དབྱིན་ཡུལ་གྲོས་ཚོགས་སུ་བོད་ནང་གི་ཆོས་དད་རང་དབང་སྐོར་ཉན་ཞིབ་ཚོགས་འདུག

Tibetan News Headlines

  • Kelsang Tharchin Reaches Dharamshala After Long Walk to Raise Awareness of Tibetan Language Preservation
  • China Launches New Reception Centre for Overseas Tibetans in Qinghai
  • NYNJ RTYC Stages 26th ‘10th Day’ Protest Outside Chinese Embassy
  • CTA Says China’s ‘Tell China’s Story Well’ Campaign Has Become ‘Tell China’s Lies Well’
  • UK Lawmakers Raise Concerns over Chinese Espionage Targeting Parliament
  • Nepal seeks stronger global action to address climate change impact on Himalayas at COP31
  • India Hits Back at Chinese Vloggers Over Alleged Anti-India Disinformation Campaign in Dhaka

ཪེས་གཟའ་ལྷག་པ། ༢༠༢༦།༡༡།༡༡

  • ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ལ་དགས་ནས་རྡ་རམ་ས་ལ་བར་གྱི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།
  • ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་སྒོ་འབྱེད་བྱས་འདུག
  • ནིའུ་ཡོག་རྒྱ་ནག་གཞུང་ཚབ་མདུན་དུ་ཚེས་བཅུའི་ལས་འགུལ་སྤེལ་འདུག
  • རྒྱ་ནག་གི་ལོ་རྒྱུས་ཡག་པོ་ཤོད་དགོས་ཞེས་པ་དེ། དོན་དངོས་སུ་རྒྱ་ནག་གི་རྫུན་གཏམ་ཡག་པོ་བཤད་དགོས་པའི་གོ་དོན་ཡིན་པ་ཐེར་འདོན།
  • རྒྱ་ནག་གི་གསང་མྱུལ་གྱི་བྱ་སྤྱོད་ཐད་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ནས་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
  • ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་འགན་འཁུར་དགོས་གལ་ཡིན་པ་གསུངས་འདུག
  • རྒྱ་མི་བརྙན་ཐུང་བཟོ་མཁན་ཁག་ཅིག་གིས་རྒྱ་གར་ལ་དམའ་འབེབས་བཏང་བར་རྒྱ་གར་གཞུང་གིས་སྐྱོན་བརྗོད་ལན་འདེབས།

ཁ་སང་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༤ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན། དབྱིན་ཡུལ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་ཐོུང་ལས་གྲུབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆུང་གི་གོ་སྒྲིག་འོག གྲོས་ཚོགས་ནང་རྒྱ་གཞུང་གིས་དམ་བསྒྲགས་ཆེས་ཆེར་བྱེད་བཞིན་པའི་གནས་སྟངས་ཁྲོད་བོད་ནང་གི་བོད་མིའི་ཆོས་དད་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་སྐོར་ལ་ཉན་ཞིབ་ལས་རིམ་ཞིག་ཚོགས་འདུག


སྐབས་དེའི་ཉན་ཞིབ་ལས་རིམ་དེ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Loard Alton ལགས་ཀྱིས་གཙོ་སྐྱོང་གནང་ཐོག་དབྱིན་ཡུལ་སྲིད་བློན་མཆོག་གི་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Fino Bruce ལགས་དང་དབྱིན་ཡུལ་གྲོས་ཚོགས་འཐུས་མི་དང་ཚོགས་པ་ ༤༢ ལས་གྲུབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Jim Shannon ལགས་གཙོས་གཞུང་འབྲེལ་གནད་ཡོད་མི་སྣ་དང་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་དང་གསར་འགོད་པ་སོགས་མི་སྣ་ ༥༠ ལྷག་འདུ་འཛོམས་བྱུང་ཡོད་པ་རེད།  

དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལ་དབྱིན་ཡུལ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་གི་ཚོགས་ཆུང་གི་གོ་སྒྲིག་ཞུས་པའི་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ཉན་ཞིབ་ལས་རིམ་ཐོག་ཆེད་ཕེབས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གི་བཙན་གནོན་འོག་བོད་ནང་བོད་མིའི་ཆོས་དད་རང་དབང་གི་དངོས་ཡོད་གནས་སྟངས་སྤྱིའི་སྐོར་ལ་འགྲེལ་བརྗོད་གནང་བ་དང་། དེ་བཞིན་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་རིན་པོ་ཆེའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་འཛིན་བཟུང་བྱས་ནས་ད་བར་ལོ་ངོ་ ༢༨ རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་པར་ངོ་སྤྲོད་གནང་སོང་། དེ་བཞིན་༸པཎ་ཆེན་རིན་པོ་ཆེ་མཆོག་གི་དད་ལྡན་རྗེས་འབྲང་པ་རྣམས་ཀྱི་རེ་འདོད་ཇི་ཡོད་སོགས་ཉན་ཞིབ་ལས་རིམ་ཐོག་སྙན་སེང་ཞིབ་རྒྱས་ཞུས་འདུག

ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རྒྱ་གཞུང་གི་བཙོན་ཁང་ནང་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་དང་རང་ཉིད་ཀྱི་མྱོང་བ་སོགས་གསུངས་པ་དང་སྦྲགས་ཏེ་བོད་ནང་གི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་སྐོར་མངོན་གསལ་གནང་ཡོད།

དེ་བཞིན་དབྱིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་ལགས་ཀྱིས་ད་བར་ས་གནས་སུ་བོད་ནང་གི་ཆོས་དད་རང་དབང་གི་གནད་དོན་ཐོག་ལས་འགུལ་གང་དག་སྤེལ་ཡོད་པ་དང་མ་འོངས་སྤེལ་འཆར། དེ་བཞིན་རེ་འདུན་སོགས་སྙན་སེང་ཞུས་ཡོད།

ལྷག་དོན་སྐབས་དེའི་ལས་རིམ་ཐོག་ཆེད་ཕེབས་གནང་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Jim Shannon ལགས་ཀྱིས་ཉན་ཞིབ་ལས་རིམ་བགྲོ་གླེང་བྱུང་བའི་བོད་གནད་ཁག་དབྱིན་ཡུལ་གྲོས་ཚོགས་སུ་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་འདུག་པར་མ་ཟད། ཚོགས་བཅར་བའི་གནད་ཡོད་མི་སྣའི་ཁྲོད་ནས་མ་འོངས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐུགས་འཚབ་གནང་མཁན་བྱུང་འདུག

དབྱིན་ཡུལ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་ཐོུང་ལས་གྲུབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་ཉན་ཞིབ་ལས་རིམ་དེ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་ལྷག་པར་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་མངོན་གསལ་ཡོང་ཐབས་ལ་ཆེད་དམིགས་གནང་བ་ཞིག་ཡིན་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཆེ་ཚེ་རིང་མཆོག་ད་ལྟའི་ཆར་དབྱིན་ཡུལ་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་དང། ཁ་སང་སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Lindsay Holye མཆོག་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ Alicia Kearan མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་གླེང་མོལ། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Tim loughton མཆོག་གིས་དབུ་ཁྲིད་པའི་བོད་དོན་བགྲོ་གླེང་ལས་རིམ་ཐོག་ལྷན་ཞུགས་གནང་སྟེ་བོད་དོན་གཏམ་བཤད་སོགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།