Tibetan Royal Year of 2151 | Year of the Wood Dragon

ཉི་ཧོང་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྔ་སྣུར་གྱིས་སྲུང་བརྩི།

Tibetan News Headlines

  • Sikyong dismisses China’s remarks on Tibet talks as ‘nothing new’, calls MWA only solution to Tibet problem
  • Sikyong begins Europe visit with public talk in Switzerland, to meet MPs today
  • UK MP detained and deported by China-allied nation for his outspoken advocacy on Tibetans, Uighurs, and Hong Kongers
  • Talks with China going on smoothly, India will never bow down: Rajnath Singh
  • 9th working committee meeting of NDPT concludes with a new mid term President

རེས་གཟའ་ཟླ་བ། ༢༠༢༤།༠༤།༢༩

  • བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གསུངས་སོང་།
  • སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཞིག་ནས་ཕྱིར་འབུད།
  • རྒྱལ་སྲུང་བློན་ཆེན་ Rajnath Singh མཆོག་གིས་རྒྱ་གར་གྱི་རྒྱ་ནག་ལ་ནམ་ཡང་མགོ་དགུར་གྱི་མ་རེད་གསུངས་འདུག
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་འབྲེལ་བར་བརྒལ་ཚོགས་གཙོ་འོས་འདེམས་གནང་འདུག

ཟླ་བ་འདིའི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ Tokyo ལ་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གཞུང་གིས་དྲག་གནོན་བྱས་མྱོང་ཡོད་པའི་མི་རིགས་ཁག་ཅིག་གི་གཞུང་འབྲེལ་མིན་པའི་ཚོགས་པ་སྟེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ལྷོ་སོག ཡུ་གུར་བ། ཧོང་ཀོང་། དེ་བཞིན་ཐེ་ཝན་ཚོགས་པ་བཅས་ཟུང་འབྲེལ་གྱིས་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ཁག་ལ་འགོག་རྒོལ་གྱི་ལས་འགུལ་སྤེལ་བའི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྔ་སྣུར་གྱིས་སྲུང་བརྩི་ཞུས་འདུགཚོགས་པ་དེ་དག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་ཁག་ལ་མི་འདོད་པའི་རྔམ་སྟོན་གནང་བའི་ཆེད་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གོ་སྒྲིག་གནང་དོན་ལྟར་ལས་འགུལ་བ་ལྷན་ཚོགས་ཐོག་ཏུ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲོ་བ་ཀུན་འདྲ་མཉམ་གྱི་རང་དབང་དང་ཐོབ་ཐང་ཡོད་པའི་འབྲུ་དོན་ཁག་ངོས་ལེན་གྱི་མིང་རྟགས་བཀོད་ཡོད་པ་དེ་ལྟར་ཡང་། དོན་དངོས་ཐོག་ལ་རྒྱ་གཞུང་གིས་བོད་དང་ལྷོ་སོག ཡུ་གུར་བ། ཧོང་ཀོང་། དེ་བཞིན་ཐེ་ཝན་བཅས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབྷ་ཏང་ཁག་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་སྐོར་མངོན་གསལ་གནང་བ་དང་སྦྲགས། ལྷག་དོན་རྒྱ་ནག་གཞུང་གིས་དུས་རྟག་ཏུ་བོད་ནང་ལ་ཡར་རྒྱས་དང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་སྐོར་དང་བོད་དེ་ལྷ་ཡུལ་ལྟ་བུ་ཡོད་པར་འཁྱོག་བཤད་དྲིལ་བསྒྲགས་བྱས་པ་ཙམ་ལས་རྒྱལ་ཚོགས་ཀྱི་ཁྱད་ལས་མི་སྣའི་སྐུ་ཚབ་དང་ཕྱིའི་ཆབ་སྲིད་མི་སྣ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། དེ་བཞིན་གསར་འགོད་པ་སོགས་བསྐྱོད་པར་བཀག་སྡོམ་བྱེད་བཞིན་ཡོད་པ་སོགས་གསུངས་འདུགདེ་བཞིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ད་རེས་ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གནོན་དང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཁག་ལ་ངོ་རྒོལ་གནང་བ་ལས་རྒྱ་ནག་རང་དང་རྒྱ་ནག་མི་མང་དཀྱུས་མ་ཚོ། དེ་བཞིན་རྒྱ་ནག་གི་ཆེས་ཕྱུག་པའི་ལེགས་བྱང་དང་ལོ་རྒྱུས་དག་ལ་དེ་ལྟར་ངོ་རྒོལ་གནང་གི་མེད་ཅེས་གསུངས་འདུག ལྷག་པར་དུ་ཁོང་གིས་རྒྱ་ནག་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཙན་འཛུལ་གྱི་བྱ་སྤྱོད་མཚམས་འཇོག་དང་ཞི་བདེའི་ཐོག་ནས་རྒྱལ་ཁབ་དེ་དག་དང་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ནན་པོ་གནང་འདུག་པ་དང་ཆབས་ཅིག བོད་མི་དང་སོག་པོ། ཧོང་ཀོང་བ། ཡུལ་གུར་བ། དེ་བཞིན་ཐེ་ཝན་མང་ཚོགས་ཚོས་ཆིག་སྒྲིལ་ངང་ནས་རང་དབང་དང་དྲང་བདེན་བསྐྱར་གསོ་སླད་དུ་མདུན་བསྐྱོད་གནང་དགོས་གལ་ཡིན་པའི་གཞེན་སྐུལ་གནང་ཡོད་པ་རེད།ཉི་ཧོང་ནང་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཀྱང་བོད་མི་དང་སོག་པོ། ཧོང་ཀོང་བ། ཡུལ་གུར་བ། དེ་བཞིན་ཐེ་ཝན་མི་མང་རྣམས་རྒྱ་ནག་གི་དྲག་པོའི་སྲིད་བྱུས་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད་པ་དང་། ཚོགས་པ་དེ་དག་ཆིག་སྒྲིལ་ངང་ནས་ནུས་པ་མཉམ་སྤུངས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་རང་དབང་དང་མཚན་གནས་སླར་གསོ་གནང་དགོས་གནད་ཡིན་སྐོར་གསུངས་འདུག་ལྷོ་སོག་སྐུ་ཚབ་. Olhund Daichin ལགས་ཀྱིས་རྒྱ་ནག་གཞུང་གིས་ནང་སོག་གམ་ལྷོ་སོག་ནང་གི་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་དེ་གའི་སློབ་གྲྭ་ཁག་གི་སློབ་ཚན་དང་སློབ་ཁྲིད་ཡོངས་རྫོགས་སོག་པོའི་སྐད་ཡིག་ཚབ་ཏུ་རྒྱ་སྐད་ཐོག་སློབ་ཁྲིད་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པའི་གནད་དོོན་དང་འབྲེལ་ཏེ་རྒྱ་གཞུང་གིས་ལྷོ་སོག་དེ་བཞིན་རྒྱ་ནག་གི་ལྟ་སྤྱོད་ཁྲིད་ཡུལ་ཟུར་བཀག་ཞིག་ཏུ་བཟོས་ཡོད་པ་གསུངས་འདུག ཉི་ཧོང་ཡུ་གུར་ཚོགས་པའི་ཚོགས་གཙོ་ Uda Kerimu ལགས་ཀྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་ནག་དམར་ཤོག་ཚོགས་པས་བཙན་དབང་གིས་ཡུ་གུར་བ་ས་ཡ་མང་པོ་ཟུར་དུ་བཙོན་བསྐྱིལ་དང་དེ་དག་གི་ལྟ་སྤྱོད་སྒྱུར་ཐབས་ཀྱི་བྱ་འགུལ་སྤེལ་ཁག་སྙན་སེང་ཞུས་ཡོད་པ་རེད།གཞི་རྩའི་བོད་མི་གཙོས་པའི་ལས་འགུལ་བ་ ༡༥༠ ལྷག་ཡོད་པ་ཡོངས་ཀྱིས་ཕྱག་ཏུ་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་དར་དང་འཕྲེད་དར་བསྣམས་པ་མ་ཟད། དེ་བཞིན་འབོད་ཚིག་སྒྲོག་བཞིན་ཉི་ཧོང་གི་གྲོང་ཁྱེར་གྲགས་ཅན་ Asakusa བརྒྱུད་ནས་རྒྱ་ནག་དམར་ཤོག་ཚོགས་པས་འཕྲལ་མར་བོད་དང་ནང་སོག ཤར་ཏུ་ཀི་ཐན། ཧོང་ཀོང་བཅས་ཀྱི་ནང་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་བཅས་བསྐྱར་གསོ་བྱེད་དགོས་ཞེས་ཞི་རྒོལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།