ཤེས་བྱའི་མཐའ་རྒྱ་གཅོད་པའི་བྱ་བ་ཙམ་དུ་མ་ཟད་པར་ཉམས་སུ་ལེན་པའི་རིམ་པར་ཐུགས་སྣང་གནང་གལ་ཡིན་པ་གསུངས་སོང་།

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

འདི་ལོར་༸རྒྱལ་བའི་གོ་སྟོན་དང་འབྲེལ་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པའི་ཁྲོད། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རང་གཞུང་སྡེ་ཚན་ནས་གོ་སྒྲིག་ཞུས་པའི་གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོགས་བཞིན་པ་དང་འབྲེལ། བགྲོ་གླེང་ཚོགས་འདུ་འདི་ལྟ་བུ་ལ་བརྟེན་ནས་ཤེས་བྱའི་མཐའ་རྒྱ་གཅོད་པའི་བྱ་བ་ཙམ་དུ་མ་ཟད་པར་ཉམས་སུ་ལེན་པའི་རིམ་པར་ཇི་ལྟར་སྦྱར་ཐུབ་པ་ལ་ཐུགས་སྣང་གནང་གལ་ཡིན་པ་གསུངས་སོང་།

དེ་ཡང་བགྲོ་གླེང་ཚོགས་ཆེན་འདི་བཞིན་ཟླ་བ་འདིའི་ཚེས་ ༡ ནས་ཚེས་ ༥ བར་ཉིན་གྲངས་ལྔའི་རིང་འཚོགས་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་གཙུག་ལག་སློབ་ཁང་གི་རིགས་བདག་སློབ་དཔོན་ཆེན་མོ་དབང་ཕྱུག་རྡོ་རྗེ་ནི་གི་མཆོག རིགས་དྲུང་ཌོིག་ཊར་སུ་ནི་ཏཱ་ཅནྡྲཱ་མཆོག གཏན་ཚིགས་དང་ནང་དོན་རིག་པའི་རིག་སྡེ་འགན་འཛིན་མཁན་པོ་གྲགས་པ་སེང་གེ་ལགས། རང་གཞུང་སྡེ་ཚན་གྱི་འགན་འཛིན་མཁན་པོ་གསང་སྔགས་བསྟན་འཛིན་ལགས། དེ་བཞིན་བགྲོ་གླེང་ཚོགས་ཆེན་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་གསུང་བཤད་པ་དང་། གཙུག་ལག་སློབ་ཁང་གི་དགེ་ལས་སློབ་ཕྲུག་སོགས་མི་གྲངས་ ༥༥༠ ལྷག་ནས་ལྷན་ཞུགས་གནང་འདུག

སྐབས་དེར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་གོ་སྒྲིག་ཞུས་པར་བསྔགས་པར་འོས་པ་ཞིག་ཡིན་ཞིང་། མངོན་རྟོགས་རྒྱན་ལས་དངོས་པོ་བརྒྱད་དང་དོན་བདུན་བཅུའི་ངོ་བོ་དང་གོ་རིམ། གྲངས་འདྲེན་དེ་དག་མ་ནོར་བར་རྟོགས་པའི་ཐབས་ཤེས་བྱ་རྒྱུ་དེ་ཡིན་པ་དང་། དེ་བཞིན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གདམས་ངག་རྣམ་པ་བཅུའི་སྒོ་ནས་སྐྱེ་བུ་གསུམ་གྱི་ལམ་གྱི་རིམ་པར་འཁྲིད་ཚུལ་ལ་དོ་སྣང་མེད་པར་ལུས་ཀྱི་འདུག་ཅེས་ལམ་རིམ་གསུང་ཆོས་སྐབས་མང་པོར་རྩལ་དུ་བཏོན་ནས་བཀའ་སྩལ་མཛད་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོས་ལམ་རིམ་གྱི་གསུང་ཆོས་ཡོངས་རྫོགས་སྙིང་བསྡུས་ལྟ་བུར་འཇམ་དཔལ་ཞལ་ལུང་ཀྱི་བཞེད་དགོངས་ཚུལ་དུ་རྒྱན་གྱི་དགོངས་གསལ་ཞེས་པ་དེབ་གྲངས་གཉིས་ཡོད་པ་བྲག་ཡབ་བློ་ལྡན་ཤེས་རབ་རིན་པ་ཆེས་ཕྱོགས་སྒྲིག་གནང་ཡོད་པ་རེད་ཅེས་སོགས་གསུངས་སོང་། ལྷག་པར་བགྲོ་གླེང་ཚོགས་འདུ་འདི་ལྟ་བུ་ལ་བརྟེན་ནས་ཤེས་བྱའི་མཐའ་རྒྱ་གཅོད་པའི་བྱ་བ་ཙམ་དུ་མ་ཟད་པར་གང་གཏན་ལ་ཕབ་པའི་དོན་དེ་དག་ད་ལྟ་སོ་སོ་སྐྱེ་བུ་ལམ་མ་བཞུགས་ཀྱི་་གནས་སྐབས་ནས་ཉམས་སུ་ལེན་པའི་རིམ་པར་ཇི་ལྟར་སྦྱར་ཐུབ་པ་ལ་ཐུགས་སྣང་གནང་གལ་ཡིན་པ་གསུངས་སོང་།

འདི་ག་རླུང་འཕྲིན་ཁང་ནས་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་ཆེན་མོ་དབང་ཕྱུག་རྡོ་རྗེ་ནེ་གཱི་མཆོག་ལ་བཀའ་འདྲི་ཞུས་པར། ཁོང་གིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཆེད་གོ་སྟོན་དང་འབྲེལ་བའི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁྲོད། ཉེ་སྔོན་སྐུའི་འཁྲུངས་སྐར་སྐབས། Banaras Hindu University བ་ནཱ་རཱས་ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་དང་ Kashi Vidyapith ཀཱ་ཤི་བིདྱ་པིཊ་ལྟེ་གནས་ཁང་གི་རིགས་བདག དེ་བཞིན་ས་གནས་ཀྱི་རྫོང་དཔོན། མཁས་དབང་མི་སྣ་མང་པོ་གདན་འདྲེན་ཞུས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྙིང་རྗེའི་ཐོག་ནས་འཛམ་གླིང་ལ་ཕན་རླབས་ཇི་བྱུང་སྐོར་བགྲོ་གླེང་ཚོགས་ཡོད་པ་མ་ཟད། བྱམས་བརྩེའི་རྩ་བ་ནི་ཤེར་ཕྱིན་ལ་རག་ལུས་ཡོད་སྟབས། དེའི་སྐོར་བགྲོ་གླེང་ཞིག་ཚོགས་ཐུབ་ན་བསམ་ནས་ཕན་ཚུན་གོ་བསྡུར་གྱིས་གཙུག་ལག་སློབ་ཁང་གི་རང་གཞུང་སྡེ་ཚན་ནས་དེ་ལྟར་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་མ་འོངས་པ་ལའང་བོད་ཀྱི་རྒྱལ་རབས། ལོ་རྒྱུས། རིག་གནས་སོགས་ཀྱི་ཐོག་ལ་བགྲོ་གླེང་གོ་སྒྲིག་ཞུ་འཆར་ཡོད་པ་འགྲེལ་བརྗོད་གནང་སོང་།

དེ་བཞིན་གཏན་ཚིགས་དང་ནང་དོན་རིག་པའི་རིག་སྡེ་འགན་འཛིན་མཁན་པོ་གྲགས་པ་སེང་གེ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གི་བགྲོ་གླེང་ཚོགས་ཆེན་གོ་སྒྲིག་གི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། ད་རེས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འདིའི་བརྒྱུད་བྱུང་བའི་དགེ་བའི་རྩ་བ་འདི་བཞིན་འཛམ་གླིང་ཞི་བདེའི་དོན་དུ་ཕན་ཐོགས་པའི་སྨོན་འདུན་ཞུས་སོང་།

རྩ་བའི་དབུ་འབྱེད་མཛད་སྒོའི་ཐོག་གཙུག་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་དང་དགེ་འདུན་པ་ཁག་གཅིག་ནས་ལེགས་སྦྱར་དང་བོད་སྐད་ཐོག་ཤིས་བརྗོད་གསུང་འདོན་གནང་ཡོད་པ་དང་། རིགས་བདག་མཆོག་ནས་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་འཚམས་འདྲི་དང་སྐུ་ཚེ་ཡུན་དུ་བརྟན་ཕྱིར་མགོན་པོ་ཚེ་དཔག་མེད་ཀྱི་སྣང་བརྙན་འདེགས་འབུལ་ཞུས་འདུག

གཞི་རྩའི་ད་རེས་ཉིན་ལྔའི་བགྲོ་གླེང་ཚོགས་ཆེན་ཐོག་ཐོ་འགོད་གནང་མཁན་མི་གྲངས་ ༡༣༥ བྱུང་ཡོད་ཅིང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་གསུང་བཤད་པ་ཆོས་བརྒྱུད་རིས་མེད་གཡུང་དྲུང་བོན་དང་བཅས་པའི་གསུང་བཤད་པ་ ༡༧ ཕེབས་འདུག ལྷག་པར་གྲུབ་མཐའ་བཞིའི་ཆོས་འཁོར་གྱི་བཞེས་ཚུལ་ལ་དཔྱད་པ་དང་། ཐེག་ཆེན་སེམས་སྐྱེད་ལ་སེམས་སེམས་བྱུང་གང་འདོད་སོགས་ཀྱི་སྐོར་ལ་དཔྱད་པ། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ཞེས་པའི་སྐབས་གྲུབ་མཐའ་བཞིའི་མཆོག་གསུམ་གྱི་ཐད་ལ་དཔྱད་པ། བསམ་གཏན་དང་གཟུགས་མེད་ཀྱི་རྣམ་བཞག་ལ་དཔྱད་པ་སོགས་ཁྱོན་བརྗོད་གཞི་ ༢༦ དང་། ཚེས་ ༤ ཉིན་གྱི་ཚོགས་ཐུན་མཐའ་མར་དམ་བཅའ་ཆེན་མོ་འཚོགས་རྒྱུ་ཡིན་པ་མ་ཟད། ཚེས་ལྔའི་ཚོགས་ཐུན་མཐའ་མར་ཉམས་ཞིབ་སློབ་མའི་རྩོམ་ཤོག་སྒྲོག་བྱང་བཅས་ཀྱི་ལས་རིམ་གོ་སྒྲིག་ཞུས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།