Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གི་དགོངས་གཞི་དང་འབྲེལ་བའི་རིག་ཚན་ཞིག་གསར་འཛུགས་གནང་འཆར།

རྒྱ་གར་གྱི་དཀྱིལ་ཤར་མངའ་སྡེའི་ Maharashtra ནང་གི་འཕྲུལ་རིགས་གཙུག་ལག་སློབ་གྲྭ། MIT World Peace University ་ཞེས་པའི་ནང་དུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་དང་འབྲེལ་བའི་རིག་ཚན་ཞིག་གསར་འཛུཊ་གནང་སྟེ་དཔལ་ནཱ་ལེནྡྲའི་རིག་གཞུང་དང་༧གོང་ས་མཆོག་གི་བཀའ་དགོངས་སོགས་ཀྱི་སྐོར་ལ་སློབ་གཉེར་གནང་རྒྱུ་རེད་འདུག

ནད་ཡམས་ཡལ་མཚམས་སུ་དུས་རྒྱུན་ལྟར་ཆོས་འབྲེལ་སྩོལ་རྒྱུ་ཡིན་སྐོར་བཀའ་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སང་ཐེ་ཝན་དད་ལྡན་མང་ཚོགས་རྣམས་ལ་དྲ་ཐོག་ཉིན་གྲངས་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ་མཛད་པ་དང་འབྲེལ། རིང་མིན་ལོ་གསར་པའི་ནང་དུ་ནད་ཡམས་ཀྱི་དཀའ་ངལ་འཇམ་པ་རྗེས་སུ། ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུས་རྒྱུན་ལྟར་ཆོས་འབྲེལ་མཛད་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པར་བཀའ་སྩལ་འདུག

དུད་འགྲོ་རྣམས་ནི་འཛམ་གླིང་འདིའི་རྒྱན་ཡིན།

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་མོ་དེ་ནི་འཛམ་གླིང་དུད་འགྲོའི་ཉིན་མོ་ཡིན་པ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུད་འགྲོ་ནི་གོ་ལ་འདིའི་རྒྱན་ལྟ་བུ་ཞིག་ཡིན་པ་དང་། ང་ཚོས་གང་ཐུབ་ཀྱི་དཀར་ཟས་ལ་བརྟེན་ནས་དུད་འགྲོར་གཅེས་སྐྱོང་བྱེད་དགོས་པ་གསུང་འདུག

རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྤྱི་མཐུན་དེ་ལ་བསམས་ནས་སྤྱི་མཐུན་ཡག་པོ་ཞིག་ཆགས་ཐབས་ལ་འབད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་བཞུགས་སྒར་༸རྒྱལ་བའི་གཟིམ་ཁང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཐེ་ཝན་གྱི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་དང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་གཉིས་ཀྱི་བཀའ་ཆོས་དབུ་འཛུགས་གནང་བ་དང་འབྲེལ། ཆོས་འགྲེལ་དངོས་གཞི་དབུ་འཛུགས་མ་གནང་གོང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྤྱི་མཐུན་གྱི་ནང་དུ་བོད་རིགས་གཙོས་སོག་པོ་དང་ཤིང་ཅང། དེ་བཞིན་མན་ཇུ་སོགས་ཀྱིས་སྤྱི་མཐུན་ལ་བསམས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་རིག་གཞུང་སླར་གསོ་གནང་རྒྱུ་གཙོས་ནང་པ་སངས་རྒྱས་པའི་ལྟ་གྲུབ་བརྒྱུད་སྤེལ་གནང་སྟེ་སྤྱི་མཐུན་དེ་ཡག་པོ་ཆགས་ཐབས་ལ་འབད་དགོས་སྐོར་བཀའ་བསྩལ་སོང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བར་སྐབས་ཤིག་ནས་ཐེ་ཝན་དང་རྒྱ་ནག་དབར་འབྲེལ་ལམ་ཆེ་རུ་འགྲོ་བཞིན་པ་དང་། ཐེ་ཝན་མི་མང་གིས་ངོས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་ནང་ཆོས་བརྒྱུད་སྤེལ་གནང་རྒྱུ་དང་འབྲེལ་ནས་མགོན་པོ་༸གང་ཉིད་མཆོག་གིས་ད་བར་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་ཐམས་ཅད་དང་ལྷན་དུ་མ་འོངས་པར་རྒྱ་ནག་ལ་ཚོགས་འདུ་འཚོགས་རྒྱུའི་ཐུགས་རེ་གནང་བཞིན་ཡོད་པ་བཀའ་གནང་བ་དང་སྦྲགས། མགོན་པོ་མཆོག་གིས་ཆབ་སྲིད་དང་འབྲེལ་ནས་དུས་ནམ་ཡང་རང་བཙན་རྩོད་གནང་མཛད་ཀྱི་མེད་པ་བཀའ་བསྩལ་བ་དང་འབྲེལ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྤྱི་མཐུན་གྱི་ནང་དུ་བོད་རིགས་གཙོས་སོག་པོ་དང་ཤིང་ཅང། དེ་བཞིན་མན་ཇུ་སོགས་ཀྱིས་སྤྱི་མཐུན་ལ་བསམ་ཚེ་ཕན་ཐོགས་ཆེ་བར་གཟིགས་གནང་མཛད་ཀྱི་ཡོད་པ་མ་ཟད། ཐེ་ཝན་ལྟ་བུ་བར་སྐབས་ཤིག་ནས་རྒྱ་ནག་སྐམ་ས་དང་འབྲེལ་བ་ཤུགས་ཆེར་བྱུང་བཞིན་ཡོད་སྟབས། ཐེ་ཝན་རྒྱལ་ཁབ་གཅིག་པོར་བསམ་རྒྱུ་ཙམ་མིན་པར་རྒྱ་ནག་རྒྱལ་ཁབ་ཀྱི་རིག་གཞུང་སླར་གསོ་གནང་རྒྱུ་གཙོས་ནང་པ་སངས་རྒྱས་པའི་ལྟ་གྲུབ་བརྒྱུད་སྤེལ་གནང་སྟེ་སྤྱི་མཐུན་དེ་ཡག་པོ་ཆགས་ཐབས་ལ་འབད་དགོས་པ་བཀའ་བསྩལ་སོང་། ད་དུང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིག་པའི་ལམ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གཏན་ལ་དབབ་རྒྱུ་ཡོད་པའི་ནཱ་ལེནྡཱའི་ཆོས་བརྒྱུད་ལ་ནང་པ་ཙམ་མ་ཟད་ཚན་རིག་པ་ཚོས་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་སྐོར་བཀའ་གནང་བ་དང་འབྲེལ། ཐེ་ཝན་གྱི་ཆོས་གྲོགས་གཙོས་རྒྱ་རིགས་ནང་པ་རྣམས་སྤྱིར་ནང་པའི་ཆོས་བྱེད་མཁན་ཞིག་དང་། ཡང་སྒོས་ནཱ་ལེནྡཱའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པ་དང་། དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ཆོས་བརྒྱུད་འཛིན་མཁན་མང་དག་ཅིག་གིས་རང་གི་ཆོས་ལ་དོ་སྣང་བྱ་རྒྱུ་ཆུང་དུ་འགྲོ་བཞིན་ཡོད་རུང། ནང་པའི་ཡུལ་གྲུ་ཁག་ཏུ་ནང་པའི་ཆོས་ལ་སློབ་གཉེར་དང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་རྒྱ་རིགས་ནང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། སླད་མར་རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་དེ་ཤེས་ཡོན་གྱི་སྡེ་ཚན་ནང་འཇོག་ཐབས་ལ་འབད་དགོས་པ་བཀའ་བསྩལ་སོང་། གཞན་ཡང་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་ལྟ་བུ་ལོ་ངོ་སྟོང་ཕྲག་གསུམ་གྱི་གོང་ན་སྤྱོད་པ་འཚེ་བ་མེད་པ་དང་། དེའི་རྩ་བ་སྙིང་རྗེའི་བློ་དེ་དར་ཟིན་པ་ཞིག་ཡིན་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ལོ་ངོ་ ༢༥༠༠ གོང་རྒྱ་གར་ལ་བྱོན་ནས་སྤྱོད་པ་འཚེ་བ་མེད་པ་དང་སྙིང་རྗེའི་བློ་ཞེས་པ་དེ་རྩ་བར་བཞག་ནས་ལྟ་གྲུབ་ཀྱི་རྒྱབ་རྟེན་ཞིབ་ཚགས་གསུངས་ཡོད་པ་ངོ་སྤྲོད་གནང་བ་དང་འབྲེལ། སངས་རྒྱས་པའི་ཆོས་དེ་དམིགས་བསལ་བ་ཞིག་དང་། ལྷག་པར་དུ་ལེགས་སྦྱར་པའི་ཆོས་བརྒྱུད་དེ་རིགས་པའི་ལམ་ནས་དཔྱད་རྒྱུ་ཡོད་པའི་ཆོས་བརྒྱུད་ཅིག་ཡིན་པ་བཀའ་བསྩལ་སོང་། རྩ་བའི་ཉིན་གྲངས་གསུམ་གྱི་རིང་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་མཛད་རྒྱུའི་དྲང་ངེས་ལེགས་བཤད་སྙིང་པོ་དང་དབུ་མ་འཇུག་པའི་བཀའ་ཆོས་འདི་བཞིན་ཨིན་ཇི། རྒྱ་གར། བལ་ཡུལ། རྒྱ་ནག། ཧྥ་རན་སི། ར་ཤི་ཡ། སི་པེན། ཝེ་ཏི་ནམ། ཉི་ཧོང་། སོག་པོ། ཀོ་རི་ཡ། འཇར་མན། པོར་ཇུ་གྷལ། ཨི་ཊ་ལི་བཅས་ཀྱི་སྐད་རིགས་ནང་གསུང་སྒྱུར་གནང་གི་ཡོད་པ་རེད།

འཛམ་གླིང་འདི་བདེ་སྐྱིད་དང་ཞི་བདེ་ཅན་ཞིག་ཡོང་ཐབས་སུ་བྱམས་བརྩེ་དགོས་གལ།

དེ་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་ལེ་ཤི་ཡའི་ཁ་ཆེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་ Datuk Dr. Osman Bakar ལགས་དང་ལྷན་དུ་ནང་ཆོས་དང་ཁ་ཆེ་གཉིས་ཀྱི་དབར་ཐུན་གྱི་མོང་གི་རིན་ཐང་བྱམས་བརྩེ་དང་སྙིང་རྗེའི་ཐད་བཀའ་མོལ་གནང་བ་དང་སྦྲགས།  སྐབས་དེར་༸གོང་ས་མཆོག་གིས་དེང་རབས་ཀྱི་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་དང་ཞི་བདེ་ཅན་ཞིག་ཡོང་ཐབས་སུ་བྱམས་བརྩེ་ནི་ངེས་པར་དུ་དགོས་ངེས་ཤིག་ཡིན་པ་བཀའ་སྩལ་སོང་།

རྐང་པ་དྲག་སྐྱེད་བྱུང་མཚམས་སུ་མུ་མཐུད་གོམ་བགྲོད་ལ་ཞུགས་རྒྱུ་ཡིན།

བདུན་ཕྲག་སྔོམ་མའི་རེས་གཟའ་ལྷག་པའི་ཉིན་མོ་དང་བསྟུན་མ་ན་ལིའི་ཁུལ་གྱི་བོད་མི་གསུམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་དུ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་ཀྱིས་ཉིན་རེ་སྤྱི་ལེ་༣༠ ནས་༤༠ བར་གོམ་བགྲོད་གནང་བཞིན་པ་དང་། གོམ་བགྲོད་ཁྲོད་ཀྱི་དགུང་ལོ་ ༦༥ སོན་པའི་པ་ཆུང་བདག་ལགས་ཀྱི་རྐང་པར་ཆུ་བར་ཐོན་པའི་རྐྱེན་གྱིས་གནས་སྐབས་སུ་གོམ་བགྲོད་ལ་ཞུགས་མ་ཐུབ་པར་སྨན་བཅོས་གནང་བཞིན་ཡོད་པ་རེད་འདུག འདི་གའི་གསར་འགོད་པས་ཁ་པར་གྱི་ལམ་ནས་པ་ཆུང་བདག་ལགས་སུ་དེར་འབྲེལ་གྱི་བཀའ་འདྲི་གནང་བར་ཁོང་གིས་ལྷམ་བདེ་མིན་གྱི་རྐྱེན་གྱིས་རྐང་བར་ཆུ་བུར་ཐོན་ནས་གནས་སྐབས་སུ་གོམ་བགྲོད་བྱེད་མ་ཐུབ་པར་སྨན་བཅོས་བྱེད་བཞིན་ཡོད་ནའང་། རྐང་པ་དྲག་སྐྱེད་བྱུང་མཚམས་སུ་མུ་མཐུད་དུ་སྔར་ལྟར་གོམས་བགྲོད་ལ་ཞུགས་རྒྱུ་ཡིན་སྐོར་གསུངས་སོང་།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤྱི་རིམ་གསལ་བསྒྲགས་ཤིག་གནང་འདུག

དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸སྐུ་སྒེར་བོད་ཡིག་དྲྭ་རྒྱའི་ཐོག་སྐྱེ་འགྲོའི་སྤྱི་མཐུན་ལས་ཀྱིས་སྨིན་པའི་འཛམ་གླིང་འདིའི་ནད་ཡམས་འཁྲུག་རྩོད་ཞི་བ་དང་སྐྱེ་འགྲོའི་བསོད་ནམས་གསོག་ཕྱིར་བླ་ལྷའི་ཐུགས་དམ་དགོངས་དོན་བཞིན་གཟུངས་སྔགས་ཁག་ཅིག་གསོག་སྒྲུབ་གནང་དགོས་གལ་ཡིན་པའི་གསལ་བསྒྲགས་ཤིག་གནང་འདུགསྤྱི་རིམ་གསལ་བསྒྲགས་གནང་བ་དེའི་ནང་དུ་དེང་གི་ཆར་ཡང་སྐྱེ་འགྲོའི་སྤྱི་མཐུན་ལས་ཀྱིས་སྨིན་པའི་འཛམ་གླིང་འདིའི་ནད་ཡམས་འཁྲུག་རྩོད་ཞི་བ་དང་སྐྱེ་འགྲོའི་བསོད་ནམས་གསོག་ཕྱིར། བླ་ལྷའི་ཐུགས་དམ་དགོངས་དོན། མང་ཚོགས་སྤྱི་བྱིངས་ནས་རྒྱུན་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཡིག་དྲུག་དང། ཏཱ་རེའི་བསྟོད་པ། འཕགས་མ་སྒྲོལ་མའི་གཟུངས་སྔགས། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ་རྒྱུན་བསྲིངས་བསྒྲུབ་དགོས་ཕེབས་བྱུང་ན། གཟུངས་སྔགས་ཁག་མང་ཚོགས་རང་རང་སོ་སོ་ནས་དང། དེ་བཞིན་གཞན་དགོན་སྡེ་ཁག་ནས་རང་དོན་རང་གཅེས་ཀྱིས་བསྒྲུབ་གལ་ཆེ་བའི་འབོད་སྐུལ་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ ལ་ཞེས་ཡོངས་ཁྱབ་གནང་འདུག

བོད་མི་གསུམ་གྱིས་མ་ན་ལི་ནས་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས།

དེ་རིང་རེས་གཟའ་ལྷག་པ་ལྷག་དཀར་གྱི་ཉིན་མོ་དང་བསྟུན་བོད་མི་རྒན་གཞོན་གསུམ་གྱིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་མ་ན་ལི་ནས་རྒྱལ་ས་ལྡི་ལི་བར་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག

བཞུགས་སྒར་དུ་མང་ཚོགས་ཀྱིས་རྐང་འཁོར་སྤྱོད་ཤུགས་ཆེ་རུ་གཏོང་རྒྱུའི་དྲིལ་བསྒྲགས།

དེ་རིང་སྔ་དྲོ། བཞུགས་སྒར་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་རུ། བཞུགས་སྒར་རྡ་སའི་ཁུལ་གྱི་ས་གནས་གྲས་ཚོགས་ཀྱི་འཐུས་མི་སྐུ་ཞབས། Vishal Nehria ལགས་དང་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པ་སྐུ་ཞབས།  Devendra Jaggi ལགས་གཉིས་ཀྱིས་དབུ་ཁྲིད་པའི་ཐོག བཞུགས་སྒར་ཁུལ་གྱི་རྒྱ་གར་གྱི་ཡུལ་མི་དང་བོད་མི་གཉིས་ཐུན་མོང་གི་ཐོག་ནས།   དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ནང་དུ་རྐང་འཁོར་བེད་སྤྱོད་གཏོང་ཤུགས་ཆེ་རུ་བཏང་སྟེ། མི་མང་གི་འཕྲོད་བསྟེན་དང་མཁའ་དབུགས་ཇེ་གཙང་དུ་གཏོང་རྒྱུ་གལ་ཆེན་ཡིན་པའི་ལས་གཞི་ཞིག་དབུ་འཛུགས་གནང་སོང་།དེ་རིང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་གཞི་དེའི་ཐོག  བཞུགས་སྒར་རྡ་སའི་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པ།  སྐུ་ཞབས་ Mayor Devendra Jaggi ལགས་ཀྱི་གཙོ་བྱས་པའི་རྡ་སའི་ས་གནས་གྲོས་ཚོགས་འཐུས་མི། དེ་བཞིན་རྡ་ས་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞིའི་གཙོ་འཛིན། སྐུ་ཞབས་ Pradeep Thakur དང་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སོགས་ཀྱི་མཚོན་པའི་མི་མང་དང་ལྷན་དུ།  འཕགས་བོད་གཉིས་ཀྱི་རྐང་འཁོར་སྐོར་སྐྱོད་པ་ལྔ་བཅུ་ལྷག་འདུ་འཛོམས་གནང་སྟེ། ཁོང་རྣམས་ནས་ཀྱིས་ལས་གཞི་དེའི་ཁྲོད་མེག་གྷན་ཁྲོམ་གཞུང་གི་བཞི་མདོ་ནས་རྡ་སྟེང་བོད་ཁྱིམ་ཉེ་འཁྲིས་ཀྱི་བཟོ་གྲྭ་བར་སྐོར་བསྐྱོད་གནང་ཡོད་པ་རེད། འདི་གའི་གསར་འགོད་པས་རྡ་ས་དེང་རབས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞིའི་གཙོ་འཛིན། སྐུ་ཞབས་ Pradeep Thakur ལགས་སུ་དེ་རིང་གི་རྐང་འཁོར་སྐྱོད་ཀྱི་ལས་གཞིའི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།  གཞི་རྩའི་རྒྱ་གར་གྱི་( Ministry of housing and urban affairs) ཞེས་པའི་སྡོད་ཁང་དང་གྲོང་ཁྱེར་གྱི་ལས་དོན་བློན་ཆེན་ལས་ཁུངས་ཀྱིས་རེ་སྐུལ་ཞུས་པ་ལྟར། དེང་རབས་ཅན་གྱི་གྲོང་ཁྱེར་ཁག་གི་འགྲིམ་འགུལ་གྱི་རིགས་མང་པོ་ཞིག་སྣུམ་འཁོར་ལ་བརྟེན་མི་དགོས་པར་རྐང་འཁོར་བེད་སྤྱོད་གཏོང་རྒྱུ་བྱུང་ན་མི་མང་གི་འཕྲོད་བསྟེན་དང་གྲོང་ཁྱེར་གྱི་ཁོར་ཡུག་དང་མཁའ་དབུགས་གཙང་མ་ཆགས་རྒྱུར་ཕན་ནུས་ཆེན་པོ་ལྡན་ཡོད་པ་མ་ཟད།  འགྲིམ་འགྲུལ་གྱི་འཚང་ཀ་ཡང་ཇེ་ཉུང་དུ་འགྲོ་རྒྱུར་རེ་བ་ཆེན་པོ་ཡོད་པ་ལྟར།  དེ་རིང་རྐང་འཁོར་སྐོར་སྐྱོད་ཀྱི་དྲིལ་བསྒྲགས་ལས་གཞི་འདི་དབུ་འཛུགས་ཞུས་པ་ཞིག་ཡིན་པར་ངོ་སྤྲོད་གནང་བ་དང་སྦྲགས།་འདི་ལོའི་རྒྱ་ནག་གི་རིམས་ནད་ཁྱབ་བརྡལ་གྱི་རྐྱེན་གྱིས། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དུ་ཡང་འགྲིམ་འགྲུལ་གྱི་རིགས་ཇེ་ཉུང་དུ་སོང་ཡོད་པ་མ་ཟད། འགྲུལ་སྐྱོད་བྱ་དགོས་ངེས་ཁག་མང་པོ་ཞིག་རྐང་འཁོར་ལ་བརྟེན་ནས་འགྲོ་སྐྱོད་བྱེད་བཞིན་ཡོད་དུས།  བཞུགས་སྒར་ཁུལ་ནས་རྡ་སྟེང་བོད་ཁྱིམ་དང་རྡ་ཤོད་ཀྱི་Khanyara གཞུང་ལམ་སོགས་སུ་རྐང་འཁོར་འགྲོ་སྐྱོད་བྱེད་སའི་གཞུང་ཐིག་གསར་བ་ཞིག་བཟོ་སྐྲུན་བྱེད་རྒྱུ་ཡིན་ལུགས་ངོ་སྤྲོད་གནང་སོང་། དེ་བཞིན་འདི་གའི་གསར་འགོད་པས་རྡ་ས་གནས་འཛིན་ལགས་ལགས་སུ་བཞུགས་སྒར་རྡ་ས་དེང་རབས་ཅན་གྱི་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ལས་གཞིའི་ཁོངས་སུ་བདམས་ཐོན་བྱུང་ཡོད་དུས། དམིགས་བསལ་གྱི་འཛུགས་སྐྲུན་ཀྱི་ལས་གཞིི་དེ་འདྲ་ག་རེ་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཞུང་ལམ་གསར་རྒྱག་དང་ཆུ་གློག་འཛུགས་སྐྲུན་སོགས་ཀྱི་ཐད་ནས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དང་། དེ་བཞིན་བཞུགས་སྒར་ཁུལ་གྱི་གད་སྙིགས་གཙང་བཟོ་སོགས་ཀྱི་ལས་འཆར་མང་པོ་ཞིག་ཡོད་ནའང་།  དེ་དག་ག་ལེར་མངོན་འགྱུར་བྱུང་རྒྱུ་ལས་མགྱོགས་པོ་མགྱོགས་པོར་ལག་བསྟར་ཡོང་ཐབས་མེད་སྐོར་ངོ་སྤྲོད་གནང་སོང་། གཞན་ཡང་རྡ་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Vishal Nehria ལགས་སུ་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་གཞིའི་ཁོངས་ནས་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་ཕྱཱ་དང་འབྲེལ་བའི་ཐད་ནས་ལས་གཞི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྩའི་༸གོང་ས་མཆོག་གི་སྐུ་ཕྱྭའི་བདེ་སྲུང་དེ་རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེ་གཞུང་གིས་ལྟ་རྟོག་གནང་གི་ཡོད་པ་ཞིག་ཡིན་སྐོར་ངོ་སྤྲོད་ཀྱིས། དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ལས་གཞིའི་འོག་ཏུ་བཞུགས་སྒར་ཁུལ་གྱི་རླངས་འཁོར་གྱི་འཚང་ཁ་ཇེ་ཉུང་དང་གཏོང་རྒྱུ་དང་། དེ་བཞིན་སྲང་ལམ་ཡོད་ཚད་དུ་ལྟ་རྟོག་གི་བརྙན་མིག་མང་དུ་འཛུགས་རྒྱུ་སོགས་ཀྱི་ལས་གཞི་ཡོད་པར་ངོ་སྤྲོད་གནང་སོང་།གཞི་རྩའི་རྒྱ་གར་གཞུང་གིས། སྤྱི་ལོ་ ༢༠༡༥ ལོར་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ཁག་ནས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེ་ཁག་བརྒྱ་མིང་འདོན་བྱས་པའི་ཁོངས་སུ་བཞུགས་སྒར་རྡ་རམ་ས་ལ་ཡང་ཡང་ཚུལ་ཡོད་པ་ལྟར། དབུས་གཞུང་གིས་འཛུགས་སྐྲུན་གྱི་ལས་གཞིའི་ཆེད་དུ་དངུལ་རྩིས་བྱེ་བ་ ༢༠༠ ལྷག་གི་རོགས་འདེགས་ཞུ་རྒྱུར་གཏན་འབེབས་བྱུང་ཡོད་པ་རེད།  སྔོན་ཆད་བཞུགས་སྒར་གྱི་ཁུལ་འདི་རྒྱ་གར་བྱང་ཕྱོགས་ཀྱི་པཱ་ཧ་རིའི་རིགས་ཀྱི་འབྲོག་པ་རྣམས་ཀྱི་དབྱར་ས་ལྟ་བུ་ལས་འཛུགས་སྐྲུན་གྱི་ལས་གཞི་དེ་ཙམ་མེད་ནའང་། སྤྱི་ལོ ༡༩༦༠ ལོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ་ནས་བཟུང་། ད་ཆ་བཞུགས་སྒར་རྡ་རམ་ས་ལ་ནི་རིག་གནས་སྣ་མང་གི་ལྟེ་བ་དང་ཡུལ་སྐོར་བ་ཁྲི་སྟོང་གི་དམིགས་འདུན་ཁྲོད་ཀྱི་ས་ཚུགས་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད་པ་རེད།

Latest news