་ཤེས་རྟོགས་ཡོད་མེད་ཀྱི་འདྲི་རྩད་གནང་བར་ལན་འདེབས་གང་ཡང་སྤྲད་མེད་པ་བཀོད་འདུག

ཏོག་དབྱིབས་གཉན་རིམས་ཕོག་པའི་བོད་མི་བརྒྱ་དང་བཅུ་གསུམ་བྱུང་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་དེ་རིང་ཉིན་རྒྱབ་གསར་འགོད་གསལ་བསྒྲགས་སྤེལ་བར་གཟའ་འཁོར་འདིའི་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་ ༡༡༣ ལ་ Covid19 གཉན་རིམས་ཕོག་ཡོད་པ་དང་། དེའི་ཁོངས་ནས་རང་ལོ་ ༨༣ སོན་པའི་བེུད་གཅིག་འདས་གྲོངས་སུ་གྱུར་ཡོད་པ་གསུངས་སོང་།གསར་འགོད་གསལ་བསྒྲགས་ཐོག་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་བོད་མི་ ༡༡༣  ལ་གཉན་རིམས་ཕོག་ཡོད་པ་ལྟར་དེའི་ཁོངས་སུ་ལ་དྭགས་ནས་ ༦༠ དང་མོན་གྷོ་འདོད་རྒུ་གླིང་ནས་ ༣༡ སྦེལ་ཀོབ་ནས་  ༤ བྷེང་ལོར་ནས་ ༡ བྷན་དྷ་ར་ནོར་རྒྱས་གླིང་ནས་ ༣ མཚོ་པདྨ་ནས་ ༡ སྒང་ཏོག་ནས་ ༡༡ ལྡི་ལི་བསམ་ཡས་གླིང་ནས་ ༢ བཅས་བྱུང་ཡོད་པ་དང་། ལ་དྭགས་ནང་གཉན་རིམས་ཕོག་མཁན་ ༦༠ བྱུང་ཡོད་པ་ལས་མང་ཆེ་བ་བོད་ཁྱིམ་རྒས་གསོ་ཁང་དང་འབྲེལ་བ་ཆགས་ཡོད་པ་དང། དེ་བཞིན་མོན་གྷོ་འདོད་རྒུ་གླིང་ནང་གཉན་རིམས་ཕོག་མཁན་ ༣༡ བྱུང་བའི་ཁོངས་ནས་མང་ཆེ་བ་དགོན་སྡེ་ཁག་ཆགས་ཀྱི་འདུགགཞི་རྩའི་ད་ཆར་འཛམ་གླིང་ཁྲོད་ད་བར་མི་ས་ཡ་ ༢༧ ལྷག་ལ་ནད་གཞི་དེ་ཕོག་པ་དང་རྒྱ་གར་ནང་ས་ཡ་ ༤ ལྷག་ལ་ནད་ཕོག་ཡོད་པའི་ཁོངས་ནས་སྟོང་ཕྲག་ ༧༥ ལྷག་འདས་གྲོངས་གྱུར་བ་དང་། དྲག་སྐྱེད་བྱུང་བའི་ནད་པ་ས་ཡ་ ༣ ལྷག་བྱུང་འདུག་པ་མ་ཟད། ད་ལྟའི་ཆར་གཉན་རིམས་ཀྱིས་མནར་བཞིན་པ་འབུམ་ ༩༡ ལྷག་ཆགས་ཀྱི་ཡོད་པ་རེད། བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་རྒྱ་བལ་འབྲུག་གསུམ་ལ་མཚོན་ན་ད་བར་ནད་གཞི་ཕོག་པ་བོད་མི་ ༢༦༠ བྱུང་བའི་ཁོངས་ནས་ ༦ འདས་གྲོངས་གྱུར་བ་དང་། ༡༠༢ དྲག་སྐྱེད་བྱུང་ཡོད་པ། ད་ཆར་ནད་ཀྱིས་མནར་བཞིན་པ་ ༡༥༢ ཆགས་ཡོད་པ་དང་དེ་རིང་ཉིན་རྒྱབ་ལ་དྭགས་བོད་ཁྱིམ་གྱི་ངོ་དེབ་ཐོག་གནས་ཚུལ་སྤེལ་བར་བོད་ཁྱིམ་རྒས་གསོ་ཁང་ནས་གཉན་རིམས་རྐྱེན་གྱིས་རང་ལོ་ ༩༧ དང་ ༨༢ ཡིན་པའི་བོད་མི་ ༢ འདས་གྲོངས་སུ་གྱུར་འདུགདེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་གར་གྱི་ནང་དུ་སྒོ་རྒྱ་བཞི་པ་ཕྱེས་པའི་རྗེས་སུ་གཉན་རིམས་ཕོག་པའི་གྲངས་འབོར་དེ་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ད་ཆར་སྨན་ཁང་ཁག་ཏུ་བརྟག་དཔྱད་གནང་རྒྱུའི་ཡོ་ཆས་དང་སྨན་པ་སོགས་མི་འདང་བའི་དཀའ་ངལ་འཕྲད་བཞིན་པའི་དུས་སྐབས་འདིར་བོད་མི་རྒན་གྲས་རྣམས་ལ་ནད་དེ་ཕོག་སླ་བར་བརྟེན་འབྲེལ་ཡོད་ཀུན་གྱིས་རྒས་གསོ་ཁང་སྲུང་སྐྱོབ་གནང་སྟེ་རྒས་གསོ་ཁང་གི་ནང་དུ་མ་ཕེབས་རོགས་ཞེས་རེ་སྐུ་གནང་བ་དང་ཆབས་ཅིག ལས་ཁུངས་ཁག་ཏུ་ཕྱག་ལས་གནང་བཞིན་པའི་བོད་རིགས་རྣམས་ཀྱིས་རང་ལ་ནད་རྟགས་ཅུང་ཟད་ཡོད་པ་དང་མགུལ་འཆམ་བཞེས་པ་སོགས་འབྱུང་ན་ལས་བཅར་ཞུ་རྒྱུའི་ཚབ་ཏུ་ནད་དགོངས་ཞུས་ནས་རང་ཁྱིམ་དུ་བཞུགས་ཚེ་ནད་གཞི་ཁྱབ་བརྡལ་མི་འགྲོ་བར་ཕན་ཐོགས་ཡོད་པར་གསུངས་ཡོད།

ཕྱི་རྒྱལ་ཡུལ་གྲུ་ཁག་གིས་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་ཆར་བཅོས་སྒྱུར་དགོས་མིན་ཐོག་ལ་བསམ་ཚུལ་བསྡུ་ལེན།

ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱིས་བོད་མི་མང་ཚོགས་ཁྲོད་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་མང་སྤྱི་འཐུས་ཀྱི་གྲུབ་ཆའི་ཐད་ལ་དགོངས་ཚུལ་གང་ཡོད་པ་གསལ་རྟོགས་གནང་རྒྱུ་དང་། ལྷག་པར་བོད་འབངས་ཡོངས་ནས་མང་གཙོའི་སྒྲིག་འཛུགས་ནང་ཆ་ཤས་གང་མང་བཞེས་པའི་ཐོག་མང་གཙོའི་འཕེལ་རིམ་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་ཐབས་སུ་འབད་ཕྱིར་དགོངས་ཚུལ་བསྡུ་ལེན་གྱི་ལས་འགུལ་ཞིག་སྤེལ་བཞིན་འདུགལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་དེ་ནི་བོད་མིའི་སྒྲིག་འཛུགས་དང་ཕྱི་དྲིལ་ལས་ཁུངས་གཉིས་ཀྱི་བཀོད་སྒྲིག་འོག་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུས་དང་ཞུ་བཞིན་པའི་ཤེས་ཡོན་དང་ཆེད་ལས་ཁྱད་འཕགས་ཅན་གྱི་གཞོན་སྐྱེས་ ༡༠༠ མཉམ་ཞུགས་གནང་བའི་གླེང་སྟེགས་ཤིག་ཡིན་པ་དང་། སྔ་ལོར་གླེང་སྟེགས་དེའི་ཐོག་ནས་གཞོན་སྐྱེས་མགྲིན་ཚབ་པ་ལྔ་དྲག་འདེམས་གནང་ཡོད་པ་རེད། གཞོན་སྐྱེས་མགྲིན་ཚབ་པ་དེ་དག་གིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོ་གནང་རན་པ་དང་བསྟུན་ཁ་སང་གསར་འགོད་གསལ་བསྒྲགས་ཤིག་གནང་བར་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཚུལ་ནི་ཆོལ་ཁ་གསུམ་ནས་སྤྱི་འཐུས་ ༡༠ རེ་དང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ནས་ ༢ རེ། བྱང་ཨ་མི་རི་ཀ་ནས་ ༢ ཡོ་རོབ་ནས་ ༢ རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་དང་ཨོ་གླིང་ནས་ ༡ བཅས་ཁྱོན་སྤྱི་འཐུས་ ༤༥ ཡོད་པ་དང་། ད་སྐབས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བཙན་བྱོལ་བོད་མིའི་གྲངས་འབོར་བརྒྱ་ཆ་ ༥༠ མ་ཟིན་ཙམ་གནས་སྡོད་གནང་གི་ཡོད་ཀྱང་། བོད་མིའི་གྲོས་ཚོགས་ནང་དེའི་ཁུལ་ནས་ཁྱོན་བསྡོམས་སྤྱི་འཐུས་བརྒྱ་ཆ་ ༡༡ ལས་འདེམས་སྒྲུག་གནང་གི་མེད་པར་བགྲོ་གླེང་ཡང་ཡང་གནང་གི་ཡོད་སྐོར་གསུངས་པ་དང་འབྲེལ། ཐེངས་འདིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བསམ་ཚུལ་བསྡུ་ལེན་གྱི་ལས་འཆར་སྤེལ་གནད་ཞིག་ཏུ་གཟིགས་ཡོད་པར་གསུངས་འདུགགཞོན་སྐྱེས་གླེང་སྟེགས་དེའི་ངོས་ནས་ད་སྐབས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དུས་ཚིགས་ཡིན་པར་བརྟེན་དགོངས་ཚུལ་བསྡུ་ལེན་གྱི་ལས་གཞི་དེ་དྲྭ་ཐོག་ཁོ་ན་ནས་གནང་རྒྱུ་ཡིན་པ་དང་། དེའི་ཐོག་རང་ལོ་ ༡༨ ཡན་ཆད་ཀྱི་བོད་མི་ཚང་མས་མཉམ་ཞུགས་གནང་སྟེ་དགོངས་ཚུལ་གནང་གལ་ཡིན་པའི་གཞེན་སྐུལ་གནང་བ་དང་ཆབས་ཅིག ལས་འཆར་དེ་བོད་མིའི་མང་གཙོ་དུས་ཆེན་ཉིན་མོ་སྟེ་ཕྱི་ཟླ་ ༩ ཚེས་ ༢ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༣༡ བར་བགོ་འགྲེམས་གནང་གཏན་འཁེལ་ཡོད་པ་དང་། མཐའ་མའི་གྲུབ་དོན་སྙན་ཐོ་དེ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པའི་ཉིན་མོ་ཕྱི་ཟླ་ ༡༢ ཚེས་ ༡༠ ལ་གསལ་བསྒྲགས་གནང་འཆར་འདུགརྩ་བའི་དགོངས་ཚུལ་བསྡུ་ལེན་གྱི་ལས་གཞིའི་ཐོག་ལྷན་ཞུགས་གནང་ཕྱིར་ fivefiftyyouthforum.net དྲྭ་སྣེར་ཕེབས་དགོས་ཀྱི་འདུག

ཝུའུ་དབྱིང་ཅེས་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་རྒོལ་རྡུང་དང་ནང་ཆོས་ཀྲུང་གོ་ཅན་དུ་བསྒྱུར་དགོས་ཞེས་གཏམ་བཤད་སྤེལ་འདུག

ཉེ་ཆར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ཟེར་བ་དེ་དབུ་བརྙེས་ནས་ལོ་ ༥༥ འཁོར་བའི་དུས་ཚིགས་དང་བསྟུན་བཞུགས་མོལ་ཚོགས་འདུ་ཚོགས་པའི་ཐོག་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་རྒོལ་རྡུང་དང་ནང་ཆོས་ཀྲུང་གོ་ཅན་དུ་བསྒྱུར་ཐབས་སོགས་ཀྱི་སྐོར་ལ་གཏམ་བཤད་སྤེལ་འདུགཟླ་ ༩ ཕྱི་ཚེས་ ༤ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བ་དེ་དབུ་བརྙེས་ནས་ལོ་ ༥༥ འཁོར་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ཚོགས་པའི་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie གཙོ་བོར་གྱུར་པའི་མི་མང་སྲིད་གཞུང་གི་གཙོ་འཛིན་ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་སོགས་ལྷན་འཛོམས་བྱས་འདུག སྐབས་དེར་ཝུའུ་དབྱིང་ཅེས་ཉེ་ལམ་རྒྱལ་ས་པེ་ཅིང་དུ་ཚོགས་པའི་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་མང་གི་འཚོ་བ། དེ་བཞིན་རང་བྱུང་ཁོར་ཡུག་དང་མཐའ་མཚམས་སྲུང་སྐྱོབ་བཅས་འགན་སྲུང་དགོས་པ་བཞི་བཅས་ཀྱི་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱལ་ཁབ་མཐའ་མཚམས་སྲུང་སྐྱོབ་དང་དེའི་ཆེད་དུ་གལ་ཆེ་ཤོས་གཅིག་སྟེ་བོད་ནང་བརྟན་ལྷིང་དགོས་པའི་ཁྲོད་ཁ་བྲལ་གྱི་གནད་དོན་སྤྱི་རིགས་ལ་གདོང་ལེན་ནན་པོ་དགོས་པ་དང་ལོ་ཆུང་བྱིས་པའི་དུས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བ་བརྒྱུད་རྒྱལ་ཞེན་གྱི་བསམ་བློ་གོང་འཕེལ་གཏོང་དགོས་པ། ལྷག་པར་དུ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་འམ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཐུབ་དགོས་གལ་བཅས་ཀྱི་སྐོར་ལ་བཤད་ཁག་དེ་དག་ལ་སླར་ནན་བརྗོད་དང་དེ་བཞིན་འདས་པའི་ལོ་ངོ་ ༥༥ རིང་ལ་རྒྱ་ནག་དམར་ཤོགས་ཚོགས་པས་བོད་ནང་མི་མང་གི་འཚོ་བ་ཡར་རྒྱས་དང་འཛུགས་སྐྲུན་ཡར་རྒྱས་ཆེས་ཆེར་བཏང་ཡོད་པ་སོགས་ཀྱི་བྱས་རྗེས་ཁག་རྗེས་དྲན་དང་འབྲེལ་བའི་གཏམ་བཤད་སྤེལ་འདུག གསར་འགོད་པས་ཨོ་སི་ཊོ་ལི་ཡའི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ཚོགས་འདུ་དེ་ནི་བཙན་རྒྱལ་རིང་ལུགས་གཅིག་གིས་མི་རིགས་གཅིག་ལ་བརྙས་བཅོས་དང་བཙན་གནོན་བྱེད་བཞིན་པའི་གནད་དོན་ལས་བོད་ཀྱི་གནད་དོན་སེལ་བར་ཕན་ཐོགས་གང་ཡང་མེད་སྐོར་གསུངས་སོང་།གཞི་རྩའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་ལམ་པེ་ཅིང་དུ་ཚོགས་པའི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ ཐོག་བོད་ནང་ཁ་བྲལ་རིང་ལུགས་ལ་གདོང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་བཟོ་དགོས་རྒྱུ། དེ་བཞིན་གཞི་རིམ་སློབ་གྲྭ་ཁག་ཏུ་སློབ་གསོ་སོགས་ཀྱི་ཐོག་ནས་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་གལ་སོགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་ཞི་ཅིན་ཕིང་གི་གཏམ་བཤད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། དེའང་བོད་མིའི་ཆོས་དད་དམ་འཛིན་དང་མ་འོངས་པའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་རྩོད་ཐབས་བཅས་ཀྱི་ཐོག་ལོག་ཁྲིད་བྱེད་བཞིན་པའི་སྲིད་བྱུས་ཡིན་པ་དང་། རྒྱ་ནག་གཞུང་གིས་འདས་པའི་ཉམས་མྱོང་ལ་གཞིགས་ནས་བོད་མི་ཚོར་རང་གི་ཆོས་དད་ཐོག་ནས་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གཉེར་བཅུག་དགོས་པ་གསུངས་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུས་གནས་མཆོག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་སྲུང་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་རྒྱུར་འགན་སྲུང་ལ་སོགས་པའི་གནད་དོན་ཁག་གི་ཐོག་འཁྱོག་བཤད་སྤེལ་འདུག་པ་དེས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་རྩིས་མེད་པ་དང་། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་། རིག་གནས་ལ་བསྒྱུར་བཅོས། ནང་བསྟན་ཆོས་ལུགས་ལ་བསྲེ་ལྷད་བྱ་རྒྱུ་བཅས་ཀྱི་སྐོར་དྲིལ་བསྒྲགས་རྒྱ་ཆེ་རུ་གཏོང་འཆར་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་སྟབས་མི་འདོད་པའི་ལན་འདེབས་གནང་ཡོད།

ལས་འགུལ་གྱི་དམིགས་ཡུལ་ལྟར་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་།

ཉེ་ལམ་ཁེ་ན་ཌར་གནས་བཞུགས་པདྨ་ཀུན་དགའ་ལགས་ཀྱིས་ཟླ་ ༨ ཚེས་ ༢༦ ནས་དབུ་འཛུགས་ཀྱིས་སྤྱི་ལེ་ ༤༠༠ ལྷག་ཡོད་པའི་ཁེ་ན་ཌ་རྒྱལ་ས་ Ottawa ནས་གྲོང་ཁྱེར་ཊོ་རོན་ཊོ་དབར་ Marathon for Tibet ཞེས་བོད་དོན་ཆེད་རྒྱང་སྐྱོད་བང་འགྲན་གྱི་ལས་འགུལ་སྤེལ་བའི་བརྒྱུད་རྒྱལ་སྤྱི་ནས་བོད་རྒྱ་འབྲེལ་མོལ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། དེ་བཞིན་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་སོགས་ཀྱི་དགོས་འདུན་དོན་ཚན་གསུམ་བརྒྱུད་བསྒྲགས་གནང་སྟེ་བོད་མིའི་མང་གཙོའི་དུས་ཆེན་ཉིན་མོར་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད།པདྨ་ལགས་ཕྱི་ཚེས་ ༢ ཉིན་གྲོང་ཁྱེར་ཊོ་རོན་ཊོར་འབྱོར་མ་ཐག་ཁེ་ན་ཌའི་ Parkdale ས་གནས་གྲོས་ཚོགས་འཐུས་མི་བོད་ཀྱི་སྐྱེས་མ་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་གཙོས། ས་གནས་ཀྱི་བོད་རིགས་མང་ཚོགས་དང་ཚོགས་སྡེ་ཁག་ཅིག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པ་མ་ཟད། དེ་བཞིན་རྒྱབ་སྐྱོར་བ་ཁག་ཅིག་གིས་ཁེ་ན་ཌ་ནང་གི་རྒྱ་ནག་གཞུང་ཚབ་མདུན་དུ་ངང་སྒུག་ཐོག་ནས་ཕེབས་བསུ་ཞུས་ཡོད་པ་རེད། སྐབས་དེར་ཁོང་གིས་ཐེངས་འདིའི་བོད་དོན་ལས་འགུལ་གྱི་དགོས་དམིགས་དང་ལམ་བར་གྱི་བརྒྱུད་རིམ་ཁག་ངོ་སྤྲོད་གནང་འདུག་པ་མ་ཟད། ཁེ་ན་ཌའི་གསར་ཁང་ CBC Toronto ཞེས་པའི་བཅར་འདྲི་དང་ལེན་གྱིས་ལས་འགུལ་དང་འབྲེལ་གསུང་བཤད་གནང་འདུགརླུང་འཕྲིན་ཁང་གིས་བོད་དོན་ཆེད་རྒྱང་སྐྱོད་བང་འགྲན་གྱི་ལས་འགུལ་བ་པདྨ་ཀུན་དགའ་ལགས་སུ་ཁོང་གིས་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་ལས་འགུལ་སྤེལ་བའི་དམིགས་ཡུལ་ལྟར་བྱུང་མེད་པར་ཐུགས་ཕམ་ཆེན་པོས་གསུངས་སོང་བ་མ་ཟད། ལྷག་དོན་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་མངོན་འདོད་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ཆེས་འགྲུབ་པ་དཀའ་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་ཐེངས་འདིའི་བོད་དོན་ལས་འགུལ་སྤེལ་སྐབས་ཁེ་ན་ཌའི་མང་ཚོགས་ནས་རྒྱབ་སྐྱོར་གང་ལེགས་གནང་སོང་ཞེས་གསུངས་པ་དང་ཆབས་ཅིག ཁོང་གི་ལས་འགུལ་སྤེལ་བའི་དགོས་དམིགས་ཁག་མ་འགྲུབ་བར་དུ་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུའི་ཆོད་སེམས་ཡོད་ཅེས་གསུངས་སོང་།ཁོང་གིས་ད་དུང་བོད་མི་ཚོས་ངེས་པར་དུ་མཉམ་རུབ་ཀྱི་ཐོག་ནས་བོད་དོན་གྱི་ལས་འགུལ་སྤེལ་དགོས་གལ་ཡིན་པ་དང་། ལྷག་དོན་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་ལ་གཞིགས་ཏེ་བོད་དོན་ལས་འགུལ་སྤེལ་གནད་ཡིན་པའི་གཞེན་སྐུལ་གནང་ཡོད།རྩ་བའི་ཁེ་ན་ཌར་གནས་བཞུགས་པདྨ་ཀུན་དགའ་ལགས་ཀྱིས་ཟླ་ ༨ ཚེས་ ༢༦ ནས་དབུ་འཛུགས་ཀྱིས་ཟླ་ ༩ ཚེས་ ༢ བར་བོད་དོན་རྒྱང་སྐྱོད་བང་འགྲན་གྱི་ལས་འགུལ་སྤེལ་སྐབས་ཊོ་རོན་ཊོ་ནང་གི་པདྨ་བཀོད་ཀྱི་ཚོགས་པ་གཙོ་བོར་གྱུར་པའི་ཁུལ་དེའི་བོད་རིགས་ཚོགས་པ་བདུན་དང་ཨོ་ཊ་ཝ་ནང་གི་བོད་རིགས་ཚོགས་པ་གཅིག་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། ལྷག་པར་དུ་ཟླ་བ་ནོར་བུ་ལགས་དང་ཟླ་བ་བཟང་པོ་ལགས། དེ་བཞིན་དཀོན་མཆོག་ཚེ་རིང་ལགས་རྣམ་པ་གསུམ་གྱིས་ཁོང་གི་ལས་འགུལ་སྐབས་སྔ་ཕྱི་བར་གསུམ་དུ་ཕྱག་རོགས་གནང་ཡོད་པ་རེད།    

རེས་གཟའ་ཕུར་བུ། ༢༠༢༠།༠༩།༠༣

Download སྐུ་ཞབས་ Pompeo མཆོག་གིས་རྒྱ་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་དང་ལྷན་གྲོས་མོལ་ཞུ་དགོས་པའི་འབོད་སྐུལ། རྒྱ་གར་གཞུང་གིས་སླར་ཡང་ PUBG གཙོས་རྒྱ་ནག་གི་མཉེན་ཆས་ ༡༡༨ བཀག་སྡོམ། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་ལ་བཞེངས་རྒྱུའི་གསལ་བསྒྲགས་གནང་བ། Waltham Forest གྲོང་སྡེར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་མིའི་མང་གཙོ་དུས་ཆེན་སྲུང་བརྩི། བཞུགས་སྒར་ཁུལ་དུ་སྲིད་སྤྱིའི་འོས་བསྡུའི་ཆེན་མོར་འོས་འཕེན་པའི་མིང་གཞུང་དེབ་འགོད་ལས་རིམ་དབུ་འཛུགས། ཏོག་དབྱིབས་གཉན་རིམས་ཕོག་པའི་བོད་མི་གསུམ་འདས་གྲོངས། Thursday 03/09/2020 Pompeo urges China to hold unconditioned dialogue with HHDL, announces fresh restrictions on China India bans another 118 Chinese apps including PUBG Former speaker Penpa Tsering declares candidacy for 2021 Sikyong election London Borough of Waltham Forest raises Tibetan national flag Voter Registration process begins in Dharamsala COVID 19 claims three more Tibetan lives  

རེས་གཟའ་མིག་དམར། ༢༠༢༠།༠༨།༢༥

Download དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དགོས་གལ་སྐོར་བཀའ་བསྩལ་བ། རྒྱ་ནག་གིས་མཉེན་ཆས་བརྒྱུད་བོད་དང་ཏཱ་ལའི་བླ་མ་དང་འབྲེལ་བའི་གནད་དོན་བཀག་སྡོམ། སུད་སི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པའི་རེ་སྐུལ། ཧི་མ་ཅལ་ནང་དུ་རྒྱ་ནག་གི་གསང་མྱུལ་བ་དང་འབྲེལ་བའི་མི་གཉིས་འཛིན་བཟུང་། གླུ་གཞས་ལས་རིམ། སྦེལ་ཀོབ་གཞིས་ཆགས་དང་ཧུན་སུར་རབ་རྒྱས་གླིང་། Tuesday 25/08/2020 Dalai Lama speaks on the need for Secular Ethics in the Modern Education System Tibet civil societies urge Switzerland to re-think on ‘One-China’ Policy TikTok’s app News Republic censors ‘Tibet’ and ‘Dalai Lama’ stories 2 arrested in connection to Chinese hawala racketeer MUSIC FEATURE: Rabgayling’ by Tenzin Tashi and ‘Bylakuppe Shichag’ by Kelsang Kunga

Latest news