fbpx

Tibetan Royal Year of 2150 | Year of the Water Rabbit

ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་དང་གྲོས་མོལ་ཕྱིར་འཐེན་དགོས་པའི་ཞུ་སྐུལ།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་དང་ཁ་ཆེ་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།
  • གྲོས་ཚོགས་ཀྱི་ལས་ཉིན་ལྔ་པ་ཆ་ཚང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོར་བཏང་ཡོད།
  • སུད་སིར་བོད་མི་གཙོས་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་གྲོས་ཆོད་གཏན་འབེབས།
  • རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ དབུ་འཛུགས།
  • སྦེལ་འཇམ་གཞུང་གིས་ནང་ཆོས་དེ་ཉིད་གཞུང་འབྲེལ་ཆོས་བརྒྱུད་གྲས་སུ་ངོས་འཛིན།
  • བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་ཟབ་ཁྲིད།

Monday 20/03/2023

  • Dalai Lama meets with Muslim scholars, speaks on common values between Islam and Buddhism
  • 11th Public Accounts Committee presents report to Parliament
  • Swiss National Council approves motion seeking relief for asylum seekers
  • Tibetan Opera ‘Shoton’ festival begins in Mundgod Tibetan settlement
  • Belgium officially recognises Buddhism as a non-denominational religion
  • SEE Learning conducts workshop for North America’s weekend Tibetan language and culture teachers
(Visited 8 times, 1 visits today)

ཉེ་ལམ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་ལོ་ཤས་རིང་ཆད་པའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དེ་སླར་གསོ་གནང་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བཅུས་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་དང་གྲོས་མོལ་དེ་ཕྱིར་འཐེན་དགོས་པའི་ཞུ་སྐུལ་གནང་འདུག

གཞི་རྩའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དེ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཏེ་ཕན་ཚུན་སྲིད་དོན་གྱི་ཉེས་ཆད་བཀལ་བའི་རྐྱེན་དབང་གིས་ཕྱི་ལོ་ ༢༠༡༩ ལོ་ནས་རེ་ཞིག་ཆད་ཡོད་པ་རེད། 

ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་རྒྱལ་སྤྱིའི་ཉེས་ཡངསཚོགས་པ་དང་འཛམ་གླིང་ཡུ་གུར་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་སོགས་ཚོགས་པ་བཅས་ཀྱིས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་དང་རྒྱལ་སྲུང་སྲིད་བྱུས་ཀྱི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་ Josep Borell Fontelles ལགས་ཀྱི་མཚན་ཐོག་ཏུ་ཞུ་སྙན་ཕུལ་འདུག་པ་དང་། ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་གསལ་ཚོགས་པ་བཅུ་པོས་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་དང་ལྷན་གྲོས་མོལ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ནས་འགྱུར་བ་གང་ཡང་མ་འགྲོ་བར་དུ་མུ་མཐུད་གྲོས་མོལ་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་འདུག

ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ལྷན་འབྲེལ་མོལ་ནམ་གནང་ཚེ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཤིན་ཅང་ནང་གི་སྙན་ཐོ་བཏོན་པར་མཇུག་སྐྱོང་གནང་སྟེ་རྒྱ་གཞུང་གིས་ཡུ་གུར་དང་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་རང་དབང་ཅན་གྱི་རྟོག་ཞིབ་ཆེད་འཛུགས་ཐོག་ནས་དེ་འབྲེལ་སྙན་ཐོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འགོད་འབུལ་ཞུ་དགོས་པའི་གཞེན་སྐུལ་གནང་ཡོད།  

ཡོ་རོབ་མཐུན་ཚོགས་ཀྱིས་ཡོངས་གྲགས་ཐོག་རྒྱ་ནག་ནས་བོད་དང་ཤིན་ཅང་། ཧོང་ཀོང་ནང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་མཚམས་འཇོག་དགོས་པ་དང་། བོད་མི་རྡོ་རྗེ་བཀྲ་ཤིས་ལགས་དང་།  Ilham Tohti ལགས།  Gui Minhai  ལགས་སོགས་འཛིན་བཟུང་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་རྣམས་ཀྱི་མཚན་ཆེད་འདོན་གནང་སྟེ་ཁོང་རྣམས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་མངོན་གསལ་གནང་འདུག

(Visited 56 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།