Tibetan Royal Year of 2151 | Year of the Wood Dragon

Uncategorized

༸སྐུའི་འཁྲུངས་སྐར་དང་བསྟུན་ཁེ་ན་ཌའི་ཊོ་རན་ཊོ་གྲོང་ཁྱེར་ནས་ཨོ་ཊ་ཝ་བར་ཞི་བའི་གོམ་བགྲོད་དབུ་འཛུགས།

རིང་མིན་ཕྱི་ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་མ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་གྱ་ལྔ་བདག་གིར་བཞེས་ཀྱི་ཡོད་པ་དང་བསྟུན་ཁེ་ན་ཌའི་ Toronto  གྲོང་ཁྱེར་ནས་རྒྱལ་ས་ Otawa བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུགལས་འགུལ་དེ་ཁ་སང་སྔ་དྲོ་ཚོུད་ ༡༠ ཐོག་ཊོ་རན་ཊོ་ནང་གནས་བཞུགས་རེས་གཟའ་ལྷག་པ་སྟེ་ལྷག་དཀར་ནམ་ཡིན་ལ་བོད་དོན་ལས་འགུལ་སྤེལ་མཁན་སངས་རྒྱས་སྐྱབས་ལགས་ཀྱིས་དང་བླངས་ཐོག་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་མདུན་ནས་དབུ་འཛུགས་གནང་འདུག སྐབས་དེར་ Ontario བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་གཞོན་ནུ་དང་བེུད་ལྷན་ཚོགས། དེ་བཞིན་མོད་ཁམས་ཆུ་བཞི་སྒང་དྲུག་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་སྐུ་ཚབ་རྣམ་པ་ལྷན་ཞུགས་ཀྱིས་ཁོང་གིས་དང་བླངས་ཐོག་ནས་༸སྐུའི་འཁྲུངས་སྐར་དང་བསྟུན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་དང་ལམ་ལྷོང་ཡོང་བར་བོད་མི་ཡོངས་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་སོང་།ཐེངས་འདིའི་ཞི་བའི་གོམ་བགྲོད་བརྒྱུད་དེ་སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ན་ཌ་དང་རྒྱལ་ས་ Otawa རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་དང་རྒྱལ་སྤྱིའི་ལྷན་ཁང་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཆེད་དྲང་བདེན་གྱི་ཐོག་ནས་ཞི་བའི་གྲོས་མོལ་གནང་དགོས་པ། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱབ་སྐྱོར་དགོས་པ། བོད་མི་ཆབ་སྲིད་བཙོན་པ་དགུང་ལོ་ཆུང་ཤོས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བཀྲིས་དབང་ཕྱུག་ལགས་དང་དེ་མིན་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་བཅས་ཀྱི་དགོས་འདུན་དོན་ཚན་གསུམ་ཆེད་བཏོན་གནང་རྒྱུ་རེད་འདུགལས་རིམ་ལྟར་ན་སངས་རྒྱས་སྐྱབས་ལགས་ཁ་སང་ Toronto ནས་དབུ་འཛུགས་ཀྱིས་རྒྱལ་ས་ Otawa བར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་བར་གོམ་བགྲོད་གནང་ནས་དེར་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་པ་མ་ཟད། དེ་རྗེས་ཨོ་ཊ་ཝ་ནས་ཕྱིར་ཊོ་རན་ཊོ་བར་ཞི་བའི་གོམ་བགྲོད་གནང་མཐར་༸སྐུའི་འཁྲུངས་ཉིན་ས་གནས་དེར་ཕྱིར་འབྱོར་ཐབས་གནང་རྒྱུ་རེད་འདུགགཞི་རྩའི་སངས་རྒྱས་སྐྱབས་ལགས་ཀྱིས་རྒྱུན་དུ་ཊོ་རན་ཊོ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་མདུན་དུ་ལྷག་དཀར་ནམ་ཡིན་ལ་བོད་དོན་ལས་འགུལ་སྤེལ་ནས་ད་བར་ལོ་གཉིས་ལྷག་འགྲོ་མུས་ཡིན་པ་རེད། ཐེངས་འདིའི་གོམ་བགྲོད་ལས་འགུལ་དང་འབྲེལ་ཉིན་གཅིག་གི་རིང་ལ་བོད་མི་གཅིག་ནས་མཉམ་ཞུགས་གནང་འདུག

རེས་གཟའ་པ་སངས། ༢༠༢༠།༠༦།༢༦

ཉན་པ།: Listen ཕབ་ལེན། Download རྒྱ་གར་གྱི་གནའ་བོའི་རིག་གནས་ལ་ཐོས་བསམ་སློབ་གཉེར་བྱེད་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཡིན། ༸སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གྲོངས་རྐྱེན་ཐོག་ཞིབ་འཇུག་གནང་བའི་རེ་སྐུལ། རྒྱ་དཀར་ནག་གཉིས་ཀྱི་གདོང་ཐུག་ཁྲོད་རྒྱ་གཞུང་གིས་བོད་ཁུལ་དུ་དམག་སྦྱོང་ཇེ་མང་། དྲུང་ཆེ་ཡན་གྱི་མཛད་གཙོ་རྣམ་པ་ལྷན་ཞུགས་ཐོག་༸སྐུའི་ཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ། ལྕམ་སྐུ་ Nikki Haley མཆོག་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་བཀག་སྡོམ། Friday 26/06/2020 Dalai Lama interacts with Amity University students Intl. Day in support of Victims of Torture: Tulku Tenzin Delek’s neice urges for probe into his murder China increases military drills in Tibet amid tensions with India Year of gratitude: CTA to observe Dalai Lama birthday with gathering of senior dignitaries Former NSA advisor’s book reveals Trump prevented top aide from meeting Dalai Lama

Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་དགོངས་པ་རྫོགས་འདུག

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་བརྩེ་ཆེན་གླིང་དགོན་པར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་བླ་མའི་མཚན་གནས་ཆེས་མཐོ་ཤོས་སུ་འོས་འདེམས་བྱུང་བའི་ Tuva སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་བླ་མ་མཚན་གནས་མཐོ་ཤོས་ Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་ཏོག་དབྱིབས་གཉན་རིམས་ཕོག་པའི་རྐྱེན་གྱིས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། ཁོང་གི་དགོན་པ་༸དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ཀྱིས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུགཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་༸དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་ཐུགས་གསོའི་གསུང་འཕྲིན་དེའི་ནང་མཁན་པོ་མཆོག་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་མྱ་ངན་གུས་འདུད་དང་དེ་གའི་གཞུང་གི་སྲིད་འཛིན་གཙོས་གཞུང་ཞབས་པ་ཡོངས་དང་ཤུལ་ལུས་སློབ་མ་རྣམ་པ། དེ་བཞིན་སྐུ་འཁོར་ནང་མི་སྐུ་མཆེད་དག་ལ་ཐུགས་གསོ་གནང་བ་མ་ཟད། ལྷག་དོན་༸སྐྱབས་རྗེ་དམ་པ་དེ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་མཐའ་དག་ཡོངས་སུ་རྫོགས་པ་དང་སླད་མར་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་འཁྲུལ་བྲལ་མགྱོགས་མྱུར་ཕེབས་པའི་གསོལ་འདེབས་སྨོན་འདུན་ཤུགས་དྲག་བཅས་ཞུས་འདུགགཞི་རྩའི་ Kamby བླ་མ་ཁྲི་ཐོག་བརྒྱད་པ་འཇམ་དཔལ་བློ་གྲོས་མཆོག་ནི་ཕྱི་ལོ་ ༡༩༧༥ ཟླ་ ༨ ཚེས་ ༢༡ ཉིན་ Hondergey གྲོང་གསེབ་ཀྱི་ Dzun-Khemchiks མངའ་སྡེར་སོ་ནམ་པའི་ཁྱིམ་དུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོར་ཁོང་གིས་ཐུ་ཝའི་ནང་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཕུན་ཚོགས་གླིང་དུ་ནང་པའི་གཞུང་ལ་སློབ་གཉེར་དབུ་འཛུགས་གནང་ཞིང་། རྗེས་སུ་ཁོང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་༸དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་དུ་ལོ་དགུའི་རིང་ལ་ནང་པའི་གཞུང་ཆེན་དག་ལ་བསླབ་པ་སློབ་གཉེར་མཐིལ་ཕྱིན་གནང་ཡོད་པ་རེད། བླ་མ་འཇམ་དཔལ་བློ་གྲོས་མཆོག་རྒྱ་གར་ནང་དུ་ནང་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་གྲུབ་རྗེས་ཕྱིར་རང་ཡུལ་དུ་ཕེབས་ནས་ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ Kamby བླ་མ་ཁྲི་ཐོག་གི་མཚན་གནས་བཞེས་ཏེ་ Kalmykia དང་དེ་བཞིན་Buryatia བཅས་ཀྱི་ནང་དུ་ནང་པའི་དགོན་པ་གསར་བཞེངས་དང་ཡུལ་མི་ཚོ་དང་མཉམ་དུ་ཟུང་འབྲེལ་གྱི་ཕྱག་ལས་རྒྱ་ཆེ་གནང་མྱོང་ཡོད་པ་མ་ཟད། མཁན་པོ་དམ་པ་མཆོག་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་བརྩེ་ཆེན་གླིང་དགོན་པར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་བླ་མའི་མཚན་གནས་ཆེས་མཐོ་ཤོས་སུ་འོས་འདེམས་གནང་ཡོད་པ་དང་། དེ་ནི་ཁོང་ཨུ་རུ་སུའི་བླ་མའི་མཚན་གནས་ཆེས་མཐོ་ཤོས་ཀྱི་ལོ་ལྔའི་རིང་འོས་འདེམས་གནང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།དེ་བཞིན་ཨུ་རུ་སུའི་ཁྱབ་ཡོངས་ Kalmykia དང་། Buryatia དེ་བཞིན་ Tuva བཅས་ཀྱི་ནང་དུ་རིམ་བཞིན་ཆབ་སྲིད་ཀྱི་འགྱུར་འགྲོས་རང་དབང་ལྡན་པ་ཞིག་གི་ངོ་བོར་གྱུར་བར་བརྟེན་དེ་དག་གི་ནང་དུ་ནང་པ་སངས་རྒྱས་པའི་བསྟན་པར་བསླབ་པ་སློབ་གཉེར་གྱི་གོ་སྐབས་བཟང་པོ་བྱུང་དོན་བཞིན་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་བ་མ་ཟད། ལྷག་དོན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་འབྲས་དགའ་གསུམ་གྱིས་གཙོས་པའི་དགོན་སྡེ་གྲྭ་ཚང་ཆེ་ཁག་ཏུ་ནང་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་ཡོད་པ་ལྟར། འདས་ལོའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་བསྒྱུར་དང་སྦྲགས། ༸དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེ་སྐབས་སུ་བོད་སོག་དབར་གྱི་ཆོས་ཕྱོགས་ཐོག་ནས་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར་ལ་དམིགས་བསལ་བཀའ་སློབ་བསྩལ་བ་མ་ཟད་འདི་བཞིན་སོག་རིག་ཚོས་ནང་པའི་གཞུང་ཆེན་རྣམས་ལ་བསླབ་པ་སློབ་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད་པ་རེད།

སེམས་ཞི་བར་གནས་པའི་ཐོག་རིམས་ནད་ལ་གདོང་ལེན་གནང་དགོས་པར་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག དེང་སྐབས་རིམས་ནད་ཀྱི་གནས་སྟངས་ཁྲོད་འཇིགས་སྣང་དངངས་སྐྲག་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། གཙོ་བོ་སེམས་ཞི་བདེར་གནས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༠ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་ཁག་དང་ལྷན་དུ་སེམས་དང་སྲོག་གི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཁྲོད་བྱམས་བརྩེ་དང་སོར་ཆུད་ཀྱི་ཐོག་འགྲོ་བ་ཀུན་མཉམ་འདུས་ཞེས་པའི་བརྗོད་གཞིའི་ཐོག Smith སྤྱི་ཚོགས་ཞབས་ཞུའི་མཐོ་སློབ་ཀྱི་འགན་འཛིན་ཟུར་པ་ Carolyn Jacobs ལགས་ཀྱིས་གཙོ་སྐྱོང་འོག ཨ་རིའི་Wisconsin གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པ་དང་དབང་རྩ་རིག་པའི་སློབ་དཔོན་ཆེན་མོ། སློབ་གཉེར་ཁང་དེའི་སེམས་ཁམས་བདེ་གནས་ཀྱི་ལྟེ་གནས་ཁང་གསར་གཏོད་གནང་མཁན་དང་གཙོ་འཛིན་ཡིན་པ་ཚན་རིག་པ་གྲགས་ཅན་ Richie Davidson ལགས་དང་ལྷན་དུ་ཚོགས་ཡོད་པ་དང་། དེའི་ཐོག་སེམས་དང་སྲོག་ལྟེ་གནས་ཁང་གི་ཚོགས་གཙོ་ Susan Bauer Wu ལགས་ཀྱིས་ཀྱང་མཉམ་ཞུགས་ཀྱིས་ཚོགས་འདུ་ངོ་སྤྲོད་གནང་འདུག སྐབས་དེར་ལྕམ་ Susan Bauer Wu ལགས་ཀྱིས་བརྗོད་གཞི་ངོ་སྤྲོད་དང་འབྲེལ། ད་ལྟའི་ཏོག་དབྱིབས་ནད་ཡམས་ཁྲོད་དངངས་སྐྲག་ཀྱི་གནས་སྟངས་ལ་གདོང་ལེན་གནང་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པར། དགོན་པོ་༸གང་ཉིད་མཆོག་གིས། རིམས་ནད་ཀྱི་ཛ་དྲག་རང་བཞིན་ལ་གཞིག་སྟེ་འཛམ་གླིང་གི་ཚན་རིག་པ་རྣམས་ཀྱིས་དེའི་ཐོག་ཞིབ་འཇུག་གནང་བཞིན་པ་དང་། སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ་མིའི་སྲོག་སྐྱོབ་བཞིན་པར་བསྔགས་བརྗོད་ཞུ་བཞིན་ཡོད་སྐོར་དང་འབྲེལ། གནས་སྟངས་ཅི་ཞིག་ཡིན་རུང་དེར་བརྟག་དཔྱད་བྱས་ཏེ། སེལ་ཐབས་ཡོད་པ་ཡིན་ན་དེའི་ཐོག་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། སེལ་ཐབས་མེད་པ་ཡིན་ན་དེའི་ཐོག་བསམ་བློ་བཏང་བ་ཡིན་ན་ཆུ་ཚོད་འཕྲོ་བརླགས་ཡིན་པ་རྒྱལ་སྲས་ཞི་བ་ལྷས་མཛད་པ་ལུང་འདྲེན་དང་སྦྲགས། འཇིགས་སྣང་དངངས་སྐྲག་གིས་རིམས་ནད་ཀྱི་གནོད་འཚེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། སེམས་ཞི་བར་གནས་པའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག ལྷག་པར་དུ་དེང་སྐབས་ཨ་རིའི་ནང་གི་དཀའ་ངལ་གཙོ་བྱས་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཤ་སྟག་ཡིན་སྟབས། ང་ཚོ་དང་ཁོང་ཚོ་ཞེས་མིའི་གདོང་རིས་དང་ཆོས་དད། རྒྱལ་ཁབ་སོགས་ཀྱི་དབྱེ་བ་འབྱེད་ནས་བསྡད་པ་ཡིན་ན་དེས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་བློ་དང་ཁ་བྲལ་བྱེད་ཀྱི་ཡོད་སྐོར་དང་འབྲེལ། རྒྱ་གར་ནང་དུ་ལོ་ངོ་སྟོང་ཕྲག་མང་པོ་ནས་ཆོས་ལུགས་དང་མི་རིགས་འདྲ་མིན་ཞི་བདེ་མཉམ་གནས་བྱེད་བཞིན་པ་དང་། དེ་སྔ་འཁྲུག་འཛིང་དང་རྩོད་རྙོག་གི་ནང་དུ་འཐིམས་པའི་ཡོ་རོབ་རྒྱལ་ཁབ་རྣམས་ད་ལྟ་ཡོ་རོབ་མཐུན་ཚོགས་ཞེས་གཅིག་ཏུ་སྒྲིལ་ཏེ་ཞི་བདེ་མཉམ་གནས་བྱེད་བཞིན་པ་དེ་དག་མིག་དཔེར་བླངས་ཏེ། གནས་སྟངས་ཡག་སྡུག་ཚང་མ་མིའི་བསམ་བློ་འཁྱེར་ཕྱོགས་ལ་རག་ལུས་ཡོད་སྟབས། སྒོམ་སྒྲུབ་དང་རྒྱུ་མཚན་གྱི་ལམ་ནས་ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱི་བསམ་བློ་དོར་ཏེ། འགྲོ་བ་མིའི་གཅིག་གྱུར་གྱི་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་དགོས་གལ་ཡིན་པར་བཀའ་བསྩལ་འདུག སྐབས་དེར་ཚན་རིག་པ་ Richie Davidson ལགས་ཀྱིས། དེ་སྔ་ཚན་རིག་ནང་དུ་བྱམས་བརྩེ་ཞེས་པའི་ཚིག་འཁོད་མེད་ཀྱང་། ༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་འོག དེང་སྐབས་རྒྱལ་སྤྱིའི་ཚན་རིག་པའི་ཁྲོད་ལ། བྱམས་བརྩེ་སྒོམ་པའི་ཐོག་ནས་མིའི་བསམ་བློ་དང་སྤྱོད་ཚུལ་ལ་འགྱུར་བ་ཐེབས་བཞིན་ཡོད་པའི་ངེས་པ་རྙེད་ཡོད་པ་དང་འབྲེལ། བྱམས་བརྩེའི་བློ་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། དེ་ལྟར་གནང་ཕྱོགས་ཐད་༸མགོན་པོ་མཆོག་ལ་བཀའ་འདྲི་ཞུས་པར། ༸མགོན་པོ་༸གང་ཉིད་མཆོག་གིས་དེང་སྐབས་ཀྱི་ཤེས་ཡོན་ལམ་ལུགས་ནང་དུ་ཕྱི་དངོས་པོའི་ཡར་རྒྱས་ལས་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་གྱི་སློབ་གསོ་གང་ཡང་སྤེལ་གྱི་མེད་སྟབས་མིའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཐེབས་ཀྱི་མེད་སྐོར་བཀའ་གནང་བ་དང་འབྲེལ། རྩ་བ་ཡག་པོ་བཙུགས་པ་ཡིན་ན་འབྲས་བུ་ཡག་པོ་སྨིན་རྒྱུ་ཡོད་པ་བཞིན། གཙོ་བོ་གཞི་རིམ་ཤེས་ཡོན་གྱི་ལམ་ལུགས་ནང་དུ་ནང་སེམས་ཀྱི་འཕྲོད་བསྟེན་དང་བྱམས་བརྩེའི་སྐོར་ལ་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུགལྷག་པར་དུ་༸མགོན་པོ་མཆོག་གིས། དུས་རབས་ ༢༠ བ་དེ།  འཚེ་བས་ཁེངས་པའི་དུས་རབས་ཤིག་ཆགས་ཡོད་སྟབས། འཚེ་བའི་ཚབ་ལ་འཚེ་བ་བྱེད་པ་དེས་སུ་ལ་ཡང་རྒྱལ་ཁ་ཐོབ་ཐབས་མེད་སྟབས། ༸མགོན་པོ་མཆོག་གིས་ཐུགས་དགོངས་གཙོ་བོ་ནི་འགྲོ་བ་མིའི་གཅིག་གྱུར་གྱི་གཞི་རྟེན་ཐོག ཤེས་ཡོན་དང་གྲོས་མོལ་གྱི་བློ་གོང་འཕེལ་གཏོང་རྒྱུ་དེ་ཡིན་སྟབས། འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་སྐོར་སློབ་གསོ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་བསྩལ་འདུགཁ་ཉིན་དྲ་རྒྱ་བརྒྱུད་ཚོགས་པའི་སེམས་དང་སྲོག་ཀྱི་ལས་རིམས་དེ་བོད་སྐད་དང་དབྱིན་སྐད། དེ་བཞིན་རྒྱ་སྐད་སོགས་སྐད་རིགས་འདྲ་མིན་ ༡༤ ཙམ་གྱི་ཐོག་ལ་ཐད་གཏོང་གནང་ཡོད་པ་ལྟར། ཁྱོན་མི་གྲངས་འབུམ་ ༩ ཙམ་གྱིས་ལས་རིམ་གསན་གཟིགས་གནང་ཡོད་པ་རེད་འདུག པར་དབང་། སྐུ་སྒེར་དྲ་རྒྱ།

བཞུགས་སྒར་དུ་བུ་མོ་ལོ་ན་ ༡༩ ཅན་ཞིག་ལ་ཏོག་དབྱིབས་གཉན་རིམས་ཕོག་འདུག

བཞུགས་སྒར་གངས་སྐྱིད་ཁུལ་དུ་ཆགས་པའི་ཤུག་གསེབ་འགོག་དབྱེ་ཟུར་འཇོག་ཁང་ནང་ཡོད་པའི་བུ་མོ་ལོ་ན་ ༡༩ ལ་སོན་པ་ཞིག་ལ་ཁ་ས་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་འདུག དེ་ཡང་ཁས་ས་ཀངྒ་ར་ཉེན་རྟོག་འགོ་དཔོན་གྱིས་ངོ་དེབ་ཐོག་ཀངྒ་ར་རྫོང་ཁྱབ་ཁོངས་སུ་མི་བཅུ་བཞི་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པའི་གནས་ཚུལ་བཀོད་འདུག་པ་དང་།  དེའི་ཁོངས་སུ་བཞུགས་སྒར་ནས་ཡིན་པའི་རང་ལོ་ ༡༩ ལ་སོན་མཁན་བོད་པའི་བུད་མེད་ཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་རེད་འདུག  གཞི་རྩའི་ཁོ་མོ་ཕྱི་ཚེས་ ༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་རྡ་སར་འབྱོར་བ་དང་།  ལྡི་ལི་ནས་འབྱོར་མ་ཐག་ད་བར་ཤུག་གསེབ་ཀྱི་འགོག་དབྱེ་ཟུར་འཇོག་ཁང་ནང་ཟུར་བཀག་འོག་བཞུགས་ཡོད་པ་མ་ཟད།   ཁ་ས་ཏོག་དབྱིབས་གཉན་རིམ་ཕོག་པའི་གནས་ཚུལ་ཐོན་པ་དང་འབྲེལ་ཁོང་ད་ལྟའི་ཆར་ཅ་མུན་ཌའི་ཉེ་འདབས་སུ་ཡོད་པའི་Dadh ཞེས་པའི་འགོག་དབྱེ་ཟུར་འཇོག་ཁང་ནང་བཞག་ཡོད་པ་རེད་འདུག དེའི་སྐོར་འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས།  ཁོ་མོ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་ནའང་ད་ཆ་ནད་རྟགས་གང་ཡང་མེད་པ་དང་།  སྒོས་སུ་འཕྲོད་བསྟེན་ལས་ཁུངས་ནས་འདས་པའི་དུས་ཡུན་རིང་ཁོ་མོ་དང་འབྲེལ་བ་བྱུང་བ་རྣམས་རྩད་གཅོད་གནང་བ་དང་ཆབས་ཅིག   ཤུགས་གསེབ་ཏུ་ཁོ་མོ་དང་ལྷན་དུ་བཞུགས་མཁན་མི་གྲངས་ ༢༠ ལྷག་ཙམ་ཞིག་ཡོད་པ་རྣམས་སླར་ཡང་བདུན་ཕྲག་གཅིག་འགོག་དབྱེ་ཟུར་འཇོག་ཁག་ནང་མུ་མཐུད་བཞུགས་དགོས་སྐོར་སོགས་གསུངས་སོང་། གཞི་རྩའི་ད་ཆ་སྐད་འཕྲིན་བརྒྱུད་ཁ་ས་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཁོ་མོ་ཁྲིད་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་ཁ་རས་གྱོན་མེད་པ་སོགས་ཀྱི་བཀའ་མོལ་ཁྱབ་གདལ་འགྲོ་བཞིན་འདུག་པས། དྲུང་ཆེ་མཆོག་གིས་གནད་དོན་དེ་འབྲེལ་སྒྲིག་འཛུགས་ཀྱི་ལས་བྱེད་དེར་བཀའ་འདྲི་ཞུས་སྐབས།  སྐབས་དེ་དུས་ཁོང་ནས་ཁ་རས་གྱོན་ཡོད་པ་གསུངས་འདུག་པ་དང་།  ད་ལྟའི་ཆར་ཁོང་ཁྱིམ་སྡོད་བཀའ་རྒྱ་འོག་བཞུགས་ཡོད་པ་དང་།   ཤུགས་གསེབ་ཏུ་གཏང་རྒྱུའི་ལས་གཞི་སྒྲིག་བཞིན་ཡོད་པ་གསུངས་སོང་། སྤྱིར་བཞུགས་སྒར་ལྟ་བུ་མཚོན་ན་ཕྱི་མི་ཡོང་མཁན་རྣམས་ཤུག་གསེབ་དང་།  ཤེས་རབ་དགའ་ཚལ་སློབ་གླིང་།  དེ་བཞིན་སྣེ་ལེན་ཁང་ནང་ཟུར་བཀག་གནང་གི་ཡོད་པ་དང་།  སྤྱི་པའི་ཟུར་འཇོག་ཁང་ནང་བསྡད་ས་མེད་ཚེ་ཁྱིམ་སྡོད་ཟུར་བཀག་ནང་བཞུགས་དགོས་པ་རེད་འདུག  དེའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཏོག་དབྱིབས་ལས་དོན་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས་ཐོག  ལྡི་ལི་གཙོས་པའི་དམར་རྟགས་ཅན་གྱི་ས་ཁུལ་ནས་ཡོང་མཁན་བོད་མི་རྣམས་ངེས་པར་དུ་སྔོན་འགོག་གི་བྱ་སྤྱོད་རྣམས་ལག་བསྟར་དང་། ལྷག་པར་དུ་ས་གནས་སུ་མ་འབྱོར་གོང་ས་གནས་འགོ་འཛིན་ལ་བདུན་ཕྲག་གཅིག་ཙམ་གྱི་སྔ་རོལ་དུ་བརྡ་ལན་སྤྲོད་དགོས་པ་གསུངས་ཡོད་པ་རེད། གཞན་ཡང་རེས་གཟའ་སྤེན་པའི་ཉིན།  ཉེ་ལམ་ལྡི་ལི་བརྒྱུད་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་འབྱོར་བའི་བོད་མི་ཞིག་ལ་ཏོག་དབྱིབས་གཉན་རིམས་ཕོག་འདུག་པ་དང་།  ཁོང་ད་ཆ་མེ་སོར་སྨན་ཁང་དུ་སྨན་བཅོས་གནང་བཞིན་པ་རེད་འདུག མ་ཟད།  ཁོང་བསྡད་སའི་འགོག་དབྱེ་ཟུར་འཇོག་ཁང་དང་།  དེ་གཡས་གཡོན་གྱི་ས་ཁུལ་རྣམས་ད་ལྟའི་ཆར་བདུན་ཕྲག་གཅིག་རིང་སྒོ་བརྒྱབ་འདུག རྩ་བའི་འདས་པའི་བདུན་ཕྲག་ནང་ལ་དྭགས་ཁུལ་དུ་བོད་མི་བདུན་ལ་གཉན་རིམས་ཕོག་ཡོད་པ་དང་། ལྡི་ལི་ཁུལ་དུ་མི་གསུམ་དང་།    དེ་བཞིན་མོན་གྷོ་འདོད་རྒུ་གླིང་དུ་མི་གཅིག་བཅས་ཁྱོན་མི་བཅུ་གཅིག་ལ་གཉན་རིམས་ཕོག་ཡོད་པས།   ད་བར་རྒྱ་གར་ནང་ཁྱོན་བོད་མི་ ༢༤ ལ་གཉན་རིམས་ཕོག་ཡོད་པའི་ཁྲོད།  ༡༣ དྲག་སྐྱེད་དང་།  ༢ འདས་གྲོངས་སུ་གྱུར་པ།  དེ་བཞིན་མི་ ༩ ཏོག་དབྱིབས་གཉན་རིམས་ཀྱིས་ མནར་བཞིན་པ་རེད།   མ་ཟད།  རྒྱ་གར་ནང་མཚོན་པ་ཡིན་ན་ད་བར་མི་གྲངས་འབུམ་ ༤ ༢༦།༩༡༠ ལ་གཉན་རིམས་ཕོག་ཡོད་པ་དང་།  དེའི་ཁོངས་མི་གྲངས་ ༡༣ ༧༠༣ འདས་གྲོངས་དང་།  དེ་བཞིན་ ༢༣༧༢༥༢ དྲག་སྐྱེད་ཟིན་པ་རེད་འདུག    

རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་གདོང་ཐུག་ཁྲོད་རྒྱ་གར་གྱི་དམག་མི་ཉི་ཤུའི་ཚེ་སྲོག་ཤོར་འདུག

ཟླ་བ་སྔོན་མིའི་ཕྱི་ཚེས་ ༥ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་དབར་གདོང་ཐུག་གི་གནད་དོན་བྱུང་སྟེ་ཕྱོགས་གཉིས་ས་མཚམས་ས་ཁུལ་ཁག་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་མུས་ཁྲོད་འདིར་ཁ་ཉིན་རེས་གཟའ་ཟླ་བའི་མཚན་མོར་སླར་ཡང་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་ལག་འཛིང་ཤོར་བ་སོགས་ཀྱི་གནད་དོན་རྐྱེན་གྱིས་རྒྱ་གར་གྱི་དམག་མི་ཉི་ཤུའི་ཚེ་སྲོག་ཤོར་འདུགཁ་སང་རྒྱ་གར་གྱི་དམག་དཔུང་སྡེ་ཚན་གྱིས་ལ་དྭགས་ཁུལ་གྱི་དོན་རྐྱེན་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁ་ཉིན་ཕྱི་ཚེས་ ༡༥ དགོང་མོ་ལ་དྭགས་གྷལ་ཝན་ཡུལ་ཀླུང་དུ་ཆགས་པའི་རྒྱ་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་ཕྱོགས་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཤོར་བའི་ཁྲོད་ཁུལ་དེའི་རྒྱ་གར་གྱི་མདའ་དཔོན་ལས་ཐོག་ Santosh Babu ལགས་གཙོས་ དམག་མི་ Havaldar K Palani ལགས་དང་ Sepoy Kundan Ojha ལགས། དེ་བཞིན་སྐབས་དེར་རྨས་སྐྱོན་དྲག་པོ་ཕོག་པའི་དམག་མི་གཞན་ ༡༧ བཅས་ཁྱོན་རྒྱ་གར་གྱི་དམག་མི་ ༢༠ ཚེ་སྲོག་ཤོར་འདུག རྒྱ་ནག་གཞུང་ནས་སྐབས་དེའི་ཕྱོགས་གཉིས་ཀྱི་ས་མཚམས་དོན་རྐྱེན་ཁྲོད་རྒྱ་ནག་གི་དམག་མི་ལ་རྨས་སྐྱོན་དང་ཚེ་ཤོར་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་བཟོ་མིན་འདུག་ཀྱང་རྒྱ་གར་གྱི་ ANI གསར་འགྱུར་ཁང་གིས་དོན་རྐྱེན་དེའི་ཁྲོད་རྒྱ་ནག་གི་དམག་མི་ ༤༣ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་སོགས་གནས་ཚུལ་སྤེལ་འདུག རྒྱ་ནག་གི་དམག་མིའི་མགྲིན་ཚབ་པ་ཀྲང་ཧྲི་ལིས་ཁ་སང་གསར་འགོད་གསར་བསྒྲགས་བྱས་ཏེ་སྐབས་དེའི་དོན་རྐྱེན་དེ་ནི་རྒྱ་གར་གྱི་དམག་མི་ཚོས་ཕྱོགས་གཉིས་དབར་ཡོད་པའི་ས་འཚམས་ཀྱི་དམ་བཅའ་བརྩི་སྲུང་མ་བྱས་པར་དྲག་པོའི་འཐབ་འཛིང་ཤོར་རྐྱེན་བྱུང་བ་རེད་ཅེས་བརྗོད་འདུག འོན་ཀྱང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Anurag Srivastava ལགས་ཀྱིས་དོན་རྐྱེན་དེ་ནི་ཉེ་ལམ་ནས་ས་མཚམས་ས་ཁུལ་དུ་འཕྲད་བཞིན་པའི་དཀའ་རྙོག་ཞི་འཇམ་གནང་ཐབས་ཀྱི་གྲོས་མཐུན་ལ་རྒྱ་ནག་ཕྱོགས་ནས་ངོས་ལེན་བྱེད་པར་བརྟེན་མུ་མཐུད་རྒྱ་གར་གྱི་བདག་དབང་དུ་ཡོད་པའི་ས་མཚམས་ས་ཁུལ་དུ་བཙན་འཛུལ་བྱས་པའི་དབང་གིས་དེ་ལྟར་བྱུང་ཡོད་པ་དང་རྩོད་རྙོག་དེ་སེལ་ཐབས་སུ་གྲོས་མོལ་ནི་ཐབས་ལམ་བཟང་ཤོས་ཡིན་པར་གསུངས་འདུག རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་དོན་རྐྱེན་དང་འབྲེལ་ཏེ་ཁ་སང་དང་དེ་རིང་བཅས་སུ་རྒྱ་གར་མང་ཚོགས་ཁག་ཅིག་ནས་ཞི་ཅིན་ཕིང་གི་པར་རིས་མེར་བསྲེགས་བཏང་བ་དང་། རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཁང་མདུན་དུ་ངོ་རྒོལ་གནང་བ་མ་ཟད་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཡང་དེ་འབྲེལ་གླེང་སློང་ཤུགས་ཆེ་གནང་བཞིན་འདུག ཁ་སང་དགོང་དྲོ་རྒྱ་གར་གྱི་ NewsX གསར་ཁང་གི་ལས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ས་མཚམས་ཁུལ་གྱི་དོན་རྐྱེན་དེ་ནི་སྟབས་མ་ལེགས་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་དང་ད་ལྟའི་ཆར་རྒྱ་ནག་གི་ས་ཁྱོན་རྒྱ་ཆ་ ༦༠ ཙམ་གྲངས་ཉུང་མི་རིགས་ལ་དབང་བའི་ས་ཆ་ཁག་བཙན་བཟུང་བྱས་པ་ཆགས་ཀྱི་ཡོད་པ་དང་རྒྱ་གར་གྱི་ངོས་ནས་འདས་པའི་བོད་ཀྱི་ལོ་རྒྱུས་ཐོག་ནས་སློབ་གསོ་ལེན་དགོས་པ་སོགས་གསུངས་འདུག  དེ་བཞིན་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་གར་གྱི་ Republic གསར་ཁང་གི་ལས་རིམ་ཐོག་རྒྱ་ནག་གྱི་ངོ་ཚབ་ཁག་ཅིག་དང་བགྲོ་གླེང་གནང་སྐབས་རྒྱ་ནག་གིས་དེ་སྔ་ངའི་ཕ་ཡུལ་བོད་བཙན་བཟུང་བྱས་པ་མ་ཟད་ད་ཆ་ངའི་ཕ་ཡུལ་གཉིས་པ་རྒྱ་གར་ཡང་བཙན་འཛུལ་བྱེད་ བཞིན་ཡོད་ཀྱང་དེ་ནི་ཡོང་ཐབས་བྲལ་བའི་བྱེད་བབས་ཤིག་རེད་ཅེས་ཚོར་ཤུགས་ཆེན་པོས་གསུངས་ཡོད་པ་རེད། ལྷག་པར་དུ་ཁོང་གིས་ས་ཁུལ་བདག་དབང་སྐོར་ལ་གླེང་སྐབས་རྒྱ་ནག་གིས་བོད་དང་ཤར་ཏུར་ཀིས་ཏན། དེ་བཞིན་སོག་ཡུལ་སོགས་རྒྱལ་ཁབ་མང་པོ་བཙན་བཟུང་བྱས་ཡོད་སྟབས་རྒྱ་ནག་རྒྱལ་ཁབ་འདི་ས་ཆའི་བདག་དབང་ཐོག་གླེང་སློང་བྱེད་མཁན་གྱི་རྒྱལ་ཁབ་མཐའ་མ་དེ་ཡིན་དགོས་ཀྱི་རེད་ཅེས་གསུངས་པ་མ་ཟད་རྒྱ་གར་གྱི་ངོས་ནས་ཀྱང་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་དང་བཙན་བྱོལ་བོད་གཞུང་ངོས་ལེན་གནང་དགོས་པ་སོགས་གསུངས་ཡོད། གཞི་རྩའི་ཐེངས་འདིའི་རྒྱ་དཀར་ནག་དབར་གྱི་ས་མཚམས་གནད་དོན་དེ་ཐོག་མར་བྱུང་སྐབས་ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་མི་ ༢༥༠ ཙམ་རྨས་སྐྱོན་ཕོག་ཡོད་པ་དང་། ཉེ་ཆར་དོན་རྐྱེན་དེའི་ཁྲོད་རྒྱ་གར་གྱི་དམག་མི་ ༢༠ ཡི་ཚེ་སྲོག་ཤོར་བ་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་གནད་དོན་དང་འབྲེལ་བའི་ལོ་ངོ་༤༣ རྗེས་ཀྱི་གདོང་ཐུག་ཆེ་ཤོས་ཀྱི་གནད་དོན་དེ་ཆགས་ཀྱི་འདུག

བསམ་ཡས་གླིང་དུ་སླར་ཏོག་དབྱིབས་གཉན་རིམས་ཕོག་པའི་མི་གཅིག་འདས་གྲོངས་དང་དོགས་གཞི་ཡོད་པ་གཅིག་སྨན་ཁང་ལ་བཞག་འདུག

ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་ཁ་ཉིན་ཕྱི་ཚེས་ ༡༡ ཉིན་གྱི་དགོང་དྲོ་རང་ལོ་ ༨༢ ཡིན་པའི་སྐྱེས་པ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་དང་འདས་པོ་ཁོང་རྩ་བའི་དབུགས་གཏོང་ལེན་གྱི་དཀའ་ངལ་འཕྲད་པར་བརྟེན་ཕྱི་ཚེས་ ༩ ཉིན་སྨན་ཁང་དུ་བསྐྱལ་འདུག འོན་ཀྱང་ཕྱི་ཚེས་ ༡༡ དགོང་དྲོ་འདས་གྲོངས་སུ་གྱུར་རྗེས་ཁོང་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་ར་འཕྲོད་བྱུང་ཡོད་པ་མ་ཟད། འདས་པོ་དེའི་ཉེ་འབྲེལ་གྱི་སྐྱེས་པ་གཞན་རང་ལོ་ ༨༣ ཡིན་པ་ཞིག་ཀྱང་གཉན་རིམས་དེའི་དོགས་གཞིའི་འོག་ཁ་སང་སྨན་ཁང་དུ་སྐྱེལ་ཡོད་པ་རེད། ད་ལྟའི་ཆར་ཁྱིམ་ཚང་དེའི་ཉེ་འབྲེལ་གྱི་ནང་མི་སོགས་ཁྱོན་མི་གྲངས་ལྔ་ཟུར་བཀག་ཐོག་བཞག་ཡོད་པ་རེད་འདུག ལྡི་ལི་ས་གནས་འགོ་འཛིན་གྱིས་ད་ལྟའི་ཆར་ཟུར་བཀག་བྱས་ཏེ་སོ་སོའི་ཁྱིམ་དུ་བསྡད་ཡོད་པའི་མི་གྲངས་ལྔ་པོ་དེར་ས་གནས་ཀྱི་ཆེད་འཛུགས་བྱས་པའི་ཛ་དྲག་ཚོགས་ཆུང་གི་ངོས་ནས་ཚ་བ་བརྟག་དཔྱད་དང་བོད་སྨན། ལུས་ཟུངས་བཅུད་སྨན་སོགས་གནང་སྟེ་ནད་ཡམས་སྔོན་འགོག་གི་ཐབས་ལམ་གང་ཡོང་གནང་བཞིན་པར་འགྲེལ་བརྗོད་དང་འབྲེལ། སྤྱིར་ད་ལྟའི་ཆར་ལྡི་ལི་ཁྱོན་ཡོངས་སུ་བཀག་རྒྱ་གུ་ཡངས་བཏང་ཡོད་ཀྱང་མན་ཇུ་ཀྲི་ལ་གཉན་རིམས་ཕོག་པའི་མི་གྲངས་མང་པོ་དེ་ལྟ་བུ་ཞིག་ཐོན་ཡོད་པ་དེས་མི་མང་ནང་དམིགས་བསལ་དངངས་སྐྲག་ཞིག་བྱུང་ཡོད་པ་བཅས་ལ་བརྟེན་ད་དུང་ཡང་ཚོང་ཁང་དང་ཟ་ཁང་སོགས་ཕལ་མོ་ཆེ་སྒོ་བརྒྱབ་ཡོད་པ་མ་ཟད། ལྷག་པར་དུ་མན་ཇུ་ཀྲི་ལའི་ནང་ནད་ཡམས་དེ་ཇི་ལྟར་ཁྱབ་ཡོད་མེད་ཐད་ཚོད་དཔག་གནང་དཀའ་སྐོར་གསུངས་ཡོད།གཞི་རྩའི་ལྡི་ལི་ཁུལ་དུ་ད་བར་བོད་མི་གྲངས་ ༨ ལ་ཏོག་དབྱིབས་ནད་ཡམས་དེ་ཕོག་ཡོད་པ་དང་དེའི་ཁོངས་ནས་མི་བཞི་དྲག་སྐྱེད་དང་། མི་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། ད་ལྟའི་ཆར་ད་དུང་ཡང་མི་གཉིས་དོགས་གཞིའི་འོག་ཟུར་བཀག་བྱས་ཏེ་བཞག་ཡོད་པ་རེད། ལྡི་ལི་ས་གནས་འགོ་འཛིན་ལས་ཁུངས་དང་འཕྲོད་བསྟེན་ལས་བྱེད། སྨན་རྩིས་ཁང་། བརྒྱ་འཐུས་ཡིག་ཚང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོ་སོ་བཅས་ནས་བསམ་ཡས་གླིང་ནང་རྒྱུན་དུ་ནས་དུག་སེལ་གནང་རྒྱུ། འཕྲོད་བསྟེན་སློབ་གསོ་སོགས་གང་ཡོང་གནང་བཞིན་ཡོད་པ་མ་ཟད། ལྡི་ལི་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་ནད་ཡམས་དེ་མི་རབས་རྒན་པ་དང་བྱིས་པ་ཚོ་ལ་དམིགས་བསལ་གྱི་ཁྱབ་སྤེལ་འགྲོ་སླ་བ་ཡོད་སྟབས་དེ་འབྲེལ་སྐྱོབ་ཐབས་ཐོག་འབད་བརྩོན་ཆེ་བ་གནང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།

སླར་ཡང་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ཏོག་དབྱིབས་ནད་རྟགས་ཡོད་པའི་མི་དྲུག་ཐོན་འདུག

བདུན་ཕྲག་འདིའི་འགོ་སྟོད་དུ་ལ་དྭགས་བསོད་ནམས་གླིང་གཞིས་ཁོངས་སུ་ཏོག་དབྱིབས་ནད་རྟགས་ཐོན་པའི་མི་གསུམ་བྱུང་ཡང་གཞིས་མི་རང་ལོ་ ༦༨ ལ་སོན་པའི་སྐྱེས་པ་གཅིག་དང་། ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་དམིགས་བསལ་སློབ་གྲྭའི་ནང་དུ་ཡོད་པའི་རང་ལོ་བཅུ་ཅན་གྱི་ཡུལ་མིའི་སློབ་ཕྲུག་བཅས་ལ་ཁ་སང་སླར་ཡང་བརྟག་དཔྱད་གནང་སྐབས་ཏོག་དབྱིབས་ནད་རྟགས་མེད་པར་ར་སྤྲོད་བྱུང་ནས་རང་ཁྱིམ་དུ་ཕྱིར་སློག་གནང་འདུག་ནའང་། ཁ་སང་གི་བར་དུ་ལ་བྱང་གཉིས་ཀྱི་བསོད་ནམས་གླིང་གཞིས་མིའི་ཁོངས་ནས་སླར་ཡང་ཏོག་དབྱིབས་ནད་རྟགས་ཐོན་པ་མི་དྲུག་བྱུང་འདུག དེ་ཡང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་རྟགས་ཐོན་པའི་མི་དྲུག་པོ་ནི་ལ་དྭགས་གླེ་བསོད་ནམས་གླིང་གཞིས་གྲོང་གི་ཁྱབ་ཁོངས་ནས་མི་ལྔ་དང་བྱང་ཐང་གི་ས་ཁག་གཅིག་ནས་མི་གཅིག་བཅས་ཡིན་འདུག་པ་མ་ཟད། ཁོང་རྣམ་པ་ཉེ་ལམ་རྒྱ་གར་གྱི་མངའ་སྡེ་གཞན་ནས་འབྱོར་བ་ཞིག་ཡིན་འདུག་ལ་ནད་རྟགས་མ་ཐོན་གྱི་བར་དུ་རང་ཁྱིམ་དུ་ཟུར་འཇོག་གནང་འདུག་པ་དང་། ཁ་སང་ནད་རྟགས་ཐོན་ནས་མི་གཉིས་ས་གནས་གཞུང་གི་འགོག་དབྱེ་ཟུར་འཇོག་ཁང་སྟེ། Sindhu Hotel ནང་ཟུར་འཇོག་དང་ནད་རྟངགས་ཐོན་པའི་བོད་རིགས་གཞན་རྣམས་རང་ཁྱིམ་དུ་ཟུར་འཇོག་དང་སྨན་བཅོས་གནང་མུས་ཡིན་པ་རེད་འདུག རྩ་བའི་ཁ་སང་ལ་དྭགས་ཡོངས་ཀྱི་ནང་དུ་ཏོག་དབྱིབས་ནད་རྟགས་ཐོན་པའི་མི་ ༡༠༤ གསར་དུ་བྱུང་ནས་ལ་དྭགས་ཀྱི་ས་གནས་དེ་བཞིན་དམར་རྟགས་ཅན་གྱི་ས་གནས་སུ་གྱུར་འདུག་པ་མ་ཟད། སང་ཉིན་ནས་ཕྱི་ལ་འགྲུལ་བསྐྱོད་བྱ་རྒྱུ་གཙོས་རླངས་འཁོར་འགྲུལ་བསྐྱོད་ལ་བཀག་སྡོམ་ནན་པོ་གནང་རྒྱུ་ཡིན་འདུག་པ་མ་ཟད། ཟ་ཁང་དང་ཚོང་ཁང་སོགས་ཀྱང་དོ་དམ་ནན་པོ་གནང་རྒྱུ་ཡིན་འདུག འདི་ག་རླུང་འཕྲིན་ཁང་ནས་གནད་དོན་འདི་དང་འབྲེལ་ནས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་ཡོད། རྩ་བའི་བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ COVID19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༡༡ པའི་ནང་དུ་གསོ་རིག་སྨན་པ་མཚམས་གཅོད་ལགས་ཀྱིས་བདུན་ཕྲག་སྔོན་མའི་ནང་བོད་རིགས་ལྔ་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་པ་གསལ་བསྒྲགས་གནང་ཡོད་ཀྱང། ལ་དྭགས་བསོད་ནམས་གླིང་ནས་ཏོག་དབྱིབས་ནད་རྟགས་ཐོན་པའི་བོད་མི་གཅིག་ལ་ནད་རྟགས་མེད་པའི་ར་སྤྲོད་བྱུང་ནས་རང་ཁྱིམ་དུ་ཕྱིར་སློག་གནང་ཡོད་པ་མ་ཟད། ཁོང་དང་ལྷན་དུ་ནད་རྟགས་ཐོན་པའི་སློབ་གྲྭའི་མ་བྱན་དང་བྱང་ཐང་ས་སྨད་ནས་ཡིན་པའི་སློབ་ཕྲུག་བཅས་ཀྱི་ནད་རྟགས་ཁ་སང་སླར་ཡང་བརྟག་དཔྱད་གནང་ཡང་སྐབས་དེར་རྟགས་དཔྱད་བྱ་རྒྱུའི་འཕྲུལ་ཆས་འཕྲོ་བརླག་སོང་བས་ནད་རྟགས་གྲུབ་འབྲས་ལག་སོན་བྱུང་མེད་སྟབས། དེ་རིང་དགོང་མོའི་བར་དུ་གྲུབ་འབྲས་ཐོན་རྒྱུའི་རེ་བ་གནང་བཞིན་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་ནས་བཙན་བྱོལ་བོད་མི་གནས་སྡོད་བྱེད་ས་བལ་ཡུལ་དང་འབྲུག་ཡུལ་ནས་ནད་རྟགས་ཐོན་པའི་གནད་དོན་བྱུང་མེད་པ་མ་ཟད། ཕྱི་རྒྱ་ཡུལ་གྲུ་ཁག་ཏུའང་སྐུ་ཚབ་དོན་གཅོད་བརྒྱུད་དེ་བདུན་ཕྲག་སྔོན་མའི་ནང་ནད་་རྟགས་ཐོན་པའི་བོད་རིགས་ཤིག་བྱུང་མེད་སྐོར་གསུངས་ཡོད།  

ལ་དྭགས་དྷརྨ་ས་ལའི་བོད་པའི་ཁྲོམ་ར་ཟླ་བ་གཉིས་ལྷག་གི་རྗེས་སླར་ཡང་སྒོ་ཕྱེས་འདུག

ས་གནས་ཀྱི་རྒྱ་གར་བ་ཚོས་ Monastery Market ཟེར་བའི་རྒྱ་གར་རྒྱལ་ས་ལྡི་ལིའི་ལ་དྭགས་དྷརྨ་ས་ལ་ཁུལ་དུ་ཡོད་པའི་བོད་པའི་ཁྲོམ་ར་ཆེ་ཤོས་དེ་ཁ་སང་ནས་སྒོ་ཕྱེ་ཡོད་པ་རེད། ཁྲོམ་ར་དེའི་ནང་རྒྱ་གར་བ་འགའ་ཤས་ཤིག་མ་གཏོགས་དེ་མིན་ཚང་མ་བོད་རིགས་ཤ་སྟག་ཡིན་པ་དང་།  བོད་མི་ཚོས་ཁྲོམ་ར་དེར་བུ་དྷ་བི་ཧར་གྱི་ཁྲོམ་ར་ཞེས་བརྗོད་ཀྱི་ཡོད་པ་རེད། ཁྲོམ་ར་དེའི་ནང་ཁྱོན་ཚོང་ཁང་ ༣༠༠ ཙམ་ཞིག་ཡོད་པ་དང་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་མི་འདྲ་བར་བུ་དྷ་བི་ཧར་གི་ཚོང་ཁང་དེ་དག་ནམ་དུས་ལ་གཞིགས་པའི་ས་གནས་ཀྱི་རྒྱ་གར་ཡུལ་མི་ཚོའི་དགོས་མཁོ་ལྟར་གྱོན་གོས་རིགས་འདྲ་མིན་ཚོང་གི་ཡོད་པ་རེད། འོན་ཀྱང་ཁ་སྔོན་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ནས་རྒྱ་གར་ནང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉེན་རིམས་དེ་ཁྱབ་བརྡལ་འགྲོ་བ་ནས་ཟུང་བུ་དྷ་བི་ཧར་གྱི་བོད་མིའི་ཁྲོམ་ར་དེ་ཡང་སྤྱི་མཚུངས་སུ་སྒོ་རྒྱག་དགོས་འཁེལ་ཡོད་པ་དང་། ས་གནས་ཀྱི་ཚོང་པ་ཚོས་བརྗོད་དོན་ལ་ཁ་སང་བར་ཟླ་བ་གཉིས་ལྷག་ཚོང་ཁང་སྒོ་རྒྱག་དགོས་འཁེལ་བས་ཚོང་པ་ཚོར་གྱོང་གུད་ཆེན་པོ་ཕོག་ཡོད་པ་དང་ད་ལྟའི་དུས་ཚོད་དེར་དགུན་ཚོང་ལྟ་བུའི་ཚོང་མེད་ཀྱང་རྒྱ་གར་གྱི་དུས་ཆེན་ཆེ་ཁག་སྐབས་ཚོང་ཡག་པོ་ཡོད་སྟབས་། ད་རེས་བཀའ་རྒྱ་བསྡམ་པའི་དུས་ཚོད་འདིར་ཁ་ཆེའི་ཨིད་དུས་ཆེན་འཁེལ་ཡོད་ཀྱང་སྔར་རྒྱུན་བཞིན་ཚོང་ཕོག་གི་མེད་པར་བརྟེན་ཚོང་པ་ཚོར་གོང་གུད་ཆེན་པོ་ཕོག་ཡོད་འདུག གཞི་རྩའི་བུ་དྷ་བི་ཧར་ཁྲོམ་ར་ཚོགས་པའི་ངོས་ནས་ཚོང་པ་ཚོར་ཁ་སང་ནས་ཚོང་ཁང་སྒོ་ཕྱེ་ཆོག་པའི་གསལ་བསྒྲགས་གནང་ཡོད་ཀྱང་ཁ་སང་དངོས་སུ་ཚོང་ཁང་འགའ་ཤས་མ་གཏོགས་སྒོ་ཕྱེ་མི་འདུག ཁྲོམ་འདོན་ཚོགས་པའི་ངོས་ནས་རིམ་པས་ཉིན་རེ་བཞིན་ཚོང་ཁང་མང་བ་སྒོ་ཕྱེ་རྒྱུའི་རེ་བ་བྱེད་བཞིན་པ་མ་ཟད་རྒྱ་ནག་གི་ནད་ཡམས་སྔོན་འགོག་ཆེད་དུ་ཁྲོམ་རའི་རྒྱལ་སྒོ་ལ་ Sanitizing Tunnel དུག་སེལ་ཕུག་ལམ་ཞིག་ཆེད་འཛུགས་གནང་རྒྱུ་དང་།   ལྷག་པར་སྔ་དགོང་སོ་སོར་ཚོང་ཁང་དང་ཁྲོམ་ར་ཆ་ཚང་དུག་སེལ་གནང་རྒྱུ་མ་ཟད། ཁང་སོ་སོར་དུག་སེལ་རྫས་ཆུ་དང་ལག་ཤུབས། ཁ་རས་སོགས་གཞི་རྩའི་བྱེད་སྒོ་ཁག་འཐུས་ཚང་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

Latest news