Tibetan Royal Year of 2151 | Year of the Wood Dragon

བོད་མིའི་གཞིས་སྒར་གྱི་ངལ་བ་སེལ་ཐབས་དང་འབྲེལ་ས་གནས་ཀྱི་གནད་ཡོད་མི་སྣ་དང་ལྷན་ཚོགས་ཆེས་ཐོག་མ།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ཁུལ་གྱི་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཕྲད་བཞིན་པའི་དཀའ་ངལ་གྱི་གནད་དོན་ཐོག་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱི་ལམ་སྟོན་འོག་ལ་དྭགས་གླེ་རྫོང་དཔོན་གྱི་ཚོགས་ཁང་དུ་ཁུལ་དེའི་གནད་ཡོད་མི་སྣ་དང་མཉམ་དུ་ལྷན་ཚོགས་ཆེས་ཐོག་མ་སྐོང་ཚོགས་གནང་དོན་ལྟར་གནད་ཡོད་མི་སྣ་དག་གིས་ངལ་བ་སེལ་ཐབས་གནང་རྒྱུར་ཞལ་བཞེས་གནང་འདུགལྷན་ཚོགས་ཐོག་ཉེ་ལམ་གསར་དུ་བསྐོ་གཞག་གནང་བའི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲིས་རྒྱལ་མཚན་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་རྫོང་དཔོན་གཞོན་པ། ལ་སྤྱིས་དབུས་པའི་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ། མཉམ་འབྲེལ་འགན་འཛིན། ས་གནས་འཕྲོད་བསྟེན་སྨན་ཁང་དང་ས་གནས་སྨན་རྩིས་ཁང་གི་འཛིན་འཛིན། བསོད་གླིང་བརྒྱ་ཤོག་བཅིུས་ཀྱི་བརྒྱ་དཔོན། དེ་བཞིན་བྱང་ཐང་ས་ཁག་དགུའི་འགོ་འཛིན་བཅས་ལྷན་ཞུགས་ཀྱིས་བསོད་ནམས་གླིང་བོད་མིར་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་ཐབས་སུ་བགྲོ་གླེང་གི་ལྷན་ཚོགས་གནང་ཡོད་པ་རེད། ཐེངས་འདིའི་ལྷན་ཚོགས་དེ་ནི་བཙན་བྱོལ་བོད་མིའི་གཞིས་སྒར་པ་ནས་བཟུང་ཆེས་ཐོག་མ་སྐོང་ཚོགས་གནང་བ་ཞིག་རེད་འདུགལྷན་ཚོགས་དེའི་ཐོག་ལ་སྤྱི་གཙོས་འཐུས་མི་རྣམ་པས་བྱང་ཐང་ཁུལ་དུ་གནས་སྡོད་བྱེད་མཁན་གྱི་འབྲོག་པ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་གཙོས་འབྲོག་ས་ནས་གཞིས་ཆགས་ཀྱི་ཁུལ་དུ་གནས་སྤོས་ཟིན་པར་ཁང་ཁྱིམ་མེད་པའི་ངལ་བ་དང་བྱང་ས་ཁག་ཏུ་གློག་ཆས་དང་སྒྲ་རླབས་ལ་བརྟེན་ནས་གཏོང་བའི་ཁ་པར་གྱི་མཐུན་རྐྱེན་སྦྱོར་ཐབས། ས་གནས་གཞུང་གྱི་སྨན་ཁང་དུ་བོད་རིགས་སྨན་ཞབས་པ་ཚོར་གཅིག་མཚུངས་ཀྱི་ས་མིག་བསྐྲུན་ཐབས། ས་གནས་སུ་ངལ་རྩོལ་གྱི་ཕྱག་ལས་གནང་སར་བོད་རིགས་ངལ་རྩོལ་གྱི་ཕྱག་ལས་གནང་མཁན་ཚོར་གོ་སྐབས་གཅིག་མཚུངས་གནང་ཐབས། དེ་བཞིན་བསོད་གླིང་གཞིས་ཆགས་སུ་ཆུ་དང་གློག ཟས་སྤྱོད་དང་བརྒྱ་ལམ། གསང་སྤྱོད་ཀྱི་ངལ་བ་འཕྲད་པ་གཙོས་ད་བར་ས་ཆ་ཉོ་ཚོང་གནང་བར་དཀའ་ངལ་མི་འཕྲད་པ་སོགས་ཀྱི་སྐོར་སྙན་སེང་ཞུས་དོན་ལྟར་སྡེ་དཔོན་མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམ་པས་རིམ་བཞིན་ངལ་བ་དེ་དག་སེལ་རྒྱུར་ཞལ་བཞེས་གནང་འདུག

སྐབས་དེར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་བོད་མི་དང་ལ་དྭགས་ཡུལ་བ་གཉིས་ཀྱི་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་གཟབ་མོ་ཡོད་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་མཆོག་ནས་ཀྱང་རྒྱ་གར་དབུས་གཞུང་གྱི་སྤྱི་དམངས་ཐོབ་ཐང་དང་འབྲེལ་ནས་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་རྒྱུའི་རེ་བ་ཡོད་སྐོར་གསུངས་པ་དང་ཆབས་ཅིག རྒྱ་དབུས་གཞུང་དང་ས་གནས་གཞུང་གི་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་ཐུབ་ཕྱིར་ཕྱི་ལོ་ ༢༠༢༡ ལོའི་མི་འབོར་གྲངས་བཤེར་སྐབས་བོད་རིགས་ཚོས་ཀྱང་དྲང་བདེན་གྱི་སྒོ་ནས་ཐོ་གཞུང་གནང་རྒྱུའི་རེ་སྐུལ་གནང་འདུགདེ་བཞིན་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞས་བཀྲིས་རྒྱལ་མཚན་ལགས་ཀྱིས་ཡུལ་བ་དང་བོད་རིགས་གཉིས་ཀར་མཐུན་རྐྱེན་ཇི་ཡོད་གཅིག་མཚུངས་གནང་རྒྱུ་ཡིན་སྐོར་དང་། དེ་སྔ་ལ་དྭགས་དེ་བཞིན་ཇཱ་མུ་ཀཤ་མིར་གྱི་ཁུངས་སུ་ཡོད་སྟབས་དངུལ་གྱི་རོགས་རམས་དེ་ཡང་ཆ་ཚང་བ་ཞིག་རག་གི་མེད་སྟབས། ད་ཆ་ལ་དྭགས་འདི་བཞིན་རྒྱ་གར་དབུས་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཡོད་པར་བརྟེན་བོད་མིའི་མངོན་འདོད་དང་རེ་བ་ལེགས་གྲུབ་ཐུབ་རྒྱུ་དང་། དཀའ་ངལ་མཐའ་དག་སེལ་ཐུབ་རྒྱུ་ཡོད་པར་གསུངས་འདུག

རླུང་འཕྲིན་ཁང་གིས་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་ལྷན་ཚོགས་ཐོག་བསོད་གླིང་གཞིས་ཆགས་དང་འབྲེལ་བའི་སྐོར་གྱི་དཀའ་ངལ་གང་དག་སྙན་སེང་ཞུས་ཡོད་པ་དང་དེ་བཞིན་ལྷན་ཚོགས་དེའི་གལ་གནད་ཇི་ཆགས་སྐོར་བཀའ་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།